དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday, 10 January 2014

དཔལ་དགྱེས་པ་རྡོ་རྗེ་གསང་བ་འདུས་པ་དུས་ཀྱི་འཁོར་ལོ།

ཨེ་མ་ཧོ། །

ཨེ་ཝྃ་སྟོང་དང་སྙིང་རྗེའི་ངང་ཉིད་ལས། །
རང་མདུན་ནམ་མཁར་རྩ་གསུམ་རྒྱལ་བའི་དབུས། །
ཆུ་སྐྱེས་པདྨ་ཉི་ཟླའི་གདན་སྟེང་དུ། །
སྣང་སྲིད་ཟིལ་གནོན་དཔལ་དགྱེས་རྡོ་རྗེའི་སྐུ། །
ཞལ་གཅིག་ཕྱག་གཉིས་ས་གནོན་མཉམ་བཞག་མཛད། །
གཡས་པ་དཔལ་བེའུ་རྡོ་རྗེའི་མཚན་པ་དང་། །
གཡོན་པར་པོ་ཏི་དྲིལ་བུའི་རྒྱན་པར་བསྣམས། །
ཆོས་གོས་ཟ་བེར་གསོལ་ཞིང་དཀྱིལ་ཀྲུང་བཞུགས། །
ཐུགས་ཀར་ཨོཾ་ཨྰཿཧྰུྃ་ཧྲྰིཿའི་འོད་ཟེར་འཕྲོས། །
དབང་བཞིས་བྱིན་རླབས་སྒྲིབ་བཞི་ཡོངས་སུ་དག །
སྐུ་བཞི་མངོན་གྱུར་ཡེ་ཤེས་བླ་མའི་ངང་། །
བསྟན་འགྲོར་ཕན་བདེས་ཕྲིན་ལས་ཀུན་ཁྱབ་ཤོག །
ཨོཾ་ཨྰཿཧྰུྃ་ཤྲྰིཿཨ་ནནྟ་བཛྲ་སརྦ་སིདྡྷི་ཕ་ལ་ཧྰུྃ་ཨ། །

ཞེས་པ་འདི་ཡང་རབ་རྒྱན་རྒྱལ་ཟླའི་ཡར་ངོའི་ཚེས་བཅུ་ཉིན་སྙིང་ཉེ་བའི་མཁའ་འགྲོ་སྒྲོལ་དཀར་དང་མཁན་པོ་འོད་གསལ་མཐའ་ཡས་སོགས་ཀྱིས་བསྐུལ་ངོར་ཐོལ་བྱུང་དུ་རང་རྣལ་དམར་བརྗེད་དུ་ཤྲྰིཿ་ཨེ་མ་ཧོས་དབྱིན་ཡུལ་ཨེ་ཝྃ་སྨན་ཁང་ནས་བྲིས་པར་ཤྲྰི་སརྦ་བི་ཛ་ཡནྟུ།།

0 comments:

ཟིན་བྲིས་འཚོལ་ཡུལ