དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 30 December 2012
སེང་ལྕམ་འབྲུག་མོའི་ས་མཐའི་སྐྱོ་གླུ་ཞེས་པའི་

ཐོག་མའི་གླེང་གཞི།

འོས་སྦྱོར།



སྒྲུང་གཏེར་བསྟན་འཛིན་གྲགས་པ།



སྤྱིར་བོད་ཡུལ་ཁ་བ་ཅན་ལ་གླིང་སྒྲུང་གི་བག་ཆགས་ཟབ་ཅིང་གླིང་མི་རེའི་ཁ་ན་སྒྲུང་རེ་ཟེར་བའི་དཔེ་ལྟར་གླིང་གེ་སར་རྗེ་བློན་སོགས་ཀྱི་རྣམ་ཐར་སྣ་ཚོགས་ཞིག་མ་བསླབ་པར་ངག་ཐོག་ནས་བཤད་ཤེས་མཁན་ཧ་ཅང་མང་། ཡིན་ནའང་གནའ་དེང་གི་བཤད་རྒྱུན་གང་ཡིན་ཀྱང་དངོས་མ་དང་བསྟོད་པའི་ཕྱོགས་སུ་གྱུར་བ་སོགས་བདེན་རྫུན་གཉིས་ཀ་ཡོད། དེང་སྐབས་ངག་ཐོག་གི་རིག་གནས་དྲ་ཐོག་གི་རིགས་གནས་སུ་གྱུར་ཞིང་བསྟོད་ཡུལ་དུ་བཀུར་བ་རྣམས་ཀྱང་དེ་ལས་སྡོག་དེ་སྨད་པའི་ཕྱོགས་སུ་གྱུར་བའང་མཐོང་རྒྱུ་གདའ། དེ་ལྟར་བསྟོད་དྲག་པ་དང་སྨད་ཆེ་བའི་དཔེ་བརྗོད་རིམ་པར་བཀོད་ན་ངས་སྔོན་ཆད་ཞིག་ནས་གླིང་སེང་ལྕམ་འབྲུག་མོའི་ས་མཐའི་སྐྱོ་གླུ་ཟེར་བ་ཞིག་བྲི་མྱོང་། དེའི་ནང་དོན་གཙོ་བོ་ནི་འབྲུག་མོ་ཧོར་དུ་འཁྱམ་ཏེ་གླིང་ཡུལ་དྲན་པས་སྐྱོ་གླུ་མང་པོ་བླང་བའི་སྒྲུང་ཞིག་ཡིན། སྒྲུང་ཡིག་དེའི་ལོ་རྒྱུས་གླེང་སྐབས་སེང་ལྕམ་འབྲུག་མོའི་སྐྱེ་མཐར་གྲགས་པ་རྫ་ཕུག་ཁང་དགོན་གྱི་མཁན་པོ་སྤོས་དར་ལེགས་ནས་སེང་ལྕམ་འབྲུག་མོ་ཧོར་དུ་འཁྱམ་མ་མྱོང་། ཧོར་དམག་སླེབ་དུས་སྟེང་མ་ལྷ་ཡུལ་དུ་འཕུར་སོང་བ་རེད། སེང་ལྕམ་འབྲུག་མོ་སྒྲོལ་མ་དཀར་མོའི་རྣམ་སྤྲུལ་རེད། རང་བཞིན་གྱི་མི་དང་ག་ལ་འདྲ་ཞེས་ཡང་ཡང་གསུངས་འདུག་ཟེར་བ་ཐོས།དེ་ནི་སེང་ལྕམ་འབྲུག་མོ་ལྷ་མི་འདྲེས་མར་བརྗོད་གྱིན་ཡོད་པའི་སྐོར་རེད། དེ་འདྲ་བརྗོད་མཁན་ཀྱང་མང་པོ་ཡོད་རྒྱུ་རེད། བླ་མ་དམ་པ་སོའི་རང་རང་གི་སྣང་བ་དག་པའི་སྟོབས་ལས་ཤར་བ་ལ་མ་རེད་ཟེར་ག་ལ་ཕོད། ང་རང་ལས་སྣང་མ་དག་པའི་འབྲུག་མོ་ཧོར་དུ་འཁྱམ་སྣང་ཤར་བ་ལོས་ཡིན། དེ་ལྟར་འབྲུག་མོ་ལྷ་རུ་བརྗོད་མཁན་ཅི་ལྟར་མང་ན་དེ་ལྟར་ཁོ་བོས་རྗེས་སུ་ཡི་རང་བྱེད་ངེས་ཡིན། འོན་ཀྱང་དེ་ལས་ལྡོག་དེ་ལྟ་ཚུལ་འཛིན་མཁན་ཡང་ཉུང་ཤེས་ཙམ་མིན། ལྷག་པར་དུ་ཀུན་གྱི་ལྟ་ཀློག་བྱེད་ཐུབ་པའི་དྲ་ཐོག་དུ་སེང་ལྕམ་འབྲུག་མོར་ངན་སྨད་བྱས་པ་ཧ་ཅང་མང་གི དཔེར་ན་ཉེ་ལམ་རྩོམ་ཁུངས་མཚོ་སྔོན་བོད་ཡིག་ཟིན་བྲིས་ཡིན་པའི་རྩོམ་པ་པོགངས་སྲས་དགེ་ཐུབ་ལགས་ཀྱིས་དྲ་ཐོག་དུ་བཀོད་པའི་སེང་ལྕམ་འབྲུག་མོ་མགོ་སྟོང་མ་ ཅེས་པའི་ནང་དུ་འདི་ལྟར།སེང་ལྕམ་འབྲུག་མོ་མཛེས་མ་རེད།།མཛེས་མ་ཡིན་རུང་གྱོད་མ་རེད།། སྐྱ་ལོའི་བུ་མོ་སྐྱེ་ཡག་མ།། གླིང་དཀར་པོ་དཀྲུགས་གི་དཀྲུགས་ཤིང་རེད། ཅེས་དང་། ཡང་ དཔོན་གེ་སར་བདུད་དུ་ཕེབ་ཤུལ་དེར། ཁྱོད་གུར་དཀར་དཔོན་གྱི་ཆུན་མ་བྱས།།དེའི་མི་ཚད་ཧོར་ཕྲུག་ཨ་མ་བྱས།། རྐྱེན་དེ་ཡིས་ཧོར་གླིང་གཡུལ་འཁྲུགས་བརྩམས།། ཞེས་དང་ཡང་ གླིང་གེ་སར་ཟེར་ཡང་སྐྱ་སྟོང་རེད།།སྨན་མཛེས་མ་ཚང་མ་ཇ་མ་རེད།། སྨན་འབྲུག་མོ་ཟེར་ཡང་མགོ་སྟོང་རེད།།ཕོ་སུ་དང་འཕྲད་ན་ཉལ་འཇོག་གི། ཞེས་སོགས་མང་པོ་ཞིག་བཀོད་འདུགདེ་བཞིན་དུ་སེང་རྡོར་དྲ་བ་ལས། རྟ་ནག་བཟོད་པས།གནས་མ་སེང་ལྕམ་འབྲུག་མོ་ཞེས་པའི་ནང་དུ་འདི་ལྟར།མདོ་ཁམས་བུ་མོའི་དྭངས་རྩེ།། སྐྱ་ལོའི་སེང་ལྕམ་འབྲུག་མོ།། སྒྲོལ་མ་དཀར་མོའི་སྤྲུལ་བ།། དངོས་གནས་ཡིན་བཟོ་འདུག་གམ།། ཞེས་དང་ཡང་སེང་ཆེན་བདུད་ལ་ལྡོམ་རྗེས།། ཆགས་ཆེན་མོ་རྐྱང་ཁྱོད་ཀྱིས།། ཐབས་དང་བཀོད་པ་དུ་མས།། མཛུབ་རྒྱན་མི་ལ་བྱིན་ཐལ།།ཞེས་དང་ཡང་གྱོད་དང་ཆག་སྒོའི་སྣ་འདྲེན།། འཕུང་དང་བྱུར་གྱི་གཞི་མ།།གཡེར་ཆེན་སེང་ལྕམ་འབྲུག་མོ།། བུ་མོ་ང་རེད་ཨེ་བསམ།།ཞེས་དང་ཡང་ཡ་རྫི་མཁར་གྱི་བདག་མོས།། སྟག་ཐུལ་ཁྲ་བོའི་ནང་ནས།། གཅེར་བུར་འགྲེ་ལོག་བྱེད་དུས།། སྐྱིད་ཀྱི་སྣང་བ་ཨེ་ཤར།། སྐྱེས་པ་ཆ་མེད་ཅིག་ལ།། འདོམས་དང་ནུ་མ་གླན་དུས།། རང་ལ་ཁྱོ་ག་ཡོད་པ།། བསམ་པའི་གཏིང་ན་མེད་དམ།། ཆགས་པའི་འཁུན་སྒྲ་ཇེ་མཐོ།། འདོད་པའི་ངོ་གདོང་ཇེ་དམར།། ཨ་གནམ་རྒྱལ་བོའི་འོག་གི།། ཨ་ཅེ་འབྲུག་མོའི་སྐྱིད་འདི།། རྒྱ་ཚ་མདུང་རྩེར་བསྐྱོན་ཐལ།། གཟིག་འཕེན་རྨ་ཆུར་གཡུགས་ཐལ།། སྣང་ངུ་བྲག་ལ་བརྒྱངས་ཐལ།། གླིང་དཀར་ཕུ་ནུའི་སྡུག་འདི།། ཞེས་དང་ཡང་ཁ་ནག་བུ་མོ་ཁྱོད་ཀྱིས།། རྒྱ་ཚའི་དབུ་ལ་ལྟོས་དང་།། ཕ་ཡུལ་གླིང་དཀར་སྟོད་ཀྱི།། འཇག་སྐྱའི་གླུ་ལ་ཉོན་དང་།། ཞེས་དང་ཡང་། བདག་གཞན་འཕུང་ལ་སྦྱོར་བའི།། འགོང་ནག་ཡུགས་མོ་ཁྱོད་རང་།། གེ་སར་ཕྱི་ལ་འབྲངས་ཏེ།། ཡང་བསྐྱར་གླིང་ལ་ཆས་སོང་།། ཡིད་སེམས་ཚིམས་པོ་ཨེ་བྱུང་།། སྣང་བ་སྐྱིད་པོ་ཨེ་འདུག། ཕ་ཡུལ་གླིང་དཀར་སྟོད་ན།། ད་ལྟ་ཅི་ཞིག་ལྷག་ཡོད།། རོ་སྨད་བུ་སྣོད་ནང་ལ།། རོ་ཙ་ཟོ་གང་བཟུང་ནས།། རང་ཡུལ་ཕྱོགས་ལ་ཡོང་ན།། རེ་བ་འཛིན་མཁན་ཡོད་དམ།། སེང་ལྕམ་འབྲུག་མོ་དྲིན་ཆེ།། འབྲོག་པའི་བུ་མོ་ངོ་ཆེ།། ཁ་ངན་སྲོག་གི་གཤེད་ཟེར།། ཡིན་ཡང་དངོས་དོན་བཤད་བཞག།ཅེས་དང་ཡང་དེ་མཚུང་དྲ་ཐོག་དུ་བཀོད་པའི་འབྲུག་མོས་གྱོད་ཁ་ཕྱེས་ཚུལ་ཞེས་པའི་ནང་དུ་ཡང་།ང་ཚོའི་བཤད་རྒྱུན་ཁྲོད་ཀྱི།། སྒྲོལ་མ་དཀར་མོའི་སྤྲུལ་བ།། སྐྱ་ལོའི་སེང་ལྕམ་འབྲུག་མོ།། ནམ་ཡང་མྱིག་ལ་བསྟན་བསྟན།། འདོད་ཆགས་འདོམས་ནས་འཕྱུར་ན།། འབྲུག་མོ་མཚམས་ཀྱིས་མི་ཁོག། མྱི་ཚུགས་ཁྱི་ཚུགས་འཁྲབ་ན།།འབྲུག་མོར་ངོ་ཚ་མི་དགོས།། ཞེས་དང་ཡང་། འབྲུག་མོའི་བྱ་བྱེད་གཅིག་གིས།། སྡེ་ཆེན་ཚོ་ཆེན་ཚེ་གཏུགས།། ཁྲག་སྡིག་ཤ་འཁོན་བཤད་ན།། མི་ལོ་བདུན་ལ་མི་ཚར།།ཞེས་སོགས་རེ་རེ་བཞིན་བརྗོད་ན་རྣམ་རྟོག་ཟ་བ་མང་པོ་ཞིག་བཀོད་འདུག དོན་ངོ་མ་སེང་ལྕམ་འབྲུག་མོ་ནི་རྒྱ་ཆེའི་རྩོམ་པ་པོ་དང་ཀློག་པ་པོ་ཡོངས་ཀྱི་སྡང་ཡུལ་དུ་གྱུར་ཡོད་པ་ཡིན་ནམ་ཡང་ན་ང་ཚོ་སྒྲུང་བ་དང་གླིང་སྒྲུང་ཞིབ་འཇུག་པ་ཡོང་ལ་འདྲི་ཚིག་གལ་ཆེན་ཞིག་གནང་བ་རེད། གང་ལྟར་ དྲ་ཐོག་གི་རྩོམ་པ་པོ་རྣམས་ཀྱི་སེམས་ཁོང་ནས་བརྗོད་པ་ཡིན་མིན་མི་ཤེས་ཏེདེ་ལྟར་བསམ་མཁན་དང་བཤད་མཁན་མི་ཉུང་བ་ཞིག་ཡོད་རྒྱུ་རེད། དེ་ནི་སེང་ལྕམ་འབྲུག་མོ་མི་ཕལ་བ་ལས་ཀྱང་ཕལ་བའི་ལྟ་ཚུལ་ཅན་གྱི་སྐོར་རེད། དེ་ཡང་ཁག་མི་འདུག་ཏེ་སྔར་གྱི་གླིང་སྒྲུང་འགའ་རེའི་ནང་འབྲུག་མོ་ཧོར་མོར་གྱུར་ནས་ཧོར་ཕྲུག་སྐྱེས་རབས་ཀྱང་བརྗོད་ཡོད་ཚོད་རེད། དེ་རྣམ་བདེན་པ་ཡིན་ན་ཅི་ཞིག་བརྗོད་དེ་གལ་ཏེ་ནོར་འཁྲུལ་ཡིན་ན་གླིང་སྒྲུང་གི་སྙོག་སེལ་དང་ཁ་སྐོང་བྱ་རྒྱུ་ནི་ང་ཚོ་སྒྲུང་མཁན་རྣམས་ཀྱི་སྒྲུབ་འོས་པའི་ཆེད་ལས་ཞིག་དང་། ལྷག་པར་སེང་ལྕམ་འབྲུག་མོའི་སྐྱེ་མཐར་རློམ་པའི་སྔོན་གནས་རྗེས་དྲན་ཐུགས་ན་བཞུགས་པ་རྣམས་ཀྱི་ལས་འགན་ཞིག་རེད་སྙམ། མ་ཚད་གླིང་སྒྲུང་བཤད་རྒྱུ་དང་ཉན་རྒྱུར་དགའ་བ་རྣམས་དང་གེ་སར་ཞིབ་འཇུག་པ་ཡོངས་ཀྱིས་ཀྱང་དེ་དང་རིགས་འདྲ་བའི་ཕྱོགས་མང་པོར་ཐུགས་འདང་གནང་དགོས་པར་འདུག ཁོ་བོས་སྔར་ནས་བྲིས་ཟིན་པའི་སེང་ལྕམ་འབྲུག་མོའི་མཛད་བསྡུས་དང་སེང་ལྕམ་འབྲུག་མོའི་སྐྱོ་གླུ་དག་གནས་ཚུལ་འདི་རིགས་ལ་དམིགས་ཏེ་ཆེད་དུ་བྲིས་པ་ཞིག་མ་ཡིན་ཀྱང་ངས་བྲིས་པའི་སྒྲུང་དེ་དག་གི་ནང་དུ་འབྲུག་མོ་ཧོར་དུ་འཁྱམས་ནའང་བློ་སེམས་མ་འགྱུར་བའི་ཚུལ་དང་། ཧོར་རྒྱལ་བོའི་བཀའ་བཞིན་འབྲུག་མོ་རང་ལ་མ་སྐྱེས་པའི་ཧོར་གྱི་བདུད་ཕྲུག་ཞིག་གི་མ་ཡར་བྱས་ཏེ་མི་འདོད་བཞིན་དུ་འབྲུག་མོ་ལ་བུ་སྐྱེས་པའི་མིང་རྫུན་མ་འཁུར་དགོས་བྱུང་བ་སོགས་གནས་ཚུལ་མང་པོ་ཞིག་སྒྲུང་དེའི་ནང་དུ་ས་ལེར་གསལ་བས་ལོ་རྒྱུས་ལོག་བཤད་རྒྱུད་འབྱམས་དུ་སོང་བའི་སྙོག་སེལ་དུ་བྲིས་པ་ལྟ་བུ་ཞིག་རེད། ང་རང་ལའང་ངོ་མཚར་བའི་ཚོར་སྣང་ཤིག་ངང་གི་སྐྱེས་ཏེ་རྟེན་འབྲེལ་མ་བསྒྲིགས་རང་འགྲིགས་རེད་ཅེས་ངག་ནས་བཅོས་མིན་དུ་ཐལ། དེའི་ཕྱིར་སེང་ལྕམ་འབྲུག་མོའི་སྐྱོ་གླུ་དང་གསང་རྣམ་ཅེས་པའི་དེབ་འདི་མི་འགྱང་པར་སྐྲུན་བྱས་དེ་རྒྱ་ཆེའི་གཟིགས་པ་པོ་ཡོངས་ཀྱི་སྤྱན་ལམ་དུ་འགྲེམ་སྤེལ་བྱས་ཏེ་ཕྱོགས་ཀྱི་གླིང་སྒྲུང་ལ་དོན་སྣང་བྱེད་མཁན་ཡོངས་ལ་ཚོར་སྣང་གསར་བ་ཞིག་སྦྱིན་ཐུབ་པའི་ཡིད་ཆེས་ཡོད། ངས་བྲིས་པའི་འབྲུག་མོའི་རྣམ་ཐར་འདི་དག་གི་ནང་དུ་སྒྲུང་མཁན་རང་གི་ཐུན་མིན་གྱི་ཤར་ཆ་གཙོ་བོར་བཀོད་ཡོད་པ་ལས་རྒྱུ་མཚན་གང་དག་གི་ཆེད་དུ་ཐད་གར་བྲིས་པ་གཅིག་ཀྱང་མེད་ལ་གཞན་གྱི་རྗེས་སུ་གཡམ་རྒྱུག་དང་ཅལ་འདྲོག་བྱས་པ་དེ་བས་ཀྱང་མེད། ཡིན་ནའང་ངས་འདི་ནས་རང་ཉིད་ཀྱིས་བྲིས་པ་འདི་ཁོ་ན་དག་མ་ཡིན་ཟེར་བ་ཡང་མིན། གཞན་གྱིས་བཞེད་པ་དང་བསམ་ཚུལ་རྣམས་ནོར་འཁྲུལ་རེད་ཟེར་བ་ཡང་མིན། གང་ལྟར་འུ་ཅག་ཚོས་བསྟོད་ཆེ་བ་དང་སྨད་དྲག་པའི་ལམ་མདོ་ནས་འུད་བརྗོད་དང་འཐེན་ཁྱེར་གྱི་དབང་དུ་མ་ཤོར་བའི་དབུས་ལམ་ངོ་མ་དེ་འཛིན་ཐུབ་པའི་སྨོན་ལམ་འདེབས་ཞེས་ཨོ་རྒྱན་བསྟན་འཛིན་གྲགས་པས་ཀུ་རེ་དང་དོན་གཏམ། སྐྱོ་སྣང་དང་བཞད་གད་བསྲེས་ཏེ་དེབ་ཞིག་གི་ཐོག་མའི་གླེང་གཞི་རུ་ཕུལ་བ་དོན་ཡོད་པར་གྱུར་ཅིག།

0 comments:

ཟིན་བྲིས་འཚོལ་ཡུལ