དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday, 6 March 2014

༄༅།།བཀྲ་ཤིས་བདེ་ལེགས་ཀྱི་ཞབས་གདུབ་རིན་པོ་ཆེ།།

ན་མོ་གུ་རུ་ཤྲྰིཿམངྒ་ལྃ་ཡེ།།

སྣང་སྲིད་རྣམ་པར་དག་པའི་ཞིང་ཁམས་སུ།།
སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ།།
ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས།།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག།

ཐོ་རེངས་དད་དགའི་ཉམས་ལེན་རབ་ཏུ་བཀྲ༵།།
ཞོགས་པར་ཉི་མའི་འཛུམ་མདངས་ཀུན་ཏུ་ཤིས༵།།
ཉིན་གུང་འཚོ་བའི་གསོལ་ཚིགས་ཤིན་ཏུ་བདེ༵།།
དགེ་མཚན་རྨི་ལམ་འོད་གསལ་རྟག་ཏུ་ལེགས༵།

བྱང་ཆུབ་སེམས་མཆོག་འབད་པའི་དགེ་མཚན་དང་།།
བླ་མ་ནམ་རྒྱུན་སྒོམ་པའི་རྣལ་འབྱོར་མཐུས།།
ཡི་དམ་མཁའ་འགྲོར་དགོངས་པ་གཅིག་མཐུན་ནས།།
དམ་ཅན་ཆོས་སྐྱོང་སྲུང་མས་རྟག་ཏུ་སྐྱོང་།།

ན་ཆུང་བྱིས་པ་སློབ་སྦྱོང་གནས་ལ་སྤྲོ།།
གཞོན་ནུ་བློ་ལྡན་དམ་པའི་ཆོས་ལ་དགྱེས།།
འཛམ་གླིང་སྐྱེ་འགྲོ་ཞི་བདེའི་དཔལ་ལ་སྤྱོད།།
ཀུན་བཟང་རྫོགས་ལྡན་དང་པོ་མངོན་པར་བཞད།

ཐོས་བསམ་རྣམ་དཔྱོད་བློ་གྲོས་ཉི་འོད་བཀྲ༵།།
སྒོམ་པའི་ཉམས་མྱོང་ལྷག་བསམ་དུང་ཟླ་ཤིས༵།།
རབ་འབྱམས་ཤེས་བྱའི་སྐར་ཚོགས་མཁྱེན་པས་བདེ༵།།
འབད་མེད་ཕྲིན་ལས་ཀུན་བཟང་ངང་གིས་ལེགས༵།།

བཀྲ༵་ཤིས༵་འགོག་ལམ་བདེན་པའི་དེ་ཉིད་མཇལ།།
བདེ༵་ལེགས༵་སྡུག་ཀུན་སྤངས་པའི་སྐལ་བཟང་རིགས།།
ཕུན༵་སུམ༵་ཚོགས༵་པའི་རིག་དང་ཞབས་སུ་ལྡན།།
ཆོས་བཞིན་སྤྱོད་པ་འཇིག་རྟེན་རྒྱན་ཏུ་མཛེས།།

རྫོགས་པ་ཆེན་པོའི་བསྟན་པ་ཕྱོགས་ཀུན་ཁྱབ།།
རིག་འཛིན་བརྒྱུད་པའི་སྲོལ་བཟང་གོང་དུ་འཕེལ།།
འཇའ་ལུས་མཁའ་སྤྱོད་བགྲོད་པའི་མཆེད་ལྕམ་ཚོགས།།
འཁོར་འདས་དཔལ་དུ་ཞབས་པད་བརྟན་གྱུར་ཅིག།

ཅེས་པ་རབ་རྒྱན་ཤིང་རྟའི་རྒྱལ་ཟླའི་ཡར་ཚེས་རྫོགས་ལྡན་དང་པོའི་སྐབས་སུ་མཁའ་འགྲོ་ཚེ་རིང་སྒྲོལ་དཀར་གྱིས་བསྐུལ་བ་བཞིན་དུ་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་དུ་མཁན་ཆེན་བླ་མ་འམ་རིག་འཛིན་ཨེ་མ་ཧོས་གང་འཆར་དུ་གསོལ་འདེབས་སྨོན་ལམ་བགྱིས་པར་དགེའོ།། །།

0 comments:

ཟིན་བྲིས་འཚོལ་ཡུལ