དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 10 February 2013
ཤི་རྒྱུ་མེད་པའི་བརྩེ་དུང་།
མི་ལོ་རིང་མོ་ཞིག་གི་ཡར་སྔོན་གྱི་གྲོགས་པོ་ཞིག་ལ་ཤོར་བའི་སེམས་འཕྲིན་དམར་རྗེན་མ།


ལས་དབང་འཁོར་བསྐྱོད་ཀྱི་སོ་ཁའི་བར་ནས༎
མ་བསམ་ཁྱོད་སེམས་ལ་དུང་བ་ཆགས་སོང་༎
བརྩེ་བ་དམར་དམར་དེ་འབོར་རྒྱུ་མི་འདུག།
ཅི་ལྟར་བྱས་ན་ནི་ཁྱོད་རང་དྲན་འདུག།

སྔོན་ཆད་ཁྱོད་ཉིད་ལ་ཀུ་རེའི་ཚུལ་དུ༎
སེམས་ནས་དགའ་བ་ཞིག་ང་ལ་མེད་ཀྱང་༎
ཧ་ཅང་དགའ་མདོག་རེ་སྟོན་ཁུལ་བྱས་ཏེ༎
ལོ་ཟླ་རྫོགས་མེད་རེའི་དགག་འཕྲེང་དོར་སོང་༎

སྤྱིར་ན་ཁྱོད་རང་ལ་ཆ་མེད་ལོས་ཡིན༎
མ་བསམ་མ་འདོད་ཀྱི་ལས་བཀོད་ཅིག་གིས༎
ས་མཐའི་གྲུ་ངོགས་ཀྱི་གསང་ལམ་གསེབ་ནས༎
དུངས་པའི་ཐ་སྙད་ཀྱི་རྩ་བ་རྙེད་སོང་༎

འཛུམ་མདངས་དམུལ་དམུལ་གྱི་ལྡེབ་སྟེངས་ཤིག་གིས༎
ང་ཡི་སེམས་པ་འདི་ཁྱོད་ཀྱིས་བརྐུས་སོང་༎
རེ་བ་ཆེ་ཆེ་ཞིག་ཁྱོད་ལ་བཅངས་ནས༎
ང་ནི་ཁྱོད་ཉིད་ལ་གཅར་ནས་ལོས་ཡོད༎

ཕྱིར་འདང་ཞིབ་མོ་ཞིག་བདག་གིས་བརྒྱབས་ན༎
ཕལ་ཆེར་ཉི་མ་དེའི་ཡར་སྔོན་ཞིག་ལ༎
ཁྱོད་ཀྱིས་འཛུམ་བག་གི་སྙིང་གཏམ་རེ་འགས༎
ང་རང་ཁྱོད་ཉིད་ལ་དགའ་བ་ཆགས་སོང་༎

སྐབས་དེར་ཁྱོད་རང་གིས་འདི་ལྟར་བཤད་ཀི།
གྲོགས་པོའི་མཛའ་བརྩེ་ནི་སེམས་ན་ཡོད་དགོས༎
འགྱུར་མེད་གཏམ་བཅའ་ནི་རྡོ་ལ་བརྐོ་དགོས༎
མ་ཤི་བར་དུ་ནི་འགྱུར་བ་མེད་ཟེར༎

ཧ་ཅང་དུང་དུང་གི་སྐད་ཆ་དེ་ནི༎
ཁྱོད་ཀྱི་འཛུམ་ཆུང་ལས་དངོས་སུ་བརྗོད་བྱུང་༎
སྐབས་དེའི་གཉོམ་ཆུང་གི་ཚུགས་ཀ་དེ་ཡང་༎
བདག་ནི་ད་རེག་བར་བརྗེད་ཐབ

དམར་བོའི་སེམས་སྲུབས་ལ་ཆགས་པའི་ཁྱོད་རང་༎
ཉིན་མཚན་དུས་ཚོད་ཀྱི་སོ་ཁའི་བར་ནས༎
བརྗེད་པའི་དུས་ཤིག་ནི་ཡོད་པ་མ་བྱུང་༎
དེ་ནི་ངེད་གཉིས་ཀྱི་ལས་འབྲེལ་ལོས་ཡིན༎

ཐ་ན་མཚན་རིང་གི་རྨི་ལམ་ཞིང་ནས།།
ཁྱོད་རང་དྲན་གདུང་ལ་འགོག་ཐབས་མེད་པས།།
ཁྱོད་ཀྱི་མིང་བྱང་དེ་བསྐྱར་ཟློས་བྱེད་བཞིན།།
དྲན་པའི་དུས་ཚོད་དེ་བརྒལ་ཐབས་བྱས་ཡོད༎སང་དྲང་མོ་ཞིག་དྲང་གིས་བརྗོད་ན

རི་ཆུ་སྟོང་ཕྲག་གི་ཕར་ངོགས་ཤིག་ནས༎
ཁྱོད་ལ་འཕྲིན་པ་ཞིག་གྲ་སྒྲིག་བྱས་ཏེ༎
དཀར་བོའི་ཤོག་སྟེང་ལ་སྨྱུག་ལྕེ་དཔར་ཀྱང་༎
འཕྲིན་བསྐུར་གོ་སྐབས་ཤིག་ང་ལ་མ་ལྡན༎
༡༠
ཏག་ཏག་སྐད་ཆ་དེ་གསོན་པོར་བཤད་ན༎
བདེན་བདེན་ཁྱོད་ཉིད་ལ་དུང་བ་འདི་ནི།།
དཀར་ནག་གོ་ཟློག་གི་ལོ་ཟླ་ཐོན་ཡང་༎
མི་འགྱུར་རྡོ་རྗེ་ལ་གས་ཆག་མི་སྲིད༎
༡༡
ཁོག་རུས་དམར་བོར་ནི་ལ་རྒྱ་ཡོད་ན༎
ངེད་གཉིས་འགྲོཊ་ཐག་གི་དུས་ཡིན་ཐུང་ཡང་༎
བརྩེ་བའི་དུངས་པ་ནི་འོ་ཆུ་བཞིན་དུ༎
རི་ཆུ་སྟོང་ཕྲག་གི་བརྩེ་བ་ལོས་ཆོད༎
༡༢
དེ་མུར་ལོ་ཟླ་ནི་མང་བོ་འགོར་སོང་༎
ཕྱིར་འདང་ཞིབ་མོ་ཞིག་དལ་གྱིས་བརྒྱབས་ན༎
མིག་ཆུ་རྡོག་པོ་གཉིས་ཡུན་གྱིས་འཁོར་ཡོང་༎
ཤུགས་ཀྱིས་ངུ་སྐད་ཅིག་འབྱིན་ན་འདོད་སོང་༎
༡༣
ད་ཐེངས་བརྩེ་འཕྲིན་དེ་རྒྱང་ལ་ཤོར་ཡོད༎
རེ་བའི་འཕྲིན་ལན་ལ་སེམས་ཀྱིས་སྒུག་ནས༎
ཡ་མཚན་མི་ཚོགས་འདིའི་སེམས་ངོགས་དོག་ཀྱང་༎
མུན་ནག་གྲུ་ཟུར་ན་ཁྱོད་ལ་སྒུག་ཡོད༎
༡༥
སྙུ་གུ་འབྲི་དེབ་དེ་ཉོ་རྒྱུ་ཡོད་ན༎
འཕྲིན་ཡིག་འབྲི་བ་ལ་དཀའ་ཚེགས་མི་འདུག།
ད་རུང་མི་མཐུད་དུ་བདག་གིས་བྲིས་ཆོག།
ང་རང་དུས་ཚོད་ལ་སེར་སྣ་མེད་དོ༎
༡༦
མི་ཚོགས་ཁ་ནས་ནི་གོ་ཐོས་ཡིན་ན༎
ཤུབ་ཤུབ་ལྐོག་ལྐོག་གི་ལོ་ཟླ་འདི་ལ༎
ཁྱོད་ཀྱིས་སློབ་སྦྱོང་ལ་འབད་ཐག་བརྒྱུད་ནས༎
ད་སྐབས་རབ་འབྱམས་ཀྱི་མིང་ཞིག་ཁུར་འདུག།
༡༧
ཆེ་ཆེའི་མིང་བྱང་ཞིག་རྒྱབ་ལ་ཁུར་ནས༎
སྔོན་གྱི་མི་གཤིས་དེ་འགྱུར་རབས་ཐོས་བྱུང་།།
གང་ལྟར་འགྱུར་ལྡོག་ལ་ཟློག་རྒྱུ་མེད་ཀྱང་༎
ང་རང་བརྗེད་ཀྱིན་ནི་ལོས་ཡོད་བསམ་གི༎
༡༨
མཇུག་གཏམ་སྐོར་སྐོར་ཞིག་ཤེད་ཀྱིས་བརྗོད་ན༎
ཐུང་ཐུང་མི་ཚེ་ལ་ཐ་ཚིག་མེད་ན༎
ང་ཡི་བརྩེ་བ་དེ་མི་འགྱུར་རྡོ་ཡིན༎
ལྷན་འཛོམས་ཡོང་བ་ལ་སྨོན་ལམ་ལན་བརྒྱར༎
2012/10/7

0 comments:

ཟིན་བྲིས་འཚོལ་ཡུལ