དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday 9 January 2013

ཞིས་མོ་རོང་གི་བརྩེ་དུང་སྙན་ངག་ཚན་པ་དགུ།

འབྲོང་ཕྲུག

ཞིས་མོ་རོང་གི་བརྩེ་དུང་སྙན་ངག་ཚན་པ་དགུ།
གསོལ་འདེབས་སྨོན་ཚིག
བདག་གིས་འཇིག་རྟེན་འདིའི་ལེགས་ཉེས་རྟོགས་ཡོད
བདག་གིས་དེ་ལ་འདུ་བྲལ་དང་སྐྱེ་འཆི་ཡོད་པ་ཡང་ཤེས་ཡོད
འོན་ཀྱང བདག་ལ་གོ་སྐབས་ཐེངས་གཅིག་ལྡན་ཚེ
དཀོན་མཆོག་ལགས བདག་གི་གསོལ་འདེབས་འདིར་གསན་རོགས
བདག་ལ་དབྱར་གཞུང་རིང་མོ་ཞིག་སྦྱིན་རོགས
བདག་ལ་རྨ་མེད་ཀྱི་ཕྱིར་དྲན་ཚན་ཅིག་སྦྱིན་རོགས
བདག་ལ་དྲོད་འཇམ་གྱི་སེམས་པ་ཡུག་ཅིག་སྦྱིན་རོགས
བདག་ལ་ལྷད་མེད་ཀྱི་བརྩེ་འདང་ལན་ཅིག་སྦྱིན་རོགས
བདག་འཇིག་རྟེན་འོངས་པ་ཐེངས་གཅིག་སྟེ
བདག་ལ་ད་དུང་མཛེས་སྡུག་གི་རུས་མིང་ཞིག་སྦྱིན་ནས
ཁོས་མཚན་གུང་དུ་བདག་གི་མིང་གིས་འབོད་པར་ཞུ
སོས་དལ་མེད་པའི་ལོ་ཟླའི་ཁྲོད་དུ
ང་ཚོའི་སྔོན་བྱུང་གི་བརྩེ་བའི་གཏམ་རྒྱུད་དྲན་པར་གྱིས
༡༩༧༩/༡༡/༢༨
ཁེར་རྐྱང་གི་སྐར་མ།
མཁའ་དབྱིངས་སུ
ཁེར་རྐྱང་གི་སྐར་མ་ཞིག་འཚེར
སྨག་ནག་པའི་མཚན་མོའི་ཀློང་དུ
འགྲུལ་བཞུད་པས རྒྱུན་པར་ཕྱི་མིག་རེ་བལྟ་ཞིང
དེ་ནི ཁོའི་ཆེས་ཐོག་མའི
ཆེས་ཐོག་མའི་བརྩེ་འདང་ཡིན་པར་བསམ
༡༩༧༩/༡༢
ཡུལ་ལ་འཕྲེང་བ།
ཕ་ཡུལ་གྱི་གླུ་སྐད་ནི་རྒྱང་རིང་གི་གླིང་བུ་ཞིག་སྟེ
ནམ་རྒྱུན ཟླ་བ་མེད་པའི་མཚན་མོར་གྲག་ཡོང
འོན་ཀྱང ཕ་ཡུལ་གྱི་ངོ་གདོང་ནི་ཡིད་གདུང་རབ་རིབ་ཅིག་སྟེ
སྨུག་པའི་ཁྲོད གྱེས་བྲལ་གྱི་ལག་བརྡ་གཏོང
གྱེས་བྲལ་གྱི་རྗེས་སུ
ཡུལ་ལ་འཕྲེང་བའི་སེམས་པ་ནི་ལོ་རིས་བྲལ་བའི་སྡོང་བོ་ཞིག་སྟེ
ནམ་ཡང་རྒས་པ་མི་འདུག
༡༩༧༨
བྱེའུ་ཆུང་དཀར་བོའི་འཆི་བ།
གལ་ཏེ ཁྱེད་ནི་མིག་ཆུའི་བརླན་པའི
རྔོན་པ་དེ་ཡིན་ཚེ ང་ནི་ཁྱེད་ལ
གཞའ་མི་སྲིད་པའི་བྱེའུ་ཆུང་དེའོ
བདག་གིས་མཁའ་དབྱིངས་བརྟོལ་བའི་མདའ་མོ་དེ
བདག་གི་གས་ཆག་གི་བྲང་གཞུང་ལ་ཕོག་པར་སྒུག་ཡོད་དེ
གལ་ཏེ ཁྱེད་ནི་འཇིག་རྟེན་འདིར
ང་རང་རྨས་ནུས་པའི་རྔོན་པ་གཅིག་པུ་ཡིན་ཚེ
བདག་ནི་ཁྱེད་ཀྱི་ལང་ཚོའི་ལོ་ཟླ་ཡོད་ཚད་དེ
བརྗེད་མི་ནུས་པའི་དགའ་སྤྲོ་དང་སྐྱོ་གདུང་ཡོད་ཚད་དོ
དེ་ནི ཆེས་མཐའ་མཇུག་གི་སྤྲིན་པ་ཇི་བཞིན
སྔོ་བསངས་ཀྱི་ནམ་མཁའི་ངོགས་སུ་ཡལ་སོང
དེ་ན ང་རང་ཁྱེད་ཀྱི་ལག་ཏུ་འཆི་བར་གྱིས
དེ་ནི གཞི་ནས་ཁྱེད་ཀྱི་པང་དུ
འཆི་ཐུབ་པ་ནང་བཞིན
༡༩༨༣//
རི་སྐྱེས་མེ་ཏོག
ཁེར་རྐྱང་གི་ལྷ་མོ ཁྱེད་རང་གང་ནས་འཕུར་ཡོང
ཁྱེད་རང་གང་ལ་འཕུར་འགྲོ
འཁྱམ་བསྐོར་འདིར་རྫོགས་པ་མེད་དམ
ཁེར་རྐྱང་གི་ལྷ་མོ ལམ་ལངས་བྱས་ཚར་རྗེས
ཁྱེད་ཀྱི་སེམས་སུ་མག་མོག་གི་དྲི་བསུང་ངམ་ཁ་དོག་ཅིག་ཡོད་དམ
ཁྱེད་ཀྱིས ཆར་ཤུལ་གྱི་ཆུ་ངོགས་སུ
བདག་དང་ཁ་སང་གི་འདས་དུས་ལུས་ཡོད་པ་དྲན་བྱུང་ངམ
ད་དུང རེག་མ་ཐུབ་པའི་རི་སྐྱེས་མེ་ཏོག་དེ་དག
༡༩༨༨//༢༣
ངོས་ལེན་ཡི་གེ
བདག་གི་བདེན་པ་ནི
བདག་གི་བདེན་པ་མ་ཡིན་པའི་རྨི་ལམ་མོ
བདག་གི་བདེན་པ་མ་ཡིན་པ་ནི
མཐའ་དག་འདི་རུ་ལུས་ཡོད
བདག་གི་འགྱོད་གདུང་ནི
བདག་གིས་འདི་རུ་འགྱོད་གདུང་བྱེད་མི་སྲིད་པའི་སེམས་ཐག་གོ
བདག་གི་འགྱོད་གདུང་མ་ཡིན་པ་ནི
འདི་ཙམ་མོ
༡༩༨༨//
གསེར་འདྲའི་ལོ་གཞོན་ལ་ཕུལ་བ།
ཅིའི་ཕྱིར་བདག་ལ་མིག་ཆུ་བཞུར་བར
བདག་གིས་ཤེས་མ་བྱུང
གནས་འདི་རུ་བདག་གི་བྱིས་པ་ཡོད་དམ
གལ་ཏེ་ཡོད་ཚེ ཁྱེད་ཀྱིས་བདག་ལ་གསུང་རོགས
ཁ་སང་ལྷད་མེད་ཀྱི་འཛུལ་མདངས་ཕྱུང་མཁན་སྟེ
སྐད་ཆ་ནི་བྱིས་སྒྲུང་དང་སྙན་ངག་ལྟ་བུའི་བྱིས་པ
སྡོང་ཕྲུག་ཇི་བཞིན ཆུ་ཕྲན་ནང་བཞིན
བདག་གི་མིག་མདུན་དུ་མཆོང་རྒྱུགས་ཀྱིས་ནར་སོན་པའི་བྱིས་པ་ཡ
ཁྱེད་རང་གང་དུ་བུད་སོང
༡༩༨༧/༡༡/༡༨
དམ་ཚིག
སྐྱེ་བ་འདི འདི་ཙམ་སྟེ
མཚོན་ཐབས་མེད་པའི་རེ་སྒུག་དང་སྨོན་འདུན
ཡོད་ཚད་ཁེར་རྐྱང་གི་ས་བོན་ཞིག་ཏུ་གསོག་ནས
སྐྱེ་བ་རྗེས་མའི་ཆེད་འདེབ་དགོས
དུས་ཚོད་ཆེས་སྟབས་བདེ་ངང་བཞུད་དུ་ཆུག
ཉིན་མོ་དང་མཚན་མོ་རེ་རེ
བསྐྱར་བཟློས་ཀྱིས་འཁོར་དུ་ཆུག
ང་རང་དལ་འཇག་གི་སྡོང་བུ་ཞིག་ཏུ་སྐྱེས་སུ་ཆུག
ཟླ་འོད་ཆུ་རུ་བཞུར་བའི་མཚན་མོ་འདིར
སྐད་ཆ་ཅི་ཡང་མེད་པར་བསྡོད་དུ་ཆུག
༡༩༨༤/༡༡/༡༩
ཆར་ནང་གི་སད་རྟོགས།
གལ་ཏེ ཆར་བའི་རྗེས་སུ་ད་དུང་ཆར་བ་ཡོད་ན
གལ་ཏེ སེམས་སྡུག་རྗེས་སུ་ད་དུང་སེམས་སྡུག་མང་ན
ཁྱེད་ཀྱིས བདག་ལ
གྱེས་བྲལ་རྗེས་ཀྱི་གྱེས་བྲལ་འདིར བཟོད་སྒོམ་བྱེད་དུ་འཇུག་རོགས
འཛུམ་མདངས་ཀྱིས སླར་ཡང་མངོན་མི་སྲིད་པའི
ཁྱེད་རང་འཚོལ་བར་བར་ཆད་མི་བྱེད་རོགས
༡༩༨༢/༡༡/
རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།
ཞིས་མོ་རོང༌།མོ། སོག་རིགས། སྐད་གྲགས་ཅན་གྱི་སྙན་ངག་པ་དང་ལྷུག་རྩོམ་པ། རི་མོ་བ་བཅས་ཡིན་པ་དང༌། ཞིས་མོ་རོང་གི་སོག་མིང་ལ་མོ་ལོང་ཟེར་ཞིང་དེ་ནི་གཙང་ཆེན་གྱི་དོན་ཡིན། མོ་རོང་ནི་མོ་ལོང་གི་སྒྲ་བསྒྱུར་ཡིན། ཁོ་མོའི་ཨ་ཕྱི་ནི་རྒྱལ་བོའི་སྲས་མོ་ཞིག་ཡིན་པས་ཁོ་མོ་ཡང་སོག་པོའི་རྒྱལ་རྒྱུད་ཅིག་ཡིན་སྐད། རྗེས་སུ་ཁྱིམ་ཚང་ཐེ་ཝན་ལ་གནས་སྤར་ཞིང་དེ་རུ་གཏད་སྡོད་བྱས། ཁོ་མོས་སྤྱི་ལོ་༡༩༨༡ལོར་སྙན་དེབ་ཐོག་མ་<<ལེ་བར་བདུན་གྱི་དྲི་བསུང་>>ཞེས་པ་དཔར་ཞིང་ལོ་དེ་གཅིག་པར་ཐེ་ཝན་དུ་ཐེངས་བདུན་ཙམ་ལ་བསྐྱར་དཔར་བྱས། སྤྱི་ལོ་༡༩༨༢ལོར་ལྷུག་རྩོམ་དེབ་ཐོག་མ་<<ནར་སོན་གྱི་རྨ་ཤུལ་>>ཞེས་པ་དཔར། ༡༩༨༧ལོར་རི་མོའི་དེབ་ཐོག་མ་<<རི་ཆུ་>>ཞེས་པ་དཔར།

0 comments:

ཟིན་བྲིས་འཚོལ་ཡུལ