དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Monday, 18 February 2013
༈ གྲོགས་རིག་མ་སེམས་ཀྱི་བདེ་ཆེན་ཡིན།
ཨེ་མ་ཧོ། །
རྨད་བྱུང་འཁོར་འདས་དག་མཉམ་རྟོགས་པའི་དཔལ།
།
ལྟ་སྒོམ་སྤྱོད་འབྲས་བདེན་པ་མངོན་གྱུར་ལ། །
བཟང་ངན་གང་བརྗོད་ཆུ་ནང་རི་མོ་འདྲ།
།
རེ་དྭོགས་བྲལ་བ་རིག་མའི་བཀའ་དྲིན་ཡིན།
།
རིག་གནས་བཅུ་ཕྲག་ཤེས་བྱའི་མ་མ་ཡིན།
།
རིག་འཛིན་རིག་མར་དགྱེས་པ་དག་སྣང་ཡིན།
།
རིག་ན་སངས་རྒྱས་མ་རིག་འཁོར་བ་ཡིན།
།
རིག་མའི་བདེ་ཆེན་ཀུན་ལ་དགྱེས་པར་མཛད།
།
དེང་དུས་དྲ་སྟེང་ངན་བརྗོད་འབྲི་མཁས་ཚོར།
།
མདུན་ལམ་བསྟན་སྲིད་སེམས་པ་མོ་ཤམ་བུ།
།
དམར་པོའི་བག་ཆགས་ལུས་སེམས་གཅིག་ཏུ་འདྲིས།
།
རི་བོང་ཅལ་འདྲོགས་བྱེད་རྣམས་ཤིན་ཏུ་འཁྲུལ།
།
འཇིག་རྟེན་ཡང་དག་ལྟ་བའི་རིག་མ་མེད།
།
སོ་ཐར་ངེས་འབྱུང་རྣལ་མའི་རིག་མ་མེད།
།
བྱང་ཆུབ་སེམས་མཆོག་ལྡན་པའི་རིག་མ་མེད།
།
གསང་སྔགས་མཚན་ལྡན་རིག་མ་དེ་བས་མེད།
།
ཨོ་རྒྱན་བླ་མས་ཡེ་ཤེས་རིག་མ་བསྟེན། །
ཀུན་མཁྱེན་བླ་མས་ཡིད་ཀྱི་རིག་མ་བསྟེན། །
འཇམ་མགོན་བླ་མས་རྨི་ལམ་རིག་མ་བསྟེན། །
མཁན་ཆེན་བླ་མས་ཆོས་ཀྱི་རིག་མ་བརྟེན། །
རིག་མ་མཁའ་འགྲོ་སེམས་ཀྱི་བདེ་ཆེན་ཡིན། །
ཀུན་མཁྱེན་བླ་མས་ཡིད་ཀྱི་རིག་མ་བསྟེན། །
འཇམ་མགོན་བླ་མས་རྨི་ལམ་རིག་མ་བསྟེན། །
མཁན་ཆེན་བླ་མས་ཆོས་ཀྱི་རིག་མ་བརྟེན། །
རིག་མ་མཁའ་འགྲོ་སེམས་ཀྱི་བདེ་ཆེན་ཡིན། །
འགྲོ་བའི་ཡིད་ལ་རྨོངས་པའི་མུན་སེལ་མ།
།
བདེ་ཆེན་རིག་མའི་རྒྱལ་མོ་གཡང༵་གི་མཚོས
།
བདག་སོགས་འགྲོ་བས་རིག་མའི་དེ་ཉིད་རོལ།
།
ཞེས་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་ནམ་རྒྱུན་དུ་རང་སྐྱོན་གཞན་ལ་འགེབ་པར་མཁས་པའི་དགེ་རྩེ་ཐུབ་བཀྲ་སོགས་ལ་ཤྰཀྱའི་དགེ་སློང་ཨེ་མ་ཧོས་ཐོལ་བྱུང་དུ་བྲིས་པ་དགེའོ།
།
Subscribe to:
Post Comments (Atom)
0 comments:
Post a Comment