དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Thursday, 20 December 2012
༄༅། །གསོལ་འདེབས་བསམ་པ་ལྷུན་གྲུབ་བྱིན་རླབས་ཆར་རྒྱུན་རབ་འབེབས་ཞེས་བྱ་བ་བཞུགས་སོ༔
ཨེ་མ་ཧོ༔
དག་པའི་ཞིང་མཆོག་ལྷོ་ནུབ་དཔལ་རི་ན༔
རྒྱལ་བ་ཀུན་ འདུས་གུ་རུ་པདྨ་འབྱུང༔
ད་ལྟ་དུས་ངན་སྙིགས་མའི་སྐྱེ ་འགྲོ་ལ༔
ཐུགས་རྗེ་གཟིགས་ནས་བདག་ལ་དག ོངས་སུ་གསོལ༔
སྤྱི་གཙུག་ཉི་ཟླ་པདྨའི་གདན་ སྟེང་ན༔
རྩ་བའི་བླ་མ་ཨོ་རྒྱན་རིན་པོ ་ཆེ༔
བཀའ་བརྒྱད་བླ་མ་རྣམས་ཀྱི་འཁ ོར་གྱིས་བསྐོར༔
གསོལ་བ་འདེབས་སོ་ལས་ངན་དག་པ ར་མཛོད༔
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
ཤར་ཕྱོགས་ལྟ་ན་སྡུག་པའི་ཕོ་ བྲང་ནས༔
སངས་རྒྱས་སྨན་བླ་ཨུ་རྒྱན་རི ན་པོ་ཆེ༔
སྨན་བླ་མཆེད་བརྒྱད་རིག་འཛིན ་འཁོར་གྱིས་བསྐོར༔
གསོལ་བ་འདེབས་སོ་ནད་རིགས་ཞི ་བར་མཛོད༔
བསམ་པ་ལྷུན་གྱིས་འགྲུབ་པར་བ ྱིན་གྱིས་རློབས༔
ཡེ་ཤེས་མེ་རི་འབར་བས་ཕོ་བྲང ་ནས༔
ཆེ་མཆོག་ཧེ་རུ་ཨོ་རྒྱན་རིན་ པོ་ཆེ༔
ཡི་དམ་ཁྲོ་བོ་ཁྲོ་མོའི་འཁོར ་གྱི་བསྐོར༔
གསོལ་བ་འདེབས་སོ་དངོས་གྲུབ་བ སྩལ་ཏུ་གསོལ༔
བསམ་པ་ལྷུན་གྱིས་འགྲུབ་པར་བ ྱིན་གྱིས་རློབས༔
མཁའ་སྤྱོད་དག་པ་འོད་ལྔའི་ཕོ ་བྲང་ནས༔
མཁའ་འགྲོའི་གཙོ་བོ་ཨོ་རྒྱན་ རིན་པོ་ཆེ༔
ཡེ་ཤེས་འཇིག་རྟེན་ཌཱཀྐིའི་འ ཁོར་གྱིས་བསྐོར༔
གསོལ་བ་འདེབས་སོ་ཕྱི་ནང་བར་ ཆད་སོལ༔
བསམ་པ་ལྷུན་གྱིས་འགྲུབ་པར་བ ྱིན་གྱིས་རློབས༔
དགྲ་བགེགས་གདུག་པ་བསྣོལ་བའི ་ཁྲི་སྟེང་ན༔
ཆོས་སྐྱོང་གཙོ་བོ་ཨོ་རྒྱན་ར ིན་པོ་ཆེ༔
ཡེ་ཤེས་འཇིག་རྟེན་ཆོས་སྐྱོང ་འཁོར་གྱིས་བསྐོར༔
གསོལ་བ་འདེབས་སོ་དུས་ཀྱིས་ག ཡོ་འཁྲུག་བཟློག༔
བསམ་པ་ལྷུན་གྱིས་འགྲུབ་པར་བ ྱིན་གྱིས་རློབས༔
མི་འགྱུར་རིན་ཆེན་གཏེར་གྱི་ ཕོ་བྲང་ནས༔
དངོས་གྲུབ་འབྱུང་གནས་ཨོ་རྒྱ ན་རིན་པོ་ཆེ༔
ནོར་ལྷ་གཏེར་བདག་རྣམས་ཀྱི་འ ཁོར་གྱིས་བསྐོར༔
གསོལ་བ་འདེབས་སོ་དངོས་གྲུབ་ ཆར་ལྟར་ཕོབ༔
བསམ་པ་ལྷུན་གྱིས་འགྲུབ་པར་བ ྱིན་གྱིས་རློབས༔
ཁ་བའི་ཡུལ་ལྗོངས་བོད་ཀྱི་ཞི ང་ཁམས་སུ༔
ལྷ་སྲིན་དམ་འདོགས་ཨོ་རྒྱན་ར ིན་པོ་ཆེ༔
བཀའ་སྲུང་སྡེ་བརྒྱད་གཞི་བདག ་འཁོར་གྱིས་བསྐོར༔
གསོལ་བ་འདེབས་སོ་མཐའ་ཡས་དམག ་དཔུང་བཟློག༔
བསམ་པ་ལྷུན་གྱིས་འགྲུབ་པར་བ ྱིན་གྱིས་རློབས༔
བདེ་ཆེན་པདྨ་འོད་འབར་ཕོ་བྲང ་ན༔
འོད་དཔག་མེད་མགོན་ཨོ་རྒྱན་ར ིན་པོ་ཆེ༔
ཕྱོགས་བཅུའི་སངས་རྒྱས་སྲས་བ ཅས་འཁོར་གྱི་བསྐོར༔
གསོལ་བ་འདེབས་སོ་པདྨ་འོད་དུ ་དྲུངས༔
བསམ་པ་ལྷུན་གྱིས་འགྲུབ་པར་བ ྱིན་གྱིས་རློབས༔
ༀ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སི དྔྷི་ཧཱུཾ༔
སྟེང་ན་ཉི་ཟླ་གཟའ་སྐར་ཆོ་འཕ ྲུལ་བཟློག༔
འོག་ན་ས་བདག་ཀླུ་གཉན་གདུག་ར ྩུབ་བཟློག༔
བར་ན་བཙན་དང་མ་མོའི་གནོད་པ་ བཟློག༔
འབྱུང་བ་བཞི་ཡིས་ནད་རིམས་ཐམ ས་ཅད་ཀྱི་ཁ་ཐིམ༔
ཕྱོགས་བཞི་མཚམས་བརྒྱད་ཀྱི་མ ཐའ་ཡི་དམག་དཔུང་ཐམས་ཅད་མ་རཱ ་ཡ༔བྷྱོ་བྷྱོ༔ བཟློག་བཟློག༔
མ་འོངས་འགྲོ་བ་སེར་སྐྱ་ཕོ་མ ོ་རྣམས༔ གསོལ་འདེབས་འདི་ལ་རྟག་ཏུ་བར ྩོན་གྱུར་ན༔ ནད་གདོན་དུས་མིན་འཆི་བའི་གེ གས་ལས་ཐར༔ གཟུགས་ཅན་གཟུགས་མེད་ནད་གདོན ་བར་ཆད་ཞི༔ ཕྱི་མ་ཨུ་རྒྱན་ང་ཡི་ཐུགས་རྗ ེས་བཟུང་༔འདི་ལ་ཡིད་གཉིས་ཐེ ་ཚོམ་མ་ཟ་ཞིག༔ པདྨ་ང་ཡི་སྙིང་གཏམ་ཡིན་པར་ང ེས༔ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་འཇིགས་མེད་ནུས་ལྡན ་བདུད་འཇོམས་རྡོ་རྗེས་རྒྱམ་ རྒྱ་ལ་རྡོ་ཐི་གངས་དཀར་སྲིའུ ་འོ་མའི་མཚོ་ནང་ནས་གདན་དྲངས ་པའོ༔ དགེའོ༔ ༔
མ་འོངས་འགྲོ་བ་སེར་སྐྱ་ཕོ་མ
Subscribe to:
Post Comments (Atom)
0 comments:
Post a Comment