དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 29 December 2012
རྫོང་སར་མཁྱེན་བརྩེས་ཁོང་དགའ་བའི་གློག་བརྙན་སོགས་གླེང་བ།
ནང་ཆོས་ཀྱི་ལོ་རྒྱུས་ཁྲོད། མཐོང་ཚོར་སྒྱུ་རྩལ་གྱི་བེད་སྤྱོད་དེར་ནམ་ཡང་བཀག་འགོག་ཐེབས་མ་མྱོང་པར་ལྡོག་སྟེ་དེར་རྒྱབ་སྐྱོར་ཆེན་པོ་ཡོད་དེ། འདི་ནི་ལྷ་དག་གི་བརྐོས་གཟུགས་དང་བྲིས་རིས་ཀྱིས་གསལ་བཤད་ཡང་དག་ཅིག་བྱས་ཡོད། ཁོ་བོས་ཨིན་ཇིའི་རྒྱལ་ས་ལོན་ཏུན་ནས་གློག་བརྙན་སྐོར་ལ་ཟབ་སྦྱོང་བྱས་མྱོང་ཡང་། གློག་བརྙན«རྐང་འཁོར་རྐུ་མཁན»ལ་བལྟས་རྗེས་སུ་གཞི་ནས་རང་ཉིད་ཀྱིས་ཀྱང་གློག་བརྙན་ཞིག་ཕབ་བསྐྲུན་བྱེད་འདོད་བྱུང་བ་ཡིན། རྒྱུ་མཚན་ནི། སྔོན་ཆད་གློག་བརྙན་ནི་ཕལ་ཆེ་བ་འཁྲུག་སྲེད་དང་དྲག་སྤྱོད་ཀྱི་སྐོར་འབའ་ཞིག་རེད་བསམ་བྱུང་། གློག་བརྙན«སྤྲུལ་སྐུ»The Little Buddhaཡི་འཁྲབ་ཁྲིད་པ BernardoBertolucciལགས་ནས་ཁོ་བོར་བློ་སྐྱེད་གང་འཚམ་ཞིག་གནང་སོང་། ལྷག་དོན་ཁོང་གིས་འགྲོ་བ་མིའི་གཉུག་གཤིས་ངོ་མ་དེ་སྙན་རོས་ཕྱུག་ཅིང་མིག་དབང་འགུག་པའི་སྒྱུ་རྩལ་གྱིས་བསྟན་པ་དེས་ཁོ་བོར་བག་ཆགས་ཆེན་པོ་བཞག་སོང་།
གལ་སྲིད་ཁྱོད་ཀྱིསVittorio DeSicaདང་Satyajit Rayརྣམ་གཉིས་ཀྱི་གློག་བརྙན་བརྩམས་ཆོས་འགའ་ཤས་ལ་གཟིགས་མྱོང་བ་ཡིན་ན། གློག་བརྙན་ནི་ནང་སེམས་ལ་སྙོམས་འཇུག་གཏོང་མཁན་ཞིག་ཡིན་པར་བྱས་ན་ཆོག་པ་གསལ་བོར་རྟོགས་ཐུབ་པ་ཡིན། ཁོ་བོས་བསམ་པར་གློག་བརྙན་ནི་སྐད་བརྡ་རིགས་ཤིག་སྟེ། མི་གཞན་དང་འབྲེལ་འདྲིས་བྱེད་ཐབས་རིགས་ཤིག་རེད་སྙམ། དེ་བས་ཁོ་བོར་མཚོན་ན། གློག་བརྙན་ནི་སྐད་བརྡ་འབའ་ཞིག་ལས་ཅི་ཡང་མིན། དེ་འཁོར་བ་དང་དེ་འབྲེལ་གྱི་བྱ་དངོས་གང་ཅི་ལའང་འབྲེལ་བ་མེད་ལ། ཀུན་སྤྱོད་ཀྱི་གནད་དོན་ཀྱང་ཅི་ཡང་མེད། འོན་ཀྱང་། གལ་སྲིད་མི་རྣམས་ཀྱིས་ཀུན་སློང་ནོར་འཁྲུལ་ཅན་ཞིག་བཟུང་བ་ཡིན་ན། དེ་ནི་ཟང་ཟིང་གི་ཕུན་ཚོགས་ལ་དམིགས་པ་ཅན་ཏུ་འགྱུར་ངེས་པ་ཡིན།


དྲི་བ། རིན་པོ་ཆེས་ཐེ་ཝན་དུ་ཧ་ཅང་དར་རྒྱས་ཆེ་བའི་གློག་བརྙན«སྲེད་པ»《色,戒》ལ་གཟིགས་མྱོང་ངམ། བསམ་ཚུལ་ཇི་འདྲ་འདུག
ལན་དུ། བལྟས་མྱོང་། ངས་དེ་ལ་སྐར་མ་གསུམ་དང་ཕྱེད་རྒྱག་ངེས་ཡིན། གློག་བརྙན་ནང་རྡོ་རྗེ་ཕ་ལམ་གྱི་མཛུབ་དཀྲིས་དེས་ཡོད་ཚད་བརླགས་སོང་བ་ལས་གཞན། རྒྱུ་མཚན་གནས་ལུགས་ཅི་ཡང་མེད་པའི་འདོད་བརྩེའི་སྐོར་གྱི་ཚན་པ་གསུམ་འདུག གལ་སྲིད་འཁྲབ་གཞུང་དེ་ཁོ་བོར་འབྲི་རུ་བཅུག་པ་ཡིན་ན། ངས་མི་སྣ་གཙོ་བོ་འཁྲབ་པའི་སྐྱེས་མ་དེས་ཕ་ལམ་གྱི་མཛུབ་དཀྲིས་དེ་གད་སྙིགས་ཁྲོད་འདོར་དུ་འཇུག་ངེས་ཤིང་། དེ་ནས་འདོད་བརྩེའི་སྦྱོར་བ་ཡ་མ་བརླ་མང་པོ་ཁ་སྣོན་བྱ་ངེས། དེ་ལྟར་ན་གློག་བརྙན་སྔར་ལས་ཀྱང་ལེགས་པོ་འཁྱོངས་ངེས་བསམ། སྐུ་ཞབས་ལི་ཨན(李安)ལགས་ནི་ཤིན་ཏུ་བཀུར་འོས་པའི་འཁྲབ་ཁྲིད་མཁན་ཞིག་རེད། ད་དུང་སྐུ་ཞབས་ཧུག་ཞོ་ཞན(侯孝贤)་ཡང་ཐེ་ཝན་གྱི་ཕུལ་དུ་བྱུང་བའི་འཁྲབ་ཁྲིད་པ་ཞིག་རེད་འདུག
དྲི་བ། རིན་པོ་ཆེ། སྐུ་ཉིད་ནས་ཆེས་དགའ་མོས་བྱེད་པའི་གློག་བརྙན་འཁྲབ་ཁྲིད་པ་དེ་སུ་ཡིན།
ལན་དུ། དེ་ཧ་ཅང་མང་། ད་དུང་ངེས་གཏན་མེད་པར་འགྱུར་གྱིན་འདུག འོན་ཀྱང་ང་རང་འཁྲབ་སྟོན་པ་རྒན་གྲས་འགའ་ཤས་ལ་ཤིན་ཏུ་དགའ། དཔེར་ན། རྒྱ་གར་གྱིShaji N. Karunདང་ཉི་ཧོང་གི་Yasujiro Ozu(小津安二郎)རྣམ་གཉིས་རེད།

ང་ཚོས་སྙིང་རྗེ་གླེང་སྐབས་སུ། ཞལ་འཛུམ་པ་དང་བཅས་པའི་སྤྱན་རས་གཟིགས་ཀྱི་སྙིང་རྗེའི་སྤྱན་ཟུང་ལྟ་བུའི་རྒྱུན་པར་བག་ལྷོད་ཅིང་ཉམས་དགའ་བའི་པར་རིས་རེ་འགའ་ཡིད་ལ་འཆར་ངེས། ཁོ་བོས་ཨ་རི་ནས་གློག་བརྙན་བཟོ་བསྐྲུན་བྱེད་པའི་སྐབས་སུ། མི་ཞིག་གིས་ཆེས་དགའ་ཤོས་བྱེད་པའི་གློག་བརྙན་དེ་གང་ཡིན་མིན་དྲིས་བྱུང་། ངས་ཁོ་ལ«ལྷན་སྐྱེས་ཀྱི་གཤེད་མ»(Natural Born Killers)ཡིན་ཞེས་ལན་བཏབ་པ་ཡིན། ངས་ཁོ་ལ་བསམ་གཟས་པ་དང་ཡང་ན་ཀུ་རེ་རྩེས་པ་གང་ཡང་མིན། གློག་བརྙན་དེ་ད་རག་བར་ཁོ་བོ་ཆེས་དགའ་ཤོས་བྱེད་པའི་བརྩམས་ཆོས་མང་པོའི་ཁྲོད་ཀྱི་གཅིག་ཡིན། ཁྱོད་ཀྱིས་གློག་བརྙན་དེར་བལྟས་པ་ཡིན་ན། དེ་ནི་དྲག་སྤྱོད་ཤིན་ཏུ་ཆེ་བ་ཞིག་ཡིན། འོན་ཀྱང་། དབེན་དགོན་ཞིག་ཏུ། ཉིན་རྒྱུན་ཞལ་ངོ་དྲོ་བའི་སྐུ་འདྲ་དང་གྲྭ་པ་རྣམས་དང་ལྷན་དུ་འདུག་ཡུན་རིང་དྲགས་ཚེ། རང་གི་ལྷན་སྐྱེས་ཀྱི་གཤིས་སུ་ཡོད་པའི་དྲག་རྩུབ་དང་ཞེ་སྡང་། འདོད་རྔམས་སོགས་བརྗེད་འགྲོ་བ་ལྟ་བུར་གྱུར་འགྲོ། དེས་ན། གློག་བརྙན་འདིས་ཁོ་བོར་བསླབ་པ་ནི། སྐྱེས་མ་ཐག་ནས་ཚེ་འདིར་ང་རང་ནང་བའི་རྗེས་འཇུག་པ་ཞིག་ཡིན་པས། ཚོད་འཛིན་ཐེབས་ཡོད་པ་མ་གཏོགས། ང་ལའང་གཉུག་གཤིས་ཀྱི་རང་བཞིན་དེ་དག་ཡོད་པས། གློག་བརྙན་ཁྲོད་ཀྱི་མི་སྣ་ནང་ལྟར་དྲག་སྤྱོད་པ་ཞིག་ཏུའང་འགྱུར་ཐུབ་ངེས་ཡིན་པ་དེའོ།།
ཉེ་རབས་སུ་ཕྲད་པའི་དེང་གི་སྡུག་བསྔལ་རིགས་གཅིག་ནི“རང་ཉིད་ཕྲལ་བ”་སྟེ། འདིས་རྐྱེན་པས་ང་ཚོས་མི་གཞན་ལ་སྙིང་རྗེ་སྒོམ་རྒྱུ་བརྗེད་པར་གྱུར་ལ། ཐ་ན་རང་ཉིད་ལའང་སྙིང་རྗེ་སྒོམ་གྱིན་མི་འདུག་པས་མ་ཚད། རང་ཉིད་ཀྱི་གཉུག་གཤིས་ངོས་ཟིན་གྱི་ཡང་མི་འདུག དེ་བས་ང་ཚོས་ངེས་པར་དུ་Dunhill དང་ Louis Vuitton(LVཡང) CUCCI ལྟ་བུའི་རྒྱས་སྤྲོས་ལ་བརྟེན་ནས་རང་ཉིད་ལ་དགའ་དགོས་ཀྱི་ཡོད། མིའི་རིགས་སུ་སྐྱེས་པའི་ཆ་ནས། ང་ཚོར་དུས་རྟག་ཏུ་རང་ཉིད་རྒྱུས་ལོན་དང་ཚེ་སྲོག་ལ་མྱོང་རོལ་བྱེད་འདོད་ཀྱི་བསམ་ཚུལ་ཡོད་ངེས། ནུབ་ཕྱོགས་སུ་ན་གཞོན་མང་པོས་བསམ་གཟས་ཏེ་རང་ཉིད་ཀྱི་རྐང་ལག་ལ་གྲིས་བསྣད་ནས་རང་ལུས་བརླགས་ཀྱིན་འདུག ངས་ཁོ་ཚོར་དེའི་རྒྱུ་མཚན་ག་རེ་ཡིན་མིན་འདྲི་སྐབས། ཁོ་ཚོའི་ལན་ནི་རང་ཉིད་རང་ཉིད་དུ་ཚོར་ཐབས་སུ་ཡིན་ཟེར། ངས་འདི་ལྟ་བུ་ཀྲུང་གོར་འབྱུང་གིན་ཡོད་མེད་མི་ཤེས། ཁོ་བོར་མཚོན་ན། འདིས་བགས་ཆགས་ཆེན་པོ་བཞག་སོང་། རྒྱུ་མཚན་ནི་བྱིས་པ་འདི་ཚོར་ལམ་སྟོན་ཞིག་ཡོད་མི་འདུག་པས། རང་ཉིད་དུ་ཚོར་ཐབས་ཀྱི་བྱེད་ཐབས་ཡང་དག་དེ་ཤེས་ཀྱིན་མི་འདུག ཁོ་ཚོས་ཚོར་ཐབས་ཉག་གཅིག་དེ་ནི་ཟུག་གཟེར་རམ་ངར་སྐྱེད་པ་དང་དེ་ལ་སྣང་བ་འཁོར་བ་འབའ་ཞིག་ལ་བརྟེན་པ་ཡིན།
ངས་ཁྱོད་ཚོ་དང་མཉམ་རོལ་བྱེད་འདོད་ཀྱི་གློག་བརྙན་གཞན་ཞིག་ནི་«ཤ་བ་རྔོན་མཁན»(Deer Hunter)རེད། དེའི་འཁྲབ་ཁྲིད་པ་Robert deniro རེད་བསམ་བྱུང་། ཁྱོད་ཚོ་མི་འགའ་ཤས་ནས་གློག་བརྙན་འདིར་བལྟས་མྱོང་བར་ཁོ་བོར་ཡིད་ཆེས་ཡོད། དོན་དངོས་སུ་གློག་བརྙན་འདིས་ཁོ་བོ་ཉིན་འགའ་ཤས་ཤིག་གི་རིང་ལ་ཡི་ཐང་ཆད་པར་བྱས་སོང་། སྐབས་སྐབས་སུ་གློག་བརྙན་འདི་ཡིད་ལ་ཤར་ཐེངས་རེར། ངའི་སེམས་ཁམས་ཡང་བསྐྱར་ཡུན་ངེས་ཅན་ཞིག་ལ་སྐྱོ་བར་བྱས་འགྲོ། ཨུ་རུ་སིའི་འཁོར་ལོའི་རྒྱན་པོ་ཅན་གྱི་བརྙན་རིས་དེར་ཁོ་བོས་གོ་བ་ལེན་སྟངས་ནི། མི་དེས་ཧ་ལམ་རང་སྲོག་ལེན་པར་བསམ་འདུག ངར་སྐྱེད་པ་དང་དེ་ལ་སྣང་བ་འཁོར་ཚུལ་དེ་དེ་འདྲའི་སྟོབས་ཆེ་བ་ལ། ངས་རང་ཉིད་ལ་ལས་སླ་མོས་སྒོ་ནས་ཁམས་དེ་རིགས་འགོ་སྲིད་པ་ཚོར་བྱུང་། ཁྱོད་ཀྱིས་མེ་འདས་མ་ཤུ་མནན་ནས་རང་ཉིད་ལ་བརྒྱབ་མ་ཐག མེ་མདར་མདའ་མེད་པའི་སྐབས་སུ། སྐད་ཅིག་དེར་གསོན་པའི་བདེ་སྐྱིད་ཚོར་ཐུབ་ངེས། དོན་དམ་དུ། ང་ཚོས་ནང་ཆོས་ཀྱི་བསླབ་པ་ལྟ་བུའི་གནའ་བོའི་ཤེས་རབ་བརྗེད་པ་སྟེ། ཨུ་རུ་སིའི་འཁོར་ལོའི་རྒྱན་པོ་འཇོག་པ་ལས། ང་ཚོས་ཇ་ཕོར་བ་གང་འཐུང་ཞོར། ཚེ་སྲོག་གི་མཛེས་པ་མྱོང་རོལ་བྱས་ན་དགའ།
གསོན་པ་ནི་ཤིན་ཏུ་གལ་ཆེ་སྟེ། དེ་ལས་ཀྱང་གལ་ཆེ་བ་ནི་དམར་དམར་རྗེན་རྗེན་གྱིས་གསོན་པ་དེ་རེད། དེ་ལྟར་ན་ད་གཟོད་སེམས་ཁོངས་སུ་སྙིང་རྗེ་སྐྱེ་བ་ཡིན། ངས་དུས་རྟག་ཏུ་སྙིང་རྗེ་ནི་ཡོངས་ཁྱབ་ཀྱི་འདུ་ཤེས་ཤིག་ཡིན་པར་སྒྲོགས་ཀྱིན་ཡོད། དེ་ནི་གྲྭ་བ་དང་ཆོས་ལུགས་མི་སྣ་ཁོ་ནར་དབང་བ་ཞིག་མིན།
འདིར་ངས་ཡང་བསྐྱར་གློག་བརྙན་ཞིག་གླེང་འདོད། ཁྱེད་ཚོས་འཇར་མན་གྱི་གློག་བརྙན«མི་གཞན་གྱི་འཚོ་བ»(The Life of Others)ལ་སོང་ནས་གཅིག་བལྟ་རོགས། ངས་བལྟས་ན། དེ་ནི་དུས་རབས་འདིའི་ནང་ཆེས་ཕུལ་དུ་བྱུང་བའི་གློག་བརྙན་དེ་རེད། ངས་གློག་བརྙན་དེ་ལ་བལྟ་སྐབས་གཏམ་རྒྱུད་ཀྱི་བྱུང་རིམ་ནང་ཁྱོན་ཡོངས་ནས་སྣང་བ་ཤོར་ཏེ། བལྟས་ཚར་རག་བར་དུ་གློག་བརྙན་ཁང་གི་རྐུབ་སྟེགས་སུ་དཀྱིལ་ཀྲུང་གིས་བསྡད་ནས་རྐང་བ་རྐྱོང་རྒྱུ་དང་བརྗེ་སྤོར་བྱེད་རྒྱུ་ཡང་བརྗེད་དེ། གློག་བརྙན་ཚར་རྗེས། ངའི་རྐང་བ་སྦྲིད་ནས་ཇ་ཡུན་ཙམ་ལ་ཡར་ལའང་ལངས་ཐུབ་མ་སོང་། རྒྱུན་པར་ང་ཚོས་གསང་ཉུལ་བ་ལ་ཧ་ཅང་དགའ་བོ་བྱེད་ཀྱི་མེད། འོན་ཀྱང་གློག་བརྙན་དེས་སྙིང་རྗེ་ཆེ་བའི་གསང་ཉུལ་བ་ཞིག་གི་སྐོར་བཤད་འདུག




གོང་གི་འདི་དག་ནི་ཁོང་གི་གཏམ་བཤད་དང་བཅར་འདྲི་སོགས་ལས་ཕྱོགས་སྒྲིག་བྱས་པ་ཡིན།

0 comments:

ཟིན་བྲིས་འཚོལ་ཡུལ