དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 21 February 2013

ཨ་མའི་དུས་དྲན་ལ་ཕུལ་བ་ཚེ་སྲོག་གི་མེ་ལོང་ཞེས་བྱ་བ་བཞུགས་སོ། །

ཨེ་མ་ཧོ། །

ཨ་མ་དྲིན་ཆེན་བརྩེ་དུང་བདུད་རྩིའི་མཛོད། །
ཧ་ཅང་རྒྱ་ཆད་ཕྱོགས་ལྷུང་ཀུན་བྲལ་བས། །
ས་སྟེང་མི་ལུས་གནང་པའི་བཀའ་དྲིན་ཅན། །
ཤ་ཁྲག་རུས་པའི་བདག་མོ་ཁྱེད་མིན་སུ། །

ལ་ལུང་ངེས་མེད་འཁྱམས་པའི་ཀུན་ཏུ་རྒྱུ། །
ར་རོས་སེམས་ཀྱི་ན་ཚ་རྒྱས་པའི་སྐབས། །
ཡ་མཚན་ཀུན་བཟང་ལས་སྨོན་མཐུ་བཙན་པས། །
འ་ཅག་མ་བུ་འབྲེལ་བའི་ཀརྨ་པ། །

ཟ་མ་སྦྱིན་དང་གོས་དང་དྲོད་ཀྱིས་གསོས། །
ཞ་ལོང་ལྟ་བུ་བདག་ལ་ཐམས་ཅད་སློབ། །
ཝ་ལེར་ཚེ་སྲོག་གནང་བའི་དྲིན་ཆེན་མ། །
ཛ་དྲག་སྡུག་ལས་སྐྱོབ་པར་བརྗེད་མི་སྲིད། །

ཚ་གྲང་ཀུན་བཟོད་དྲིན་ཆེན་ཕུལ་བྱུང་མ། །
ཙ་ར་མེལ་ཚེ་གནང་བའི་ཆོས་སྐྱོང་མ། །
མ་ལུས་བདག་ལ་གནང་བའི་ཐུགས་རྗེ་ཅན། །
བ་སོ་དུང་གི་མདོག་ལྟར་ལྷག་བསམ་དཀར། །

ཕ་དམན་མ་མཆོག་བརྗོད་པར་མ་ཡིན་ཀྱང་། །
པ་ལས་མ་བྱམས་ཕ་ཆེར་དངོས་པོའི་གཤིས། །
ན་མ་ཕྱག་གི་མཆོད་གནས་དྲིན་ཆེན་མ། །
ད་ལྟའི་ལུས་བཟང་གནང་བའི་སྦྱིན་བདག་མཛད། །

ཐ་སྙད་ཤེས་བྱ་སྟོན་པའི་དགེ་རྒན་མ། །
ཏ་རེ་འཕགས་མའི་རྣམ་འཕྲུལ་རྗེ་བཙུན་མ། །
ཉ་གང་ཟླ་བཞིན་མཛུམ་པའི་ཡུམ་ཆེན་མོ། །
ཇ་འོ་ཞིམ་དགུས་མཆོད་པའི་ལྷ་མོར་འདུད། །

ཆ་མེད་མི་ང་གཅེས་པའི་སྲོག་བཞིན་གཉེར། །
ཅ་ཅོའི་ངན་སྨྲས་དང་བྲལ་དཔལ་གཅེས་ཞེས། །
ང་ཡི་བུ་ལོ་གསུང་ཞིང་བདག་གཅེས་འཁན། །
ག་བར་ཕྱིན་ཡང་བརྩེ་ཆེན་ཁྱེད་ཉིད་དྲན། །

ཁ་བའི་ལས་དབང་གསོན་པོ་བྱུང་བ་ན། །
ཀ་དག་མ་བུ་ཕ་གཞིས་ཁབ་ཏུ་འགྲོ། །
ཨོ་རྒྱན་སྒྲོན་མའི་དགོངས་པ་རྫོགས་པ་ཡིན། །
ཨེ་ཝྃ་ཆོས་སྨན་གངས་ཅན་བོད་ནས་སྤེལ། །

ཨུ་ཚུགས་རང་བཙན་གཞན་སྨད་བྱ་བ་མེད། །
ཨི་ཤི་ཀ་བཞིན་ཀུན་བཟང་ཆོས་གླིང་དུ། །
ཨ་མ་མ་འཆི་བར་དུ་ནད་གཡོག་ཞུ། །
མི་ཚེའི་སྙིང་པོ་ལོན་པའི་དགའ་སྟོན་རོལ། །
 

ཞེས་པ་རབ་རྒྱན་ཆུ་སྦྲུལ་དབོ་ཟླའི་ཚེས་༡༠ དགེ་བར་ཨ་མ་ཨོ་རྒྱན་སྒྲོལ་མའི་འཁྲུངས་སྐར་ལ་ཤྲྰི་ཨ་ནནྟ་བཛྲའི་ཆོས་ཚོགས་ཁང་ནས་གྲུབ་ཐོབ་ཨེ་མ་ཧོ་འམ་དབྱངས་ཅན་དགྱེས་པའི་རྡོ་རྗེས་གང་ཤར་དབྱངས་གསལ་བདེན་པའི་གླུ་རུ་བླངས་པ་དགེའོ། །
 

0 comments:

ཟིན་བྲིས་འཚོལ་ཡུལ