དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 23 February 2013

སྤྲུལ་སྐུ་ཨོ་ཉི་རིན་པོ་ཆེ།


ཀྱེ་མ་ཧོ། །

མཁས་བཙུན་མིན་ཡང་དམ་པའི་གྲལ་འགོ་འཛིན། །

སྤྲུལ་སྐུ་སྐྱབས་རྗེ་གོ་ས་བཙན་གྱིས་སྐྱོང་། །

བཟང་ལན་ངན་གྱིས་འཇལ་བའི་བླ་བཙོང་པ། །

དམ་པའི་གོ་རྒས་འདི་ཡང་ཚེ་རིང་ཤོག །
 
ཨ་དཀོན་ཚ་མོ་གྲོན་དཀར་ཚེ་རིང་ཤོག །
ཡུག་སར་གྱུར་ཀྱང་སྤྲུལ་སྐུའི་བདག་གིར་བཞེས། །
 
སྙིང་རྗེས་ཆེན་པོ་སྤྲུལ་སྐུ་ཀརྨ་པ། །
 
ཨ་མྱེ་ཨ་དཀོན་གློག་བརྙན་ལྟ་བཞིན་པ།
ཕ་སྤྲུལ་སྐུ་དང་བུ་སྤྲུལ་སྐུ་ལ།
ཕུང་གསུམ་དག་ཐེར་མཁན་པོ། །
མི་ནག་ཅིག་གིས་སངས་རྒྱས་བསྟན་པ་དག་ཐེར་བྱ་བ་མཛེ་བོས་བྱ་ཁྱུང་གི་སྒྲུབ་ཐབས་སྟོན་པ་མ་ཡིན་ནམ།
 
ད་དུང་འདི་རྩོམ་པ་པོ་ཨོ་ཉི་རེད་ཟེར་གྱིན་འདུག ས་མཚམས་ག་འདྲ་ཞིག་ལ་སླེབས་འདུག་དྲ་གྲོགས་ཚོ།

འདི་འབྲི་མཁན་ཨོ་རྒྱན་ཉི་མ་རེད་ཟེར་ནས་མི་མང་པོས་ལབ་སོང་། དཔང་རྟགས་ཁུང་བཙན་ཡོད་ན་གྱང་ཁང་སྤྲུལ་སྐུ་ཁོང་རང་ལ་ལབ་ནས་ཁྲིམས་ལ་གཏུགས་ཏེ་ཨོ་ཉིས་ཁྲིམས་ཐོག་ནས་ཁུངས་སྐྱེལ་འཇུག་དགོས་ས་རེད། དཀོན་མཆོག་གསུམ་ཨོ་ཉི་འདི་ལ་ད་ཅི་ཞིག་བྱུང་བ་ཡིན་ནམ། རྣམ་གླིང་ཆོས་གི་ཆོས་གྲོགས་ཚོས་ད་ཨོ་ཉི་ལ་ཁ་ཏ་ཞིག་བྱེད་རན་འདུག

ཨོཾ་རྗེ་བཙུན་མ་ཕུང་གསུམ་རྒྱལ་པོ་ལ་ཕྱག་འཚལ་ལོ། ཕྱག་འཚལ་ཕུང་གསུམ་ཀུན་གྱི་གཏེར་པོ། ཁྱོད་ནི་སྐད་ཅིག་གློག་དང་འདྲ་མ། འཇིག་རྟེན་འདི་ན་ཁྱི་འཁྱམས་བཞིན་དུ། མོ་གསར་ཁྱི་མོ་ཀུན་དང་འཁྲབ་མ། སོ་བྱང་སྔགས་ཀྱི་སྡོམ་པ་མེད་ཀྱང་། ཁྲི་སྟེང་རྒྱ་བྱིན་བཞིན་དུ་འགྱིངས་མ། རྡོར་གདན་སྨོན་ལམ་ཚོགས་པའི་དབུས་སུ། རབ་ཏུ་བྱུང་བའི་རྟགས་མཚན་འཛིན་མ། ཕྱག་འཚལ་ཚེ་རིང་ལྷ་མོ་དེ་ཡི། པདྨའི་ནང་དུ་རྟག་པར་རྒྱབ་མ། གད་སྙིགས་ཁྲོད་ཀྱི་གཙང་ཤོག་སྟེང་དུ། ཐིག་ལེ་གོས་པའི་དཔང་རྟགས་ཐོན་མ། མཚན་མོ་རྒྱུན་དུ་དོར་མ་གྱོན་ནས། གཞང་ཁང་ནང་དུ་སྤྱོད་ཡུལ་ཉིད་མ། མ་ལུས་ཕ་རོལ་གཡོག་ཏུ་བལྟས་ནས། རྒྱལ་བའི་ཐུགས་སྲས་ཡིན་མདོག་བྱེད་མ། བྱི་ཕོ་སྟུ་ལ་རེ་ཧཱུྃ་ཡི་གེ། འདོད་ལོག་ཁ་མཆུ་ནམ་མཁའ་གང་མ། གྲུབ་དབང་མཛད་འཕྲིན་ཞབས་ཀྱིས་མནན་ཏེ། མོ་གཞོན་དར་མ་འགུགས་པར་ནུས་མ། ཕྱག་འཚལ་རྙིང་མའི་བླ་ཆེན་རྣམས་དང་། ཡིན་མདོག་བྱས་ནས་འདྲ་མཉམ་རྒྱུག་མ། ཕུང་གསུམ་རིགས་མཐུན་དཀོར་ཟན་རྣམས་དང་། གཞང་བཙོང་ཚོགས་ཀྱིས་མདུན་ནས་བསྟོད་མ། དམ་ཉམ་དྲག་པོའིདབང་བྱེད་ཕཌ་ཀྱིས། རབ་བྱུང་འདུས་སྡེ་རབ་ཏུ་དཀྲུགས་མ། གཡང་ཐང་(1) ཐུབ་བཟང་(2)གཉའ་ནས་གནོན་ཏེ། ཞེ་སྡང་ཕྲག་དོག་ཤིན་ཏུ་འབར་མ། སྐུ་ཆེན་(3)རྒྱལ་བའི་འཇིགས་པ་ཆེན་པོས། ཕུང་གསུམ་ཚོགས་ལ་རབ་ཏུ་གུས་མ། ཁྱོད་ཀྱིས་གནོད་སེམས་ཁྲོ་གཉེར་ལྡན་མཛད། ཕྱག་མཛོད་རིགས་ཀུན་མ་ལུས་གསོད་མ། ཕྱག་འཚལ་དཀོན་མཆོག་དཀོར་དངུལ་བསྡུས་ཚད། སོར་མོའི་རྡུལ་ཙམ་བརྩིས་ཁྲ་མེད་མ། མ་ལུས་ཕྱོགས་ཀྱི་ཆོས་ཚོགས་ཁག་ལ། རང་གི་འདོད་ཕྱོགས་མི་རེ་བཙུགས་མ། ཕྱག་འཚལ་རྣམ་གླིང་འདུས་སྡེ་བཙོང་ཞིང་། རང་ཉིད་ཁོ་ནའི་དཔལ་འབྱོར་སྤེལ་མ། བཞད་པ་རབ་བཞད་སྟུ་ལ་ཆགས་ནས། གཞན་གྱི་ཆུང་མ་དབང་དུ་མཛད་མ། ཕྱག་འཚལ་བསྟན་འཛིན་སྐྱེས་བུའི་ཚོགས་རྣམས། ཐམས་ཅད་དགྲ་ལ་གྱུར་པ་ཉིད་མ། འདོད་ཆགས་གཡོ་བས་དཀོར་རྫས་ཐོབ་ཚད། ཕངས་པ་མེད་པ་གཞན་ལ་གཏོང་མ། ཕྱག་འཚལ་དགའ་མའི་ལུས་ལ་ཕུལ་བའི། བརྒྱན་ཆ་ཐམས་ཅད་ཤིན་ཏུ་འབར་མ། ཐེ་ཝན་ཁྲོད་ནས་ཁ་མཆུ་དཔག་མེད། རྟག་པར་ཁྱོད་ལ་རྒྱུན་དུ་ཕོགས་མ། ཕྲག་དོག་བསྐལ་པ་ཐ་མའི་མེ་ལྟར། རབ་ཏུ་འབར་བའི་དབུ་འཛིན་ཉིད་མ། གཡས་འཐེན་གཡོན་མནན་ཀུན་ཏུ་སྤྱོད་པས། དགྲ་བོའི་དཔུང་ནི་རབ་ཏུ་འཕེལ་མ། ཕྱག་འཚལ་བླ་མའི་གདན་ས་དོར་ནས། རང་ཁྱིམ་དགོན་ཆུང་གང་སར་བསྐྲུན་མ། ཁྲོ་གཉེར་གཡོ་སྒྱུ་འགྲན་སེམས་དབང་གིས། བླ་སློབ་དམ་ཚིག་གོང་བུ་འགེམས་མ། ཕྱག་འཚལ་རེ་བའི་དགེ་སློང་བཞིན་དུ། དགོན་པ་ནང་དུ་སྤྱོད་ཡུལ་ཉིད་མ། ཚུལ་འཆོས་སྤྱོད་པ་ཡང་དག་ལྡན་པས། སྐྱེ་འགྲོའི་ཚོགས་རྣམས་མགོ་སྐོར་བཏང་མ། ཕྱག་འཚལ་དགོན་པའི་ས་ཆ་ཀུན་ལ། བདག་ཐོབ་བྱེད་པའི་ལས་འགུལ་སྤེལ་མ། ཡི་གེ་ཅི་འདུག་ཞིབ་འཇུག་བྱེད་སྟེ། རིག་པ་ཧཱུྃ་ལས་རང་དོན་སྒྲུབ་མ། གོ་ལ་ཐ་ལའི་གཡོག་མོའི་ལྟོ་བར། ཧཱུྃ་གི་རྣམ་པའི་ཐིག་ལེ་

 ཟགས་མ། རིམ་པ་བཞིན་དུ་ལྟོ་བ་འབུར་ཚེ། འཇིག་རྟེན་ཕྱི་མར་གཤེག་གསོལ་མཛད་མ། ཕྱག་འཚལ་ཕྱི་རྒྱལ་སློབ་མའི་ཚོགས་ལ། རིགས་ཅན་སྤྲུལ་སྐུའི་མཚན་རྟགས་ངོམ་མ། ཏཱ་ར་གཉིས་བརྗོད་འཁྲིགས་སྤྱོད་ཆོག་ཅེས། རྙོག་གཏམ་བཤད་པ་བླ་མས་གསན་མ། ཕྱག་འཚལ་ཕུང་གསུམ་པ་ཡི་རྒྱལ་པོ། ལྷ་དང་མིའམ་ཅི་ཡིས་ཁྲེལ་མ། ཀུན་ནས་འདོད་ཆགས་དགའ་བ་བརྗིད་ཀྱིས། ཉིན་མཚན་རྨི་ལམ་ནམ་ཡང་དྲན་མ། འདོད་ཆགས་ཞེ་སྡང་གཏི་མུག་རྒྱས་པའི། སྡེ་གཉིས་པོ་ལས་རབ་ཏུ་འདས་མ། སྐྱ་སེར་གཉིས་པོ་གང་ཡང་མིན་པའི། ཤིན་ཏུ་དྲག་པོའི་རིམས་ནས་སྤེལ་མ། ཕྱག་འཚལ་སྡོམ་པ་གསུམ་ཀ་སྟོང་པས། ཞི་བའི་མཐུ་དང་ཡང་དག་བྲལ་མ། གདོན་ཞུགས་དཔོན་གཡོག་ཚོགས་པ་རྣམས་ཀྱིས། རྒྱལ་བསྟན་རབ་ཏུ་འཇོམས་པ་ཉིད་མ། རྩ་བའི་དྲང་པོ་བཤད་པ་འདི་དང། མཚང་བཙལ་བ་ནི་ཉི་ཤུ་རྩ་གཅིག །།

 

ཟུར་མཆན། (1) སྐྱབས་རྗེ་གཡང་ཐང་རིན་པོ་ཆེ། (2)སྐྱབས་རྗེ་དཔལ་ཡུལ་སྤྲུལ་སྐུ་ཐུབ་བཟང་རིན་པོ་ཆེ། (3)དཔལ་ཡུལ་ཀརྨ་སྐུ་ཆེན་བཅས་ཡིནོ།

 
 
 
 
 

0 comments:

ཟིན་བྲིས་འཚོལ་ཡུལ