དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 21 April 2013

གུ་རུའི་གསོལ་འདེབས་ཤར་གྲོལ་རིག་པ་ཞེས་བྱ་བ། །

ཨེ་མ་ཧོ། །

སངས་རྒྱས་ཀུན་འདུས་གུ་རུ་རིན་པོ་ཆེར། །

རང་ངོ་ཀུན་ཤེས་ངང་ནས་གསོལ་བ་འདེབས། །

བར་ཆད་ཀུན་སྤངས་ཤར་གྲོལ་རིག་རྩལ་ཉིད། །

འཁོར་འདས་ཀུན་བྱེད་རྒྱལ་པོས་སེམས་བསྐྱེད་དོ། །

ཨོཾ་ཨྰཿཧྰུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧྰུྃ། །

ཞེས་རྨི་ལམ་ལས་སྙིང་ནས་སྨོན་པ་བཞིན་སད་པའི་སྐབས་སུ་གསལ་ལྷང་ལྷང་དུ་དྲན་པར་འདུག ངོ་དེབ་སྒོ་ཕྱེ་བ་དང་མཁའ་འགྲོ་བྱང་ཆུབ་ལྷ་མོས་གུ་རུའི་སྐུ་པར་དང་བ་འདྲེན་པ་ཞིག་བསྐུར་འདུག་པ་མཇལ་བའི་མོད་ལ་རྟེན་འབྲེལ་ལེགས་འགྲིགས་ཀྱིས་སྦས་གསང་མེད་པར་ལྟ་སྤྱོད་མཐུན་པའི་རིག་འཛིན་རྣམ་པར་རྟོགས་འབུལ་དུ་ཤྲྰི་སྨྱོན་ཨེ་མ་ཧོས་གུས་པས་ཕུལ་བར་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ