དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Thursday, 16 January 2014
འདོད་འབྱུང་ནོར་བུ་བསམ་པ་བཟང་པོ།།དགྲ་གཉེན་མེད་པར་རྒྱུད་ལ་སྐྱེས་ན།།བསམ་པའི་དོན་ཀུན་མི་འགྲུབ་མི་སྲིད།།རྒྱལ་སྲས་སྤྱི་ཡི་ལམ་ཆེན་དེ་ཡིན།།བྱ་བ་ལེགས་ཉེས་ལས་ཀྱིས་བསྐོར་འོང་།།འདི་བྱ་འདི་བྱེད་བསམ་བློ་མ་མང་།།རང་སེམས་གཡེང་བ་གྲོག་སྐམ་ཉ་རྒྱ།།རེ་འདོད་འབྲས་བུ་འབྱོར་བར་དཀའོ།།སྣོད་བཅུད་ཐམས་ཅད་སྡུག་བསྔལ་རང་བཞིན།།སྤྱོད་ལམ་ཐམས་ཅད་མ་རབས་ལད་མོ།།སྨྲ་བརྗོད་ཐམས་ཅད་རྫུན་གྱི་འཁོར་ལོ།།ལོངས་སྤྱོད་ཐམས་ཅད་སྡིག་པའི་གཡོ་བསྐོར།།གཏད་ན་མི་བསླུ་དཀོན་མཆོག་རིན་ཆེན།།སྐྱབས་གནས་གཅིག་ཆོག་ཡར་བར་དོར་ནས།།ལྷ་ལ་བོས་ཀྱང་ལྷ་སྲུང་མི་འགོ།མི་ལ་རྒྱབ་བརྟེན་མེད་པ་དེ་ལགས།།དྲང་པོའི་གཞུང་ལམ་ཡལ་བར་བོར་ནས།།གཡོ་རྒྱུའི་སྐོར་ཡུས་ཆེད་དུ་གཉེར་ཡང་།།ནམ་ཕུག་ཕུང་བའི་བློ་ཉེས་དེ་ལགས།།འཇིགས་མེད་རྟ་མགྲིན་ཡོན་མགོན་པོའི་ཞལ་གསུང་དྲི་མེད།།
Subscribe to:
Post Comments (Atom)
0 comments:
Post a Comment