དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 4 March 2014

༄༅།།ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་འཁྲུངས་སྐར་དུས་ཆེན་ལ་ཕུལ་བ་
ཕྱག་གདུབ་རིན་པོ་ཆེ་ཞེས་བྱ་བ།།

ན་མོ་གུ་རུ་ཨ་བྷྱ་ལཀྵཾ་ཀ་ར་ཡེ།།


ཀ༵་དག་གཞི་གནས་ཚུལ་བཞིན་མཇལ་མཁས་ཁ༵་བའི་ལྗོངས་ཀྱི་དེད་དཔོན་མཆོག།།
ག༵་བུར་ལམ་སྟོན་ཆོས་བཞིན་ལེགས་བཙུན་ང༵་ཚོའི་ཡིད་བཞིན་ནོར་བུ་དངོས།།
ཅ༵་ལག་དཔེ་ཆ་གང་ཡོད་མཆོད་འབུལ་ཆ༵་ཚང་ཀུན་སྤང་དམ་པར་མངོན།།
ཇ༵་ཆང་ཆོས་བརྒྱད་ཞགས་པས་མ་འཆང་ཉ་གང་ཟླ་བཞིན་བཤེས་གཉེན་རྒྱལ།།


ཏ༵་ལེར་ཤེས་རིག་གཞུང་ཆེན་ཀུན་མཁྱེན་ཐ༵་སྙད་རིགས་པའི་ཁྱུ་མཆོག་བཞིན།།
ད༵་ལྟའི་དུས་རབས་ཉེར་གཅིག་སྐབས་སུ་ན༵་མས་དུང་ཡུལ་ཁྱེད་ཉིད་ཀྱིས།།
པ༵་སངས་ལྟར་དཀར་ལྷག་བསམ་ལྡན་པས་ཕ༵་རོལ་གཞན་འཚེ་ངང་གིས་སེལ།།
བ༵་གླང་སྤྱོད་འདྲའི་མི་རིགས་འདིའི་དོན་མ༵་ལུས་ཕྲིན་ལས་ངོ་མཚར་འབར།།


ཙ༵་རིའི་གནས་ཡུལ་ཕྱག་སྐོར་དཀའ་ཐུབ་ཚ༵་གྲང་བཟོད་བསྲན་རྒྱལ་སྲས་རྗེ།།
ཛ༵་དྲག་སྙིགས་དུས་རྒྱལ་བསྟན་གསལ་མཛད་ཝ༵་ལེར་བསམ་ན་ཁྱེད་བཞིན་དཀོན།།
ཞྭ༵་དམར་རིང་ལུགས་ཆོས་བཞིན་གནང་བས་ཟ༵་ཧོར་མཁན་ཆེན་ཁྱེད་མིན་སུ།།
འ༵་ཅག་མགོན་མེད་ཉམ་ཆུང་རིགས་ལ་ཡ༵་རབ་དམ་པའི་བཀའ་དྲིན་བསྩལ།།

ར༵་བ་གངས་དཀར་བསྟན་སྲིད་ཕན་བདེས་ལ༵་ལུང་ཀུན་ལ་དར་རྒྱས་མཛད།།
ཤ༵་ཞེན་མིན་པར་ཞིབ་ཏུ་བསམ་ཚེ་ས༵་ཐོབ་སེམས་དཔའ་ཆེན་པོ་ཉིད།།
ཧ༵་ལམ་ད་སྐབས་བྱོན་མ་མྱོང་བར་ཨ༵་མཚར་མིན་པར་མངོན་སུམ་གྲུབ།།
ཨི་ལྡན་དབྱངས་གསལ་རྗེས་དྲན་འདི་ཡང་ཨུ་ཚུགས་མིན་པར་ངང་གིས་ཐལ།།

ཨེ་མ་འཛམ་གླིང་མཛེས་པའི་རྒྱན་གཅིག་ཨོ་རྒྱན་པདྨའི་རྒྱལ་ཚབ་ཆེ།།
བདག་སོགས་འདི་ནས་ཚེ་རབས་ཀུན་ཏུ་ཆོས་རྗེ་ཡིད་བཞིན་ནོར་བུ་དང་།།
ནམ་ཡང་འབྲལ་མེད་བསྟན་འགྲོའི་དོན་ལ་རྒྱལ་སྲས་དཔའ་བོའི་རྟུལ་ཞུགས་སྤྱོད།།
ནམ་མཁའ་མཉམ་པའི་འགྲོ་ཀུན་སྒྲོལ་བའི་ཐུགས་དམ་རིན་ཆེན་མཐར་ཕྱིན་ཤོག།

ཅེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་ལོ་སར་གྱི་ཡར་ཚེས་གསུམ་མམ་བདག་ཅག་གི་འདྲེན་པ་བླ་ན་མེད་པའི་སྐྱེས་ཆེན་དམ་པ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འམ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོའི་འཁྲུངས་སྐར་ལ་རྟེན་འབྲེལ་དགེ་བའི་རྨི་ལམ་བརྟེན་ནས་ཤྲྰི་ཨེ་མ་ཧོས་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་གང་ཤར་གསོལ་བ་འདེབས་པར་དགེའོ།། །།

0 comments:

ཟིན་བྲིས་འཚོལ་ཡུལ