དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday, 27 October 2013
[10/26/2013 9:22:26 PM] Awawws: གནས་མཇལ་བའི་ཚོར་སྣང་།
ན་མོ་གུ་རུ་བྷྱཿ
རིས་མེད་འགྲོ་བའི་དཔལ་མགོན་དམ་པ།།
རྒྱལ་སྲས་སེམས་དཔའ་གཞོན་ནུའི་ཚུལ་འཛིན།།
སྙིགས་མའི་རྒུད་པ་འཇོམས་པའི་དེད་དཔོན།།
ས་ཡི་སྙིང་པོར་གུས་པས་འདུད་དོ།།
གང་སར་རྒྱུ་བའི་གྲྭ་རྐྱང་འཁྱམ་པོ།།
ལས་དབང་རླུང་གི་འཁོར་ཕྱོགས་ཞིག་གིས།།
ས་ཡི་སྙིང་པོའི་གདན་ས་བྱིན་ལྡན།།
གནས་མཆོག་དཔལ་རི་རྩེ་དགུར་འབྱོར་སོང་།།
བདེ་བཤེགས་སྐུ་གཟུགས་རྡོ་དང་ཤིང་སོགས།།
སྣ་ཚོགས་ལས་གྲུབ་དད་རྟེན་བྱས་ན།།
ཚོགས་གཉིས་བསགས་པར་འགྱུར་བ་ཡིན་ཞེས།།
དཔལ་མགོན་འཕགས་པ་ཀླུ་སྒྲུབ་དགོངས་པ།།
ནག་པོ་རྒྱ་ཡི་ཡུལ་གྲུ་འདི་རུ།།
ཆོས་མེད་སེམས་ཅན་བགྲངས་ལས་འདས་པ།།
འདི་རྣམས་ཐར་བའི་ས་བོན་འཇོག་ཕྱིར།།
རྒྱལ་བའི་འགྲོ་དོན་ངོ་མཚར་ཆེའོ།།
ས་ཡི་སྙིང་པོའི་གནས་མཆོག་དེ་ན།།
ཡུལ་སྐོར་མི་ཚོགས་ནམ་མཁའི་རྒྱུ་སྐར།།
ཀུན་གྱིས་ལག་ཏུ་སྤོས་དང་མེ་ཏོག།
མཆོད་པའི་སྤྲིན་བཟང་མི་ཟད་ཕུལ་འདུག།
འོན་ཀྱང་གནས་སྐབས་བདེ་སྐྱིད་མ་གཏོགས།།
མཐར་ཐུག་སངས་རྒྱས་འབྲས་བུར་སྨོན་མཁན།།
ཆོས་ལྡན་རྒྱ་མི་རེ་གཉིས་མ་གཏོགས།།
ཆོས་ཀྱི་སྙིང་པོ་ཤེས་མཁན་ཉུང་ཉུང་།།
རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་ཀུན་ལ།།
ལག་གཉིས་ཐལ་མོ་སྦྱར་ཏེ་འདུད་ན།།
ཚེ་རབས་ཕྱི་མར་མཐར་འབྲས་ཐོབ་ངེས།།
ཁྱིམ་བདག་དཔལ་སྐྱེས་རྣམ་ཐར་ཇི་བཞིན།།
འཕགས་པ་ས་ཡི་སྙིང་པོ་མཁྱེན་ནོ།།
འཛམ་གླིང་སྐྱེ་འགྲོའི་རྒུད་པ་སོལ་ཅིག།
གངས་ལྗོངས་ཆོས་སྲིད་ཉམ་པ་སོལ་ཅིག།
རིས་མེད་འགྲོ་བའི་སྡུག་བསྔལ་སེལ་མཛོད།།
གནས་མཆོག་འདི་ཉིད་མཇལ་བསྐོར་བྱས་པའི།།
རྣམ་དཀར་དགེ་བའི་རྩ་བ་ཅི་མཆིས།།
བླངས་དོར་གནས་ལ་རྨོངས་པའི་འགྲོ་བ།།
ཀུན་ཀྱང་སངས་རྒྱས་ས་རུ་སྨོན་ནོ།།
༢༠༡༣ཟླ༡༠ཚེས༢༦ཉིན་ཨེ་ཝྃ་རིག་པའམ་འོད་གསལ་མཐའ་ཡས་སུ་འབོད་པ་གང་དེས་འཕགས་པ་ས་ཡི་སྙིང་པོའི་གདན་ས་གནས་མཆོག་དཔལ་རི་རྩེ་དགུ་ནས་ཤར་མར་བྲིས་པ་དགེ་ལེགས་འཕེལ།

0 comments:

ཟིན་བྲིས་འཚོལ་ཡུལ