དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday, 24 November 2013

དབྱིན་རྒྱ་བླ་མ་དཀར་པོ་འམ་ལྟ་ལོག་གདོན་གཟུགས་ཀྱི་མི་རྒན་རྫུན་སྐྱལ། །


ཐོས་བསམ་སྒོམ་སྒྲུབ་གང་ཡང་མ་བྱས་དགེ་སྡིག་མེད་པའི་མི་ནག་ཅིག །
ཁ་བཤད་རྒྱག་པས་གཞན་མགོ་གཡོག་ཅིང་ཐར་པ་ཆེན་པོ་ཡོད་སྐད་ལོ། །
རྒྱ་བལ་ཁ་ཡེའི་གྲོང་ནག་འགའ་རེས་དེ་ལ་བསྟེན་ནས་སྡིག་ཆེན་བསགས། །
ནག་པོ་བདུད་ཀྱི་ཆོ་འཕྲུལ་ཞིག་གིས་བ་གླང་ཕལ་ཆེར་དམར་བསད་བཏངས། །



གདོན་གཟུགས་འདྲེ་བོས་དུད་ནག་འཐེན་ཞོར་ཚོགས་དྲུག་ཤེས་པ་མེད་དོ་ཟེར། །
སངས་རྒྱས་སེམས་ཅན་དོན་མེད་ཟེར་ནས་རང་གི་བུ་རྒྱུད་ལྐོག་གསོད་བྱས། །
དཀོན་མཆོག་གསུམ་དང་རྩ་གསུམ་ཞིང་ལ་དད་གུས་མེད་པའི་དམ་ཉམས་ཤིག །
མ་གྱུར་འགྲོ་ལ་སྙིང་རྗེ་བྲལ་བས་ལས་འབྲས་མེད་པའི་རྒྱང་འཕེན་པ། །

མི་སེམས་ནག་པོ་བདུད་ཀྱིས་ཟིན་པས་ལས་ངན་བདུད་རྒན་དྲེད་ཐོ་གཅིག །
ཁ་སྣ་དྲི་ངན་དུད་ཞག་ཆགས་ཞིང་བཅོས་མིན་གྲུབ་ཐོབ་ཡིན་འདོགས་སྟོན། །
མི་ལོ་བདུན་ཅུའི་གྲལ་དུ་ཕྱིན་ཀྱང་རྫུན་དང་གཡོ་སྒྱུའི་འཁོར་ལོ་བསྐོར། །
མི་ངན་དམ་སྲི་བདུད་ཀྱི་རྒྱབ་དཔུང་བསྟན་པ་བཤིག་པའི་ཏེ་བོ་ཞིག །

བོད་བརྒྱུད་ནང་བསྟན་ཁ་ལ་གཡར་བའི་ཀརྨ་པ་ཡི་དངོས་སློབ་ཟེར། །
སེམས་ནག་སྡིག་རྒན་སྐྱལ་སྟོང་ཞིག་ལ་བླ་སྤྲུལ་མིང་གི་ཆོ་ལོ་བཏགས། །
བཤད་སྒྲུབ་ཕྲིན་ལས་ཉམས་པའི་སྒང་ལ་ཆགས་སྡང་དབྱེན་དཀྲུགས་མེ་ལྕེ་སྦར། །
སྡུག་གི་རྒྱ་མཚོ་འཁྱིལ་བའི་སྒང་ལ་དུག་ཆར་ནག་པོས་ཁར་སྣོན་སྤེལ། །


དཀར་བོ་ལྷ་ཡི་རླུང་རྟ་ཆག་པས་ནག་པོའི་མིང་ལ་དཀར་པོ་བཏགས། །
དཀར་པོ་ཆོས་ཀྱི་ངོ་སོ་དམའ་བས་སྡིག་ཏོ་ནག་ཕྱོགས་བདུད་དཔུང་རྒྱས། །
དུས་ངན་སྙིགས་ལྔའི་རང་མཚན་མངོན་པས་དོལ་འདྲེ་རྒྱ་འགོང་མགོ་བོ་མཐོ། །
ནག་པོ་བདུད་ཀྱི་བསྟན་པ་དར་བས་དཀར་ཕྱོགས་ཆོས་སྐྱོང་དམ་ཚིག་གཡེལ། །

ཚད་ལྡན་རབ་བྱུང་བསྟན་པའི་གཞི་རྩ་ཕྱི་ནང་མཚུངས་པས་བཤད་སྒྲུབ་འཛིན། །
སྙིང་རྗེ་ཆེན་པོ་བྱང་ཆུབ་སེམས་མཆོག་རྒྱུད་ལ་ལྡན་པས་འགྲོ་ཁམས་སྐྱོང་། །
ཤེས་རབ་ཕར་ཕྱིན་གསང་སྔགས་རྣལ་འབྱོར་མཐུ་སྟོབས་ནུས་པའི་རྩལ་དྲུག་སྤེལ། ། ཡ
ང་དག་དགེ་སྦྱོར་ས་ཆེན་ཁྱབ་པས་འགྲོ་ཀུན་བདེ་བའི་སྨོན་ལམ་འདེབས། །
ཞེས་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་མགོ་ཟླའི་དབང་ཚེས་རྒྱལ་བ་དང་པོའམ།
ཕྱི་ལོ་༢༠༡༣ ༡༡ ༡༩ ཉིན་ནུབ་ཕྱོགས་པ་ཞིག་གིས་བྱ་བྱེད་གཡོ་རྫུན་འོག་ལ་རྨོངས་དད་ མཁན་ཞིག་ཞུགས་ནས་རྒྱལ་བའི་བཀའ་བསྟན་ལ་ཡང་ཟུར་ཟ་བ་བརྗོད་པར་མཐོང་ནས་གང་དྲན་དུ་ཤྲྰི་མ་ར་ཡས་ཚིག་ཇ་འཐུང་ཞོར་ལ་ཨེ་ཝཾ་ཀོ་པེའི་ཁང་ནས་བྲིས་པ་དགེའོ། ད་བཟོད་ཁོམ་ཐལ། །

0 comments:

ཟིན་བྲིས་འཚོལ་ཡུལ