དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Thursday, 12 December 2013
ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། །
ཨེ་མ་ཧོ། །
ཆོས་དབྱིངས་རྡོ་རྗེས་ཏིང་འཛིན་བདེན་སྟོབས་དང་། །
ཀུན་མཁྱེན་བླ་མའི་ཐུགས་རྗེ་གཟི་བྱིན་མཐུས། །
སྡེ་བཞིའི་ཕུན་ཚོགས་དབྱར་གྱི་མཚོ་ལྟར་རྒྱས། །
བསླབ་གསུམ་ལྡན་པས་གནས་འདིར་ཡོངས་སུ་གང་། །
ནག་ཕྱོགས་མུན་པའི་གཡུལ་ལས་རྒྱལ་བའི་ཚེ། །
དཀར་ཕྱོགས་ཆོས་ཀྱི་འོད་སྣང་ས་གསུམ་ཁྱབ། །
མ་དག་འཁོར་བའི་སྡུག་བསྔལ་རྒྱུན་ཆད་ནས། །
དག་པ་རབ་འབྱམས་རྒྱལ་བའི་སྐུ་རུ་གྱུར། །
སྣོད་བཅུད་རྣམ་དག་པདྨ་ཀ་རའི་གླིང་། །
གསང་གསུམ་བདེ་ཆེན་རྡོ་རྗེ་གར་གྱིས་རྩེན། །
དཀོན་མཆོག་རྒྱལ་བའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེངས། །
རྫོགས་ལྡན་བསྐལ་བའི་རྟེན་འབྲེལ་མངོན་དུ་གྱུར། །
ཨ་ལ་ལ་ཧོ་ཕན་བདེའི་དགའ་སྟོན་རོལ། །
ཞེས་རྨི་ལམ་དག་སྣང་གསལ་བའི་དགའ་བདེ་ཉིད་ཕྱོགས་ཙམ་བརྡ་རིས་སུ་ཨེ་མ་ཧོ་འམ་རྨི་ལམ་དབང་ཕྱུག་གིས་བགྱིས་པར་དགེའོ། །
Subscribe to:
Post Comments (Atom)
0 comments:
Post a Comment