དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 27 January 2014
༄༅། །རྗེས་དྲན་པད་དཀར་ཆུན་པོ།

དོར་ཞི་གདོང་དྲུག་སྙེམས་བློས་བརྩམས།

༄༅། །བློ་བཟང་རྒྱལ་བའི་བསྟན་སྲིད་ས་ཆེན་བཏེགས། །
འགྲོ་ཕན་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་ཆར། །
བསིལ་ལྗོངས་བདེ་སྐྱིད་ཞིང་སའི་དབུགས་འབྱིན་ཅིང་། །
བདུད་བཞིའི་གཡུལ་རྒྱལ་རྒྱལ་མཚན་བསྒྲེངས་ལ་འདུད། །



ཕན་བདེ་ཀུན་འབྱུང་ནོར་བུ་འོད་པོ་ཆེ། །
རེ་ཞིག་ཆུ་ལྷའི་རྒྱ་མཚོར་བྱིང་བ་ན། །
སྲེད་མེད་བུ་ཡི་སྟོབས་ཀྱིས་སླར་བཏོན་ཏེ། །
ཤར་རིའི་རྩེ་མོར་བཀོད་པའི་བཀའ་དྲིན་དྲན། །



སྔོན་བྱོན་སྟོན་པའི་རྣམ་ཐར་ལྷུར་བཞེས་ཏེ། །
དམྱལ་བའི་ཤིང་རྟ་འདྲེན་ཐག་ཕྲག་པར་བླངས། །
ལྕགས་སྲེག་གཞི་ལ་གོམ་པ་བདེ་བར་སྤོར། །
མི་འཇིགས་ངར་སྐད་ལོག་སྒྲུབ་རྫུན་ཕུག་གཏོར། །



ས་ཆེན་འཁྱག་དར་རིམ་དགུས་བཏུམ་པའི་ཚེ། །
ལྷག་བསམ་སྙིང་སྟོབས་ཚ་ཟེར་འབུམ་སྤྲོས་ཏེ། །
རིག་གནས་འབྲུ་དྲུག་མྱུ་གུ་སླར་འབུས་པའི། །
དཔྱིད་དཔལ་འགུགས་པའི་ལེགས་ཚོགས་རྟེན་འབྲེལ་བསྒྲིགས། །



རང་དོན་སྒྲུབ་ལ་ནམ་ཡང་མི་རེ་ཞིང་། །
གཞན་དོན་སྲོག་ལ་བབས་ཀྱང་མི་གཏོང་བའི། །
རྒྱལ་སྲས་དཔའ་བོའི་སྤྱོད་པ་ལེགས་སྐྱོང་བའི། །
མཛད་རྗེས་རྡོ་རིང་མི་བརྗེད་དྲན་པར་ཚུགས། །



མཆོད་པ་ཀུན་གྱི་ནང་ནས་མཆོག་གྱུར་བ། །
བཀའ་བཞིན་སྒྲུབ་པའི་མཆོད་པར་གསུངས་པའི་ཕྱིར། །
ཚངས་པའི་དབྱངས་ཀྱིས་སྙིང་ལ་བསྩལ་བའི་གསུང་། །
ཇི་བཞིན་སྒྲུབ་པའི་མཆོད་པས་རྗེས་དྲན་ཞུ། །
ཞེས་པ་འདི་ནི་༸པཎ་ཆེན་བཅུ་བ་མཆོག་གཟུགས་སྐུའི་བཀོད་པ་བསྡུས་ནས་མི་ལོ་ཉི་ཤུ་འཁོར་བའི་དྲན་སྟོན་དུས་དེབ་ངོར་འགོད་རྒྱུའི་ཚིག་འགའ་འབྲི་དགོས་ཞེས་སྐུལ་ངོར་དོར་ཞི་བས་བྲིས།

༄༅། །གསལ་བཤད་མདོར་བསྡུས། པཎ་ཆེན་སྐུ་ཕྲེང་བཅུ་བ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་ཆོས་དབྱིངས་སུ་གཤེགས་ནས་ལོ་ཉེར་ལྔ་འཁོར་བའི་རྗེས་དྲན་དུ་རྗེ་དགེ་བའི་བཤེས་གཉེན་དཔལ་བཟང་བོ་དོར་ཞི་རིན་པོ་ཆེའི་གསུང་རྩོམ་འདི་རྗེས་དྲན་མཚོན་པའི་རྟེན་འབྲེལ་དུ་སློབ་མའི་ཟིན་བྲིས་སུ་བཀོད་པའི་ལེགས་ཚོགས་ཐམས་ཅད་ཀུན་ནས་དགེ་བར་གྱུར་ཅིག་གོ། །

0 comments:

ཟིན་བྲིས་འཚོལ་ཡུལ