དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 11 March 2014
༧རྒྱལ་དབང་ཀརྨ་པའི་སྐུ་ཕྲེང་རིམ་བྱོན་གྱི་སྐྱེས་རབས་པདྨ་གེ་སར་སྙིང་པོ་ཞེས་བྱ་བ། །
ན་མོ་གུ་རུ་ཀརྨ་དྷེ་ཝ་ཡེ། །
བརྒྱུད་གསུམ་རིག་འཛིན་བླ་མ་ཡི་དམ་དང་། །
མཁའ་འགྲོ་ཆོས་སྐྱོང་རྒྱ་མཚོ་བདག་ལ་དགོངས། །
གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །
བདེན་པའི་ཚིག་ཀུན་འབད་མེད་ལྷུན་གྲུབ་ཤོག །

ཀ་དག་ཆོས་དབྱིངས་གདོད་ནས་སྐྱེ་མེད་ཀྱང་། །
ལྷུན་གྲུབ་རང་སྣང་འོད་གསལ་འགགས་མེད་ཤར། །
ཟུང་འཇུག་རིག་པའི་ཡེ་ཤེས་སྤྲུལ་པའི་སྐུ། །
ཀརྨའི་སྐུ་ཕྲེང་རིམ་བྱོན་འདི་ན་བཀོད། །

འཕགས་མཆོག་ཕྱག་ན་པདྨོའི་ཐུགས་རྗེས་འཕྲུལ། །
གངས་ཅན་དད་སྨོན་མོས་པའི་བདེན་མཐུ་ཡིས། །
མདོ་ཁམས་ཏྲེ་ཤོད་མཛེས་པའི་དཀྱིལ་ཐང་ནས། །
དང་པོ་དུས་གསུམ་མཁྱེན་པའི་ངོ་མཚར་འབར། །

འཁྲུལ་བྲལ་འབྱུང་འགྱུར་ལུང་བསྟན་གསལ་བ་བཞིན། །
མདོ་ཁམས་དམ་པ་ཆོས་ཀྱི་དབང་ཕྱུག་ནས། །
དབུ་སེའི་ཡང་སྲིད་ཀརྨ་པཀྵི་ཉིད། །
གཉིས་པ་འགྲོ་མགོན་རྒྱལ་བུ་མྱུ་གུ་བཞད། །

ངེས་དོན་ཕྱག་རྒྱ་ཆེན་པོའི་དེ་ཉིད་དོན། །
ཇི་བཞིན་མཇལ་ནས་འགྲོ་ལ་སྟོན་མཁས་པ། །
མང་ཡུལ་གང་ཐང་འཁྲུངས་པའི་དགེ་བའི་བཤེས། །
གསུམ་པ་རང་བྱུང་རྡོ་རྗེ་ཡོངས་སུ་གྲགས།

མདོ་ཁམས་ལྷོ་བརྒྱུད་ལུང་ཆེན་བཅོ་བརྒྱད་ཀྱི། །
ནང་ཚན་རྔོ་རོང་ཨ་སྤང་དཀར་པོར་འཁྲུངས། །
ཆོས་དྲུག་ཕྱག་ཆེན་བཤད་སྒྲུབ་ཕྲིན་ལས་ཅན། །
བཞི་བ་རོལ་པའི་རྡོ་རྗེ་མཚན་དུ་ཆགས། །

ཉང་ལོང་ཀོང་པོ་གསུམ་གྱི་ཉང་འདམ་དུ། །
རང་ངོ་རང་གིས་མཁྱེན་པའི་སྤྲུལ་པའི་སྐུ། །
དྭགས་བརྒྱུད་བསྟན་པ་འཛིན་ལ་གཅིག་དཔའ་བའི། །
ལྔ་བ་དེ་བཞིན་གཤེགས་པའི་དགེ་སློང་རྒྱལ། །

ཁམས་ཕྱོགས་ངོམ་སྟོད་བཤེས་སྐྱམ་གྲགས་གནས་སུ། །
གོ་འཇོ་བསམ་འགྲུབ་རྡོ་རྗེ་ཡབ་ཡུམ་ལ། །
བལྟམས་པས་མདོ་སྔགས་ཆོས་འཆད་དབྱེན་བསྡུམ་པ། །
དྲུག་པ་མཐོང་བ་དོན་ལྡན་གསར་དུ་བཞད། །

ཁམས་རྔོད་སྤྱི་མདའ་མཛེས་པའི་ལྟོ་བ་རུ། །
སྔགས་འཆང་གྲུབ་པའི་དཔལ་ལས་ལེགས་འཁྲུངས་པའི། །
དབུ་ཕལ་འདུལ་ཚད་མཁས་པའི་གཟུར་གནས་པ། །
བདུན་པ་ཆོས་གྲགས་རྒྱ་མཚོའི་ཕྲིན་ལས་སྤེལ། །

མདོ་སྟོད་གདན་སའི་ཆུ་རྒྱུད་གཡས་ལུང་དུ། །
མཚན་དཔེ་གསར་ཚེས་བཀའ་བསྟན་གདམས་པའི་མཛོད། །
སྒྲུབ་བརྒྱུད་སྲོག་ཤིང་འཛིན་སྐྱོང་སྤེལ་བའི་མགོན། །
བརྒྱད་པ་མི་བསྐྱོད་རྡོ་རྗེའི་ལང་ཚོ་ངོམས། །

མདོ་ཁམས་ཏྲེ་བོའི་ཁ་གླང་རིའི་ཞོལ་དུ། །
ཨ་རྡོར་ཡབ་ཡུམ་སྲས་སུ་ངོ་མཚར་འབར། །
ཞྭ་དམར་པན་ཆེན་དམ་པས་རྗེས་བཟུང་བའི། །
དགུ་བ་དབང་ཕྱུག་རྡོ་རྗེའི་ཐུགས་དམ་བཞེངས། །
༡༠
གངས་ལྗོངས་སྨར་སྟོད་ཀི་ཟིའི་ཐང་ཆེན་དུ། །
ཁྱེའུ་ཐར་དང་ཨ་འཚོའི་རིགས་སྲས་ཆེ། །
ཞྭ་དམར་གར་གྱི་དབང་པོའི་རྗེས་འཇུག་པ། །
བཅུ་བ་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་བཞུགས། །
༡༡
རྨ་ཡུལ་མགོ་ལོག་གླིང་གི་ཞིང་ཁམས་སུ། །
མཚན་ལྡན་རིགས་ཀྱི་ལང་འཚོ་གསར་བཞད་ནས། །
ཞྭ་དམར་ཡེ་ཤེས་སྙིང་པོའི་སློབ་མ་མཆོག །
བཅུ་གཅིག་ཡེ་ཤེས་རྡོ་རྗེའི་རང་མདངས་གསལ། །
༡༢
མདོ་ཁམས་སྡེ་དགེའི་མངའ་ཁོངས་དབོན་སྟོད་དཀྱིལ། །
པཀྴིའི་དབོན་རྒྱུད་ལས་འཁྲུངས་མཁས་གྲུབ་རྗེས། །
ཞྭ་དམར་རྩ་བའི་བླ་མར་ལེགས་བསྟེན་པའི། །
བཅུ་གཉིས་བྱང་ཆུབ་རྡོ་རྗེའི་མཛད་པ་སྐྱོང་། །
༡༣
ལྷོ་གནས་དགེ་རིར་གྲུབ་པའི་གདུང་ལས་འཁྲུངས། །
མདོ་སྔགས་རིག་གནས་མཁས་ཞིང་བཙུན་པ་ཉིད། །
པན་ཆེན་ཞྭ་དམར་གཙུག་གི་རྒྱན་བསྟེན་པ། །
བཅུ་གསུམ་བདུད་འདུལ་རྡོ་རྗེའི་དམ་ཚིག་རྒྱལ། །
༡༤
ཁམས་ཀྱི་ཤར་ངོས་བདེ་གནས་མཛེས་པ་རུ། །
དབྲ་ཆེན་རིགས་ལས་སྤྲུལ་པའི་སྐུར་བཞེངས་ནས། །
ཞྭ་དམར་མཁས་གྲུབ་དམ་པས་རྗེས་འཛིན་པའི། །
བཅུ་བཞི་ཐེག་མཆོག་རྡོ་རྗེའི་བསྟན་པའི་བདག །
༡༥
གཙང་ཁུལ་གཡུང་དྲུང་འཁྱིལ་བའི་གདན་ས་ནས། །
ཞྭ་དམར་བསྟན་པའི་རྒྱལ་ཚབ་རིན་པོ་ཆེས། །
ཕྱག་ཆེན་གདམས་པའི་ཤིང་རྟའི་ཁ་ལོ་པ། །
བཅོ་ལྔ་མཁའ་ཁྱབ་རྡོ་རྗེའི་སྐྱེས་རབས་སོ། །
༡༦
མདོ་ཁམས་སྡེ་དགེའི་ཤར་ངོས་རྫ་རྒྱུད་དུ། །
ཚ་ཞིང་མདན་པའི་སྤྲུལ་པ་ཞལ་བཞེས་པའི། །
སྒྲུབ་བརྒྱུད་བསྟན་པའི་བརྒྱུད་འཛིན་ཀཾ་ཚང་པའི། །
བཅུ་དྲུག་རིག་པའི་རྡོ་རྗེར་དབང་ཐང་རྒྱས། །
༡༧
ལྷ་རིགས་འཇུ་ལས་མཆེད་པའི་རྣམ་རྒྱལ་གྱིས། །
བདེན་ཚིག་གྲུབ་པའི་གདུང་ལས་ལེགས་གཏམས་པས། །
ཞྭ་དམར་དམ་པའི་བཀའ་ལུང་མ་ནོར་བ། །
བཅུ་བདུན་ཨོ་རྒྱན་མཐའ་ཡས་རྡོ་རྗེ་བཞུགས། །
གཟུར་གནས་མཁྱེན་པའི་ཉི་མ་ཤིན་ཏུ་བཀྲ། །
བློ་ལྡན་བྱམས་བརྩེའི་ཟླ་བ་ཀུན་ཏུ་ཤིས། །
དོན་གཉེར་སྐལ་བཟང་སྐར་ཚོགས་རྟག་ཏུ་བདེ། །
དྲང་བདེན་རིག་པའི་ལོ་རྒྱུས་མཆོག་ཏུ་ལེགས། །
དུས་གསུམ་མཁྱེན་ནས་མཐའ་ཡས་རྡོ་རྗེའི་བར། །
སྐྱེ་སྤྲུལ་ཕྲེང་བ་གསེར་རིའི་ལྷུན་པོ་རྣམས།
བསྟན་འགྲོར་ཕན་བདེའི་དཔལ་དུ་བྱོན་པ་ཀུན། །
ཆོས་བཞིན་མཛད་པའི་ཕྲིན་ལས་རྒྱས་གྱུར་ཅིག །
ཅེས་པ་འདི་ཡང་རབ་རྒྱན་ཆུ་འབྲུག་དབོ་ཟླའི་ཡང་ངོའི་ཚེས་བཅུ་ཉིན་རྨི་ལམ་བཟང་པོ་ཞིག་དང་ལྷག་བསམ་དྲི་མེད་བཟང་པོས་བསྐུལ་བར་བཞིན་དུ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་མཁན་ཆེན་བླ་མ་འམ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་སྦྱར་བ་ཤྲྰི་སརྦ་བི་ཛ་ཡནྟུ།། །།
.
13 May 2012 13:23
ཞབས་བརྟན་ཀརྨ་རིན་ཆེན།།
ཨེ་མ་ཧོཿ
ཨོ་རྒྱན་པདྨ་འབྱུང་བྱིན་རླབས་སྟོབས། །
ཕྲིན་ལས་མཐའ་ཡས་གསང་གསུམ་རྡོ་རྗེའི་སྐུ། །
བསྟན་འགྲོའི་ཕན་བདེའི་དཔལ་དུ་ལེགས་བཞུགས་པའི། །
༧ཀརྨ་པ་ཉིད་ཞབས་པད་བརྟན་གྱུར་ཅིག །
ཤྲྰིས་སོ། །
14 May 2012 10:11
གཞོན་ནུ་རིན་པོ་ཆེས་་་་
ཀརྨ་པའི་ཞབས་བརྟན་ཞེ་དྲག་ཡག་པོ་ལྗགས་བརྩོམ་གནང་འདུག་པར་ཐུགས་རྗེ་ཆེ་ཞུ་རྒྱུ།
ཕྲན་ནས་སྤར་རྒྱབ་ནས་མཇལ་དར་དང་བཅས་རྒྱལ་དབང་མཆོག་ལ་འབུལ་ལམ་ཞུ་གི་ཡིན།
14 May 2012 23:58
ལགས་སོ། བདག་གི་མཆོད་པ་ཞིག་ཡིན་ཞུས། ད་དུང་དག་སྣང་སྐོར་ཅུང་ཟད་ཡོད་པས་རྟེན་འབྲེལ་འཕྲོ་ཅན་དུ་བྱས་ཡོད། མདོར་ན་ཉིན་སྣང་དང་མཚན་གྱི་རྨི་ལམ་བཟང་པོས་བྲིས་པ་ཡིན་པས་ཕྱི་ནང་གསང་གསུམ་བཟང་བའི་སྨོན་ལམ་ཡོད་དོ། ད་བདེ་མོ་གྱིས།
 གཞོན་ནུ་རིན་པོ་ཆེ་་་་་
ཉིད་ཀྱི་ཞབས་བརྟན་གནང་བ་དེ་ཡིད་བཞིན་ནོར་བུ་ནོར་མཆོག་ལ་ཕུལ་བས་མཉེས་པོ་གནང་སོང་། ཐུགས་སྨོན་རྒྱ་ཆེར་གནང་སོང་། བཀའ་དྲིན་ཆེ་ཞུ།
25 May 2012 12:49
ཨོ་ཡ། ད་ཡིན་ན་སྐུ་འཕྲེང་གསོལ་འདེབས་དང་ཞབས་བརྟན་དེ་ཁོང་ལ་འཕྲོད་ཟིན་པ་འདྲ། གང་ལྟར་ཁྱེད་རྣམ་པ་འབུལ་ཟིན་པས་ཅི་དགོས་ཁྱོད་རང་ཚོ་ལ་དབང་ཆ་ཡོད། ང་ཡང་ཞྭ་དམར་པ་ཏྲིས་རེད་ཟེར་ཀི་འདུག ཧ ཧ ང་ལ་ཉེས་འགལ་གང་ཡང་མེད། རང་སྣང་དག་པར་ཡིན། སྐུ་ཚེ་བརྟན་བསྟན་འགྲོའི་དོན་ཆེན་འགྲུབ་པའི་སྨོན་ལམ་བཅས་ཤྲྰིས་སོ། །

0 comments:

ཟིན་བྲིས་འཚོལ་ཡུལ