དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Thursday, 6 March 2014
དགྲ་བོར་བཟོད་སྒོམ་བྱེད་ཐུབ་ན་ནང་ཁུལ་ལ་བསམ་ཤེས་མི་ཐུབ་པ་ཅི་ཡིན་ནམ།
རིག་པའི་རྡོ་རྗེ།
ང་ཚོས་དགྲ་བོ་རྒྱ་ནག་ལ་བཟོད་སྒོམ་བྱས་ཏེ་ཡོད་ཚད་བློས་གཏོང་ཐུབ་ན། བོད་མི་ནང་ཁུལ་ལ་ལྷ་འདྲེ་གསོལ་མཆོད་ཙམ་གྱི་ཆེད་བསམ་ཤེས་མི་ཐུབ་པ་ཅི་ཡིན་ནམ།
སྤྱིར་བཏང་བཤད་ན། ཉེས་ན་ནང་དང་། ཆད་ན་ཐུར་ཟེར་སྲོལ་ཡོད་མོད། དོན་ལ་དེ་ལྟར་མ་ཡིན་པར་ནང་ཁུལ་གྱི་རྙོག་འཛིང་ནང་ནས་བཤད་ན་སྟབས་བདེ་ལ། འདུམ་འགྲིག་མི་ཐུབ་པ་གང་ཡང་མེད།
དེར་བརྟེན་ང་ཚོས་ངོས་ནས་༧གོང་ས་མཆོག་གིས་རྒྱལ་ཆེན་ཤུགས་ལྡན་སྐོར་ལ་བཀའ་སློབ་ལམ་སྟོན་ཅི་གནང་གསལ་བོར་བཟོ་དགོས། ༧ གོང་ས་མཆོག་གིས། རྒྱལ་ཆེན་ཤུགས་ལྡན་ནམ་དོལ་རྒྱལ་གྱི་ངོ་བོ་དང་། རྣམ་པ། བྱེད་ལས་སོགས་ལ་དཔྱད་ཞིབ་མཐར་ཕྱིན་གནང་རྗེས། ད་གཟོད་སངས་རྒྱས་ཆོས་ལུགས་ཀྱི་རྗེས་འབྲངས་པ་ཞིག་གིས། འཇིག་རྟེན་པའི་ལྷ་འདྲེ་བསྟེན་ན་མི་འོས་ཚུལ་དང་། གལ་ཏེ་རང་ཉིད་སྒེར་གྱིས་བསྟེན་འདོད་ཡོད་ན་དེ་ཡང་རང་དབང་ཡིན་ཚུལ་གསལ་བོར་ བཀའ་གནང་བ་ཙམ་ལས། བོད་མི་སུས་ཀྱང་རྒྱལ་ཆེན་ཤུགས་ལྡན་བསྟེན་གསོལ་བྱེད་མི་ཆོག་ཅེས་བཙན་བཀའ་ནམ་ ཡང་བསྒྲགས་མེད།
༧གོང་ས་མཆོག་ནི་བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་ཆེས་མཐོའི་དབུ་ཁྲིད་ཡིན་ པའི་ཆ་ནས་སངས་རྒྱས་ཆོས་ལུགས་དང་མཐུན་པའི་བླངས་དོར་ལམ་སྟོན་གནང་རྒྱུའི་སྐུ་ དབང་ངེས་ཅན་དུ་ཡོད་དགོས་པ་རེད། སངས་རྒྱས་ཆོས་ལུགས་པ་ཞིག་གིས་འཇིག་རྟེན་པའི་ལྷ་འདྲེར་སྐྱབས་སུ་འཛིན་མི་འོས་ གསུངས་པ་དེ་གནས་ལུགས་རེད། དེ་ཁྲིམས་མཐུན་རེད། དེ་ཁོང་གི་ཐུགས་འགན་ཡང་རེད། འོན་ཀྱང་ཁོང་གི་བཀའ་སློབ་གསུང་བཤད་ལ་ཉན་དང་མི་ཉན་གྱི་རང་དབང་ཡང་བོད་མི་མང་ ལ་ཡོད་ཡོད་པ་རེད།
དེར་བརྟེན་ཤུགས་ལྡན་ཚོགས་པས་ངོས་ནས་ཀྱང་། རྒྱལ་ཆེན་བསྟེན་དང་མི་བསྟེན་རང་ཐག་རང་གཅོད་གནང་ན་ཆོག
ཡང་གཅིག་བཤད་ན། ༧གོང་ས་མཆོག་གིས། ཆོས་ལུགས་དད་མོས་རང་དབང་ལ་བཀག་འགོག་ཅུང་ཟད་ཀྱང་གནང་མྱོང་མེད་ལ། ཆོས་ལུགས་གང་ལ་དད་པ་བྱེད་ན་རང་དབང་རེད་ཅེས་ནམ་རྒྱུན་གསུང་གིན་ཡོད།
༧གོང་ས་མཆོག་གིས། སངས་རྒྱས་ཆོས་ལུགས་པ་ཞིག་གིས་འཇིག་རྟེན་པའི་ལྷ་འདྲེར་སྐྱབས་སུ་བསྟེན་ན་མི་ འོས་ཞེས་གསུངས་པ་དེ་ཡང་དག་པ་དང་ཁྲིམས་མཐུན་ཡིན་པ་བཞིན། ཤུགས་ལྡན་བསྟེན་མཁན་ཚོས་ཀྱང་རང་ཉིད་ཡིད་ཆེས་ཡོད་པའི་ལྷ་སྲུང་གང་ལ་ཡང་དད་པ་ བྱེད་ཆོག་པ་དེ་ཡང་ཁྲིམས་མཐུན་རེད།
དེས་ན་གནད་དོན་གང་ན་ཡོད་ཟེར་ན། གཙོ་བོ་ཕྱོགས་གཉིས་ཀས་༧གོང་ས་མཆོག་གི་དགོངས་གཞི་ཡང་དག་པ་ཞིག་མ་ཤེས་པའམ། ཤེས་ཀྱང་མ་ཤེས་ཁུལ་བྱས་ནས་ཆུང་ངུ་ཞིག་ཆེན་པོ་བཟོས་པ་དེ་རེད། དཔེར་ན་བོད་གཞུང་༼ཟམ་གདོང་བླ་མ།༽གི་ཕྱོགས་ནས་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ དང་ཆོས་དང་ཟང་ཟིང་གི་འབྲེལ་བ་བཅད་དགོས་སོགས་ཀྱི་བཙན་བཀའ་བསྒྲགས་པ་དེ་དང་། ཤུགས་ལྡན་བསྟེན་མཁན་ཚོས་ཀྱང་། ཁོང་ཚོར་ཏཱ་ལའི་བླ་མས་ཆོས་དད་རང་དབང་སྤྲོད་ཀྱིན་མི་འདུག་ཟེར་ནས་སྐད་འབོད་ བྱེད་པ་དེ་གཉིས་ནོར་འཁྲུལ་ཡིན་པ་གཅིག་མཚུངས་རེད།
དེས་ན་ད་ནས་བཟུང་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཤུགས་ལྡན་ བསྟེན་མཁན་གྱི་བོད་མི་རྣམས་བོད་མི་སྤྱི་མཚུངས་བཞིན་བདག་སྐྱོང་དང་གང་ལེགས་ བྱེད་དགོས། གང་ཟག་སྒེར་ངོས་ནས་ལྷ་འདྲེ་གང་ཞིག་ལ་སྐྱབས་སུ་སོང་ན་ཡང་བོད་མི་རིགས་ཤིག་ ཡིན་ཕྱིན་ཆད། གཞུང་གི་ངོས་ནས་ཁྱད་པར་སྤུ་ཙམ་མེད་པར་བྱམས་སྐྱོང་བྱེད་དགོས། དེ་གཞུང་གི་ལས་འགན་རེད། དེ་དམངས་གཙོའི་ཁྱད་ཆོས་རེད།
དེ་བཞིན་ཤུགས་ལྡན་བསྟེན་མཁན་ཚོས་ངོས་ཀྱང་རང་ཉིད་ཡིད་ཆེས་ཡོད་པའི་ལྷ་སྲུང་ རང་དབང་ཐོག་བསྟེན་གསོལ་བྱས་ཏེ། ད་ལྟའི་བོད་མིའི་ཡ་ང་བའི་གནས་སྟངས་ལ་ཐུགས་བསམ་གཏིང་ཟབ་བཞེས་ནས། ཕྱི་ནང་མ་ནོར་བ་གནང་རྒྱུ་ཧ་ཅང་གི་གལ་ཆེན་རེད། འདི་བོད་མི་ཡོངས་ཀྱི་འོས་འགན་རེད། རིགས་ཞེན་དང་ལ་རྒྱ་ཟེར་བ་དེ་འགྲོ་བ་མི་མ་ཟད། སྲོག་ཆགས་འཕྲ་མོ་འབུ་སྲིན་ཚུན་ཆད་ལ་ལྷན་སྐྱེས་སུ་ཡོད་པ་ཞིག་དང་། ཡོད་འོས་པ་ཞིག་ཡིན་པ་འདི་རང་གཞན་གཉིས་ཀྱིས་ངེས་པར་དུ་མཁྱེན་དགོས།
གལ་ཏེ་ང་ཚོར་འདི་མེད་ན། ང་ཚོའི་རྩ་དོན་ལ་གཏོར་རྒོལ་བྱེད་མཁན་གཙོ་བོ་འདི་ཡིན་ལ། བོད་མི་རིགས་ནང་ཁུལ་ལ་རྙོག་འཛིང་ཡོང་བའི་རྒྱུ་རྐྱེན་ཡང་འདི་རེད། བོད་མི་ཞིག་ཡིན་ཕྱིན་དེ་སེམས་ལ་ངེས་པར་དུ་འཛིན་དགོས། ང་ཚོས་དགྲ་བོ་རྒྱ་ནག་ལ་ཡང་གྲོས་མོལ་གྱི་ལམ་ནས་བོད་མིའི་དཀའ་སྡུག་སེལ་ རྒྱུའི་ཆོད་སེམས་ཡོད་ན། ནང་ཁུལ་གྱི་རྙོག་འཛིང་ཆུང་ཆུང་ལྷ་འདྲེ་བསྟེན་གསོལ་གྱི་རྩོད་གླེང་འདི་གྲོས་ མོལ་དང་བསམ་ཤེས་ཀྱི་ལམ་ནས་སེལ་མི་ཐུབ་པའི་རྒྱུ་མཚན་ཅི་ཡང་མེད།
ང་ཚོ་ཚང་མ་བོད་བཙན་པོའི་གདུང་རྒྱུད་ཡིན་པ་གཅིག་པ་རེད། ༧གོང་ས་མཆོག་གི་སྐྱབས་འོག་པ་ཡིན་པ་གཅིག་པ་རེད། བོད་ཕྲེང་བ་ཅན་ཡིན་པ་གཅིག་པ་རེད། རྒྱ་ནག་དྲག་པོའི་གཞུང་གིས་དམར་གསོད་དང་མནར་གཅོད་ཚད་མེད་མྱང་པའི་སྡུག་བསྔལ་ ཅན་ཡིན་པ་གཅིག་པ་རེད། ལྷག་པར་དུ་ཕྱིར་སྡོད་བོད་མི་རྣམས་རྒྱལ་ཁབ་དང་ས་ཆ་མེད་པའི་ཡུལ་གྱར་སྐྱབས་ བཅོལ་བ་ཡིན་པ་གཅིག་པ་རེད། ཕ་ས་དགྲ་ལ་ཤོར་བའི་ནུས་མེད་ཡིན་པ་ཡང་གཅིག་པ་རེད།
བོད་མི་རྣམས། ལྷ་འདྲེ་བསྟེན་གསོལ་གྱི་རྩོད་གླེང་རེ་ཞིག་མཚམས་ཞོག་ལ། ཕན་ཚུན་གྱི་གདོང་ལ་ལྟོས་དང་། ཕན་ཚུན་གྱི་སྐད་ལ་ཉོན་དང་། མིག་ཆུའི་ནང་མིག་ཆུ་བསྲེས་དང་། སེམས་པའི་ནང་སེམས་པ་ཞོག་དང་། ལག་པའི་ནང་ལག་པ་ཞོག་དང་། ད་གཟོད་ང་ཚོ་ཚང་མ་བོད་གངས་ཅན་ཡིན་པ་ཤེས་ཡོང་། ད་གཟོད་ང་ཚོའི་སྐྱིད་སྡུག་གཅིག་ཡིན་པ་ཤེས་སོང་། ད་གཟོད་ང་ཚོས་ཁ་གཏད་གཅོག་ས་སུ་ཡིན་པ་ཡང་ཤེས་ཡོང་། འདི་ང་ཚོའི་རྩ་དོན་རེད། འདི་ང་ཚོའི་ལས་འགན་རེད། བོད་རྒྱལ་ལོ།། རང་དབང་རྒྱལ་ལོ།།

ཁ་བརྡ་ལགས་ཀྱིས་ཟླ་ཚེས་March 6th, 2014 ལ་ རྩོམ། སྡེ་ཚན་དུ་སྤེལ|
“ དགྲ་བོར་བཟོད་སྒོམ་བྱེད་ཐུབ་ན་ནང་ཁུལ་ལ་བསམ་ཤེས་མི་ཐུབ་པ་ཅི་ཡིན་ནམ། ”སྐོར་ལ་་19 Comments་འདུག
Subscribe to:
Post Comments (Atom)
March 6th, 2014 at 12:57 AM བདེན་པ་ཉིད་རྒྱལ་གྱུར་ཅིག།
March 6th, 2014 at 1:13 AM སྤྱིར་བཏང་དེ་འདྲ་རེད་དེ་དོལ་རྒྱལ་བ་ཚོས་ནམ་ཡིན་ཡང་འཛེམ་ཟོན་མེད་པར་ གོང་ས་མཆོག་ལ་ངོ་རྒོལ་བྱེད་རྐྱང་དང་རྒྱ་གཞུང་ལ་རྒྱབ་རྟེན་གཅོལ་རྐྱང་བྱས་པ་ འདི་ནི་ཧ་ཅང་བློ་ཕམ་གྱི་རང་བཞིན་རེད་ལ། འཇིག་རྟེན་གྱི་དཔེ་ལ་ཕྱི་དགྲ་ལྕགས་ཀྱི་མཛེར་མས་མིག་བཅར་བ་ལས། ནང་དགྲ་ཁང་རྒན་ཐིག་པས་ཡིད་དཀྲུག་ན་སྡུག་ཞེས་པ་ལྟར་རེད། ཆོས་དང་ཟང་ཟིང་གི་འབྲེལ་བ་བཅད་དགོས་པའི་རྒྱུ་རྐྱེན་ཡང་འདི་ལ་ཐུག་ཡོད།
March 6th, 2014 at 1:44 AM ཤུགས་ལྡན་གྱི་སྐོར་བཤད་ཡོང་དུས་ཐབས་སྐྱོ་པོ་རེད། སྔ་ཕྱི་མ་གཏོགས་ལྟས་ངན་དེ་ཚོའི་འདྲེ་ལག་དེ་གོང་ས་མཆོག་གི་སྐུ་སྲོག་ལ་བཅར་ རྒྱུ་ཡིན་པ་ངེས་གཏན་རེད། གསལ་དུ་གསལ་དུ་འགྲོ་བཞིན་འདུག ཁོང་ཚོའི་ངོ་རྒོལ་གྱི་ངོ་བོ་དང་རྣམ་པ་ལོ་རེ་ནས་ལོ་རེ་ཇེ་སྡུག་རེད།
ང་ཚོས་བསམ་བློ་སྡུག་ས་ནས་བཏང་སྟེ་གྲ་སྒྲིག་བྱེད་དགོས་ཀྱི་འདུག བོད་གཞུང་གིས་དབུ་མའི་ལམ་གྱིས་བོད་ལེན་ཐུབ་ཀྱི་མེད་ན་སྐྱོན་མིན་འདུག ཡིན་ནའང་། ཐབས་ཤེས་ཅི་ཡོད་ཀྱིས་རྒྱལ་བ་རིན་པོ་ཆེའི་སྐུ་སྲོག་སྲུང་རྒྱུ་དེ་ང་ཚོའི་ལས་ འགན་ལྕི་མོ་དེ་རེད། གལ་ཏེ་གོང་ས་མཆོག་གི་སྐུ་ཚེར་བར་ཆད་བྱུང་ན་བོད་མི་དམངས་ལ་ཇི་ལྟར་རྩིས་ སྤྲོད་བྱེད།
ང་འཇིགས་ས་དེ་ཤུགས་ལྡན་བ་ཚོའི་གླེན་རྟགས་དང་རྒྱ་གཞུང་གི་གནག་སེམས་གཉིས་ ཁ་ཐུག་དུས་བསམ་མི་ཕོད་པའི་ལས་ཀ་དེ་མངོན་འགྱུར་བྱེད་ཀྱི་རེད་བསམས་ནས་ངོ་མ་ མཚམས་རེ་གཉིད་ཁུག་གི་མིན་འདུག
ད་རིག་པ་འདོན་རྒྱུ་ཡོད་ན་འདིའི་སྟེང་ལ་འདོན་དགོས་ཀྱི་འདུག ཤེས་རྒྱ་ཡོད་ན་འདི་ལ་བཀོལ་ནས་ཐབས་ཤེས་འཚོལ་དགོས་ཀྱི་འདུག ཐབས་ཤེས་ཅིག་ཞི་འཇམ་གྱི་བློ་འགུག་བྱ་རྒྱུ་དེ་རེད།
ད་ཨ་མའི་བུ་ཡིན་ན་ཐོན་ཤོག རིག་པ་དང་ཐབས་ཤེས་ཤོད་ཤོག
March 6th, 2014 at 2:27 AM རེད་ཡ། ལྷ་འདྲེ་རྩོད་མི་རུང་ན་ཆོས་ལུགས་ཀྱི་ཐོབ་ཐང་སོགས་ཀྱང་རྩོད་དགོས་དོན་མེད། དེ་ཡིན་ན་ཇོ་ནང་ཚང་ལ་སྤྱི་འཐུས་དགོས་ཚུལ་སོགས་བོད་མི་རིགས་ནང་ཁུལ་ལ་ཕན་ནུས་ མེད་པར་ཐག་ཆོད་པས། ད་ནས་ཇོ་ནང་ཚང་ལ་ཆོས་རྒྱུད་ཀྱི་ཐོབ་ཐང་དགོས་ཚུལ་གྱི་གཏམ་ཉོག་དེ་ཚོ་ཡང་གཡུག་ བཞག་ན་ཡག་ཤོས་རེད། བོད་མི་རིགས་ཤིག་ལ་མཚོན་ན་ནི་འདས་པའི་དུས་སུ་ཇོ་ནང་པ་མེད་པའི་དུས་ནས་བོད་ མི་རིགས་གནས་ཐུབ་ཡོད་པས་མ་འོངས་པར་ཇོ་ནང་པ་མེད་ན་ཡང་གནས་ཐུབ་པར་ཐག་ཆོད་པ་ རེད།
March 6th, 2014 at 2:42 AM དགྲ་དགའ་གཉེན་སྡུག་གི་ལས་ཀ་བྱས་ནས་ཁེ་བཟང་ལེན་གི་ཡོད་པ་རེད་་་་་འདི་ ལས་ལྷག་པའི་གླེན་རྟགས་ཤིག་བསྟན་རྒྱུ་གང་ན་ཡོད་་་ལྷ་འདྲེ་སོགས་ལ་ཡིད་ཆེས་ ཡོད་ཀྱང་ཆོག་མེད་ཀྱང་ཆོག་་་འདི་ནི་ནང་ཁུལ་ཆོས་ལུགས་ཀྱི་གནད་དོན་ཞིག་ རེད་་་་་གཙོ་བོ་བོད་མི་རིགས་འདི་དཀའ་ཁག་ཅིག་གི་མཚམས་ལ་སླེབས་ཡོད་པས་ཚང་མས་ འཕྱ་གྲུ་མཉམ་འདེགས་བྱེད་རྒྱུ་དེ་ཧ་ཅང་གི་གལ་ཆེན་རེད་་་་
གལ་སྲིད་དོལ་ཚོགས་ཀྱིས་ལས་འགུལ་འདྲ་མིན་སྤེལ་ན་ང་ཚོས་ཀྱང་དེ་རིགས་ཀྱི་འགུལ་ སྐྱོད་ཅིག་རྒྱག་དགོས་པ་རེད་་་་་གཞུང་ཞིག་དང་ཚོགས་པ་ཞིག་གིས་བཀོད་སྒྲིག་བྱ་ དགོས་དོན་ཀྱང་མེད་་་་མི་རེ་ངོ་རེ་ནས་དེ་རིགས་ཀྱི་ལས་ཀ་བྱེད་དགོས་པ་རེད་་་་ གཏེ་བོ་ཚོར་སྤྲད་ཐུབ་ན་དེས་འགྲིག་པ་རེད་་
March 6th, 2014 at 2:47 AM ཁ་བཤད་ལས་སླ་མོ་རེད། དོན་ངོ་མ་ལག་ལེགས་དགོས་ན། དགེ་ལུགས་གཉིས། ཀཾ་ཚང་གཉིས། རྫོགས་ཆེན་གཉིས། འབྲི་གུང་གཉིས། བན་བོན་གཉིས་སོགས་ངོ་མ་མཐུན་ཐབས་དེ་རྒྱ་བོད་གཉིས་མཐུན་ཐབས་བྱེད་པ་ལྟ་བུ་ གཏན་ནས་མ་རེད། སྟོབས་ཆེ་ཆུང་མ་གཏོགས་སོ་སོའི་ཁ་ཕོར་དང་སྒེར་འཁོན་ལས་བོད་སྤྱི་དོན་ཞིག་མིན་ པར་ཚང་མས་ཤེས་དགོས་ས་རེད་སྙམ། དེས་ན་སྒེར་ནང་འཁོར་མཐུན་ན་དེས་ཆོག གཞན་བསྟན་པ་སྤྱི་དོན་ཡིན་འདོགས་དང་བོད་བསྟན་སྲིད་ཆེད་ཡིན་པར་བཤད་ན་ངས་ཧ་གོ་ མ་སོང་། དགོངས་དག
March 6th, 2014 at 2:50 AM རེད་ལྷ་འདྲེ་མ་རྩོད་ཆོལ་ཁ་མ་རྩོད་ཆོས་ལུགས་མ་རྩོད་མི་རིགས་མ་རྩོད་ན་ གཞི་ནས་ནང་པའི་བྱམས་སྙིང་རྗེ་དང་སྤྱོད་པ་འཚེ་བ་མེད་ཅེས་ཚིག་དོན་གཉིས་འོ་ཆུ་ འདྲེས་པ་ཞིག་ཡོང་སྲིད་དེ་མིན་་་་ཙོང་སྒོག་གི་པགས་པ་བཤུས་པ་བཞིན་ནམ་ཡང་ རྫོགས་ཐབས་མི་འདུག ལྷག་པར་དུ་བོད་སྒྲིག་འཛུགས་དང་བོད་ཀྱི་དབུ་འཁྲིད་དེ་མཁན་དེ་ཚོས་བཀའ་མོལ་ གནང་དུས་་་བོད་པ་ཐམས་ཅད་སྟོན་པ་གཅིག་གི་རྗེས་འཇུག་ཡིན་རབས་དང་བོད་མི་ཐམས་ ཅད་ནང་པ་ཡིན་ཚུལ་དང་བོད་མི་ཐམས་ཅད་མ་ཎི་འདོན་མཁན་ཤ་སྟག་ཡིན་རབས་ཤོད་སྟངས་ འདི་ལ་མི་ཚོས་རྣམ་རྟོག་ཆེན་པོ་བྱེད་ཀྱི་འདུག བོད་མི་རིགས་ཀྱི་ནང་དུ་ནང་པ་དང་ཡེ་ཤུ་ཁ་ཆེ་ཏང་ཡང་ཆོས་མེད་རིང་ལུགས་པ་མང་པོ་ ཡོད། དེ་དག་ཐམས་ཅད་ཀྱིས་བོད་ཀྱི་རྩ་དོན་ལ་བསམ་གཞིགས་ཡོད་པ་གཅིག་མཚུངས་ཡིན། ལྷག་པར་དུ་ཟམ་གདོང་རིན་པོ་ཆེས་བོད་ཀྱི་རྩ་དོན་ནི་ནང་བསྟན་ལ་ཐུག་ཡོད་ཟེར། མ་ཟད་དབུ་འཁྲིད་འདི་དག་གི་དགོངས་གཞི་མཐར་ཐུག་ནི་ནང་བསྟན་དར་ན་ཆོག་ཚུལ་་་ཡང་ ཡང་ཤོད་སྟངས་འདི་ལ་མི་ཚོས་དོག་གཞི་མི་སྐྱེ་ག་ལ་སྲིད། དེ་བྱེད་དུས་རྒྱ་གར་གཞུང་ལ་ཡིན་ནའང་ཆོས་ལུགས་འདི་ཡིན་ཞེས་མེད། དེ་བཞིན་ཧིན་དྷུའི་རྒྱལ་ཁབ་གཅིག་པོ་ཞིག་ཡོད་པ་དེ་བལ་ཡུལ་རེད། རྗེས་སུ་དམངས་གཙོར་འགྱུར་དུས་ཧིན་དྷུའི་རྒྱལ་ཁབ་ཅེས་བརྗོད་མི་ཆོག་པའི་ ཁྲིམས་བཅས་པ་རེད། དམངས་གཙོ་དང་ཆབ་སྲིད་རང་གི་རྒྱལ་ཁབ་ཀྱི་མི་མང་ཡོངས་ལ་བསམ་ཤེས་བྱེད་མཁན་དེ་ ཚོས་སྔར་ལུགས་ལ་བསྒྱུར་བཅོས་རབ་དང་རིམ་པར་བྱེད་ཀྱིན་འདུག
March 6th, 2014 at 3:06 AM རང་གི་ཁེ་གྲགས་ཀྱིས་བྱ་བ་རྐྱང་བྱས་པས་ནང་ཁུལ་སྐྱུག་བྲོ་བའི་གནས་ཚུལ་ རྫོགས་རྒྱུ་མེད་པ་འདི་དག་བྱུང་བ་རེད། ད་དུང་འདི་མོ་རང་སོང་ན་ལྟོས་ངན་གྱི་ལྟེ་མོ་མཐོང་རྒྱུ་མང་པོ་ཡོང་ངེས། དགྲ་བོར་མཐུན་ལམ་དགོས་པ་ལས་ནང་ཁུལ་འཆམ་མཐུན་བྱུང་ན་ཅི་ཕན། ཧཧཧཧཧཧཧ།
March 6th, 2014 at 4:53 AM དགྲ་རུ་གྱུར་ན། སུ་ཡིན་རུང་དགྲ་རེད། དགྲ་ལ་ཐུག་དུས་དགྲ་བཞིན་སོང་། གྲོགས་ལ་ཐུག་དུས་གྲོགས་བཞིན་སོང་། དོལ་རྒྱལ་ལ་བསྟེན་ནིའི་འབུ་ཞིག་ཡོད་ན་ཡང་། སྐུ་མདུན་གྱི་སྐུ་སྲོག་ལ་གཙེས་བའི་འབུ་ཞིག་ཡིན་པ་ཤེས་ནས། རིག་པ་གྲུང་གྲུང་དང་བློ་ཁག་ཆེ་ཆེ་བྱོས།
March 6th, 2014 at 5:55 AM གནད་དོན་དེ་དག་སྐྱ་བོ་ཞིག་གི་ངོས་ནས་བཤད་ན། དེ་འདྲའི་སེལ་མི་ཐུབ་པའི་གནད་དོན་ཞིག་མ་རེདལ་ལ། ལྷག་པར་དུ་ཆོས་དད་མེད་མཁན་ཞིག་ལ་མཚོན་ལ། དེ་ནི་མི་རིགས་དང་འཐབ་རྩོད། རིག་གཞུང་། རྒྱལ་ཁབ་དང་འབྲེལ་མེད་ཀྱི་གནད་དོན་ཕྲན་ཚེགས་ཤིག་རེད། ཡིན་ནའང་། ཆོས་དད་ཀྱི་སྤོམ་མཐུག་ས་དང་། ཆོས་སྲིད་མཉམ་བསྲེས་ཀྱི་སྲིད་གཞུང་ཞིག་ལ་མཚོན་ནས་བཤད་ན། ལས་སླ་བོར་སེལ་མི་ཐུབ་པའི་གནད་དོན་ཆེན་པོ་ཞིག་རེད། བོད་རྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་ལ་ནང་པར་མཚོན་ན། ལུང་དང་མན་ངག སྡོམ་པ་བཅས་ནི་རྩ་བའི་རིན་ཐང་ཡོད་ན་མེད་ན་དེ་ཆགས་ཡོད་པ་རེད། དེ་དག་གི་མཆེད་ཁུངས་ནི་རང་གི་བརྒྱུད་པའི་བླ་མ་ཟེར་བ་དེར་ཐུག་བསྡད་ཡོད་ནི་ རེད། བོད་པར་ད་ལྟ་ཡོངས་གྲགས་སུ་ནང་བའི་ཆོས་རྒྱུད་ཆེན་པོ་བཞི། གཞན་ད་དུང་། ཇོ་ནང་། དེ་བཞིན། བཀའ་རྒྱུད་ལའང་ཆེ་བཞི་ཆུང་བརྒྱད་ལ་སོགས་དབྱེ་པ་བགྲང་གིས་མི་ལངས་པ་ཞིག་ཡོད་ པ་དེ་དག་ནི། ཚད་ངེས་ཅན་ཞིག་གི་ཐོག་ནས་བརྒྱུད་པའི་བླ་མ་ཟེར་བ་དག་ལ་བྱུང་བ་རེད། དེ་འདྲའི་རིན་ཐང་དེའི་མཆེད་ཁུངས་བརྒྱུད་པའི་བླ་མ་དག་གི་བྲང་ཁོག་དག་ཏུ་ལྷ་ འདྲེ་མང་པོ་ཞུགས་རེད། དེ་གཅིག་བྱས། གཉིས་ནས་བརྒྱུད་པའི་བླ་མར་སྐྱོན་བརྗོད་དང་བློ་ལོག་པ་ཡིན་ན། ཚེ་འདི་ཕྱི་གཉིས་ལ་རྣམ་སྨིན་རྣ་བའི་གོས་དུས་སེམས་ལ་དངངས་འདར་རྒྱག་བྱེད་དེ་ འདྲ་མྱོངས་དགོས་ཀྱི་ཡོད་པ་རེད། དེ་བས་བླ་མས་གང་གསུངས་ཆོས་དང་མཛུབ་མོས་གར་བསྟན་ལམ་བྱེད་དགོས་དུས། རྙོག་དྲ་དེ་དཀྲུག་གིན་དཀྲུག་གིན་ཇེ་རྙོག་ཏུ་གྱུར་སོང་བ་རེད། ཆོས་སྡེ་གྲྭ་ཚང་ཁག་གི་ཆོས་ལུགས་ཀྱི་རྙོག་དྲའི་གནད་དོན་དེ། གྲྭ་བཙུན་ཚོར་མཚོན་ན་བོད་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་རིན་ཐང་གི་ཡན་ལ་ སླེབས་ཚར་ཡོད་སྟབས། ད་ནི་ཆོས་ལུགས་རིན་ཐང་ལྟ་བའི་ཐད་ནས་གནད་དོན་དེར་འགྲེལ་བཤད་བརྒྱབ་ནས་གཙང་ སེལ་ཐུབ་པ་གང་ཡང་ཡོད་པ་མ་རེད། འདི་དོན་དངོས་རེད། བོད་པ་ཆོས་ལུགས་ལ་དད་པ་མེད་མཁན་ཞིག་གི་ངོས་ནས་བཤད་ན། ལྷ་འདྲེ་གང་ཡིན་ཡང་དེ་ནི་མི་སྒེར་གྱི་གནད་དོན་ཞིག་ལས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་རིན་ཐང་གི་ཁྲི་ཆའི་ཆ་གཅིག་ལའང་བསྡུར་ རུང་བ་ཞིག་གཏན་ནས་མ་རེད། གནས་སྟངས་འདི་ཞིག་རེད།
March 6th, 2014 at 6:01 AM སྤོབས་པ་མཐའ་ཡས་ཟེར་བ།
སྔར་ལོ་ནས་བཟུང་ཁྱེད་ཀྱིས། བོད་བཙན་བྱོལ་གཞུང་མང་དང་བཙན་བྱོལ་ནང་གི་ཚོགས་སྡེ་ཁག་དང་མི་སྒེར་བར། རང་རེའི་ཆོས་བརྒྱུད་དང་གྲུབ་མཐའ་ཁག་བར་བཅས་ལ་བསམ་བཞིན་འཆར་ཅན་གྱི་གཡོ་ དཀྲུག་གང་མང་བྱས་དང་བྱེད་བཞིན་པ་འདིའི་དམིགས་ཡུལ་དང་རྒྱུ་མཚན་ཅི་ཡིན།
March 6th, 2014 at 6:10 AM སྤོབས་པ་མཐའ་ཡས་ཟེར་བ།
སྔོན་ཆད་ཁྱེད་ཀྱི་བྲིས་རྩོམ་དང་བཏགས་མཆན་འགའ་ལ་གུས་པས་ཀྱང་ཡིད་སྨོན་དང་ཡི་ རངས་བྱེད་མྱོང་། འོན་ཀྱང་བར་ལམ་ཞིག་ནས་ཁྱེད་ཀྱི་ལྟ་སྤྱོད་གཉི་ཀར་འགྱུར་ལྡོག་ཆེན་པོ་ཞིག་ འགྲོ་བཞིན་པའི་ཚོར་སྣང་སྦྱིན་སོང་། གང་ལྟར། ཁྱོད་རང་གི་ཤ་ཁྲག་རུས་གསུམ་བོད་ཡིན་པས་བོད་ཀྱི་བདེན་དོན་དང་ཕུགས་འདུན་ལ་ མནོ་བསམ་གཏང་རྒྱུ་གལ་ཆེ།
March 6th, 2014 at 6:12 AM ལྷ་འདྲེ་གནད་དོན་འདི་ག་འདྲ་བྱས་ནས་སེལ་ཐུབ་མིན་ཐད་ནས། ཆོས་ལུགས་ཀྱི་ཁྱབ་ཁོངས་ནས་ཐབས་ཤེས་ག་འདྲ་ཡོད་མེད་ངས་ནི་མི་ཤེས། ཡོད་སྲིད་པ་རེད། བལྟས་ཚོད་ཀྱིས་ཧ་ལམ་ཁག་པོ་ལོས་ཡིན་བསམ་བསམ་འདྲ་ཞིག་འདུག སྤྱིར་བཏང་ཆོས་ལུགས་མ་ཡིན་པའི་ཁྱབ་ཁོངས་གཞན་ཞིག་ནས་དེ་ཐག་གཅོད་བྱ་ཐུབ་པ་ ཞིག་རེད། དེ་ནི་ཆབ་སྲིད་ཀྱི་ཁྱབ་ཁོངས་ནས་ཐག་གཅོད་དགོས་པ་དེ་རེད། ཆབ་སྲིད་ཁྲིམས་ལུགས་ཀྱི་ཁྱབ་ཁོངས་ནས་ལྷ་འདྲེ་བསྟེན་གསོལ་ནི་མི་སྒེར་གྱི་ གནད་དོན་ཞིག་ཆགས་འགྲོ་གི་རེད། དེ་དག་འབྲེལ་བའི་གནད་དོན་ཁག་ཀྱང་མི་སྒེར་ཕན་ཚུན་བར་དང་གྲྭ་བཙུན་དགོན་སྡེ་ བྱེ་བྲག་པའི་གནད་དོན་ཞིག་རེད། གནད་དོན་དེ་མི་སྒེར་སོ་སོའི་སེམས་ཀྱི་དད་མོས་ཀྱི་ཚད་ལས་བདའ་ནས། མི་སྒེར་ཕན་བར་དང་ཆོས་སྡེ་ཕན་ཚུན་བར་གྱི་འཁྲུག་འཛིང་གི་ངོ་བོར་སྨིན་ཚེ། སྲིད་དོན་ཁྲིམས་ལུགས་ཀྱི་ངོས་ནས་གནད་དོན་དེ་ནི་ཉེས་དོན་གྱོད་གཞིའི་ངོ་བོ་ ཆགས་པ་རེད། དེ་ནི་ཉེས་ཁྲིམས་ལྟར་ཐག་གཅོད་རྒྱུ་དེ་རེད། ཡིན་ནའང་། བོད་པའི་ཆབ་སྲིད་སྒྲོམ་གཞི་ནི་ཆོས་སྲིད་མཉམ་བསྲེས་ཀྱི་ལམ་ལུགས་ཤིག་ཡིན་ སྟབས། ལྷ་འདྲེ་གནད་དོན་དེ་ཐག་གཅོད་རྒྱུ་ནི་དེ་འདྲའི་ལས་སླ་བོ་ཞིག་གཏན་ནས་མ་རེད། དེའི་སྒང་ལ་ད་ལྟ་བོད་ལ་རང་ཉིད་ཀྱི་རྒྱལ་ཁབ་དང་སྲིད་ཁྲིམས་རང་བཙན་པ་ཞིག་ཡོད་ པ་མ་རེད། བཙན་བྱོལ་བཅའ་ཁྲིམས་དེའང་མི་སྒེར་སོ་སོས་བཟང་སྤྱོད་ཀྱི་ཐོག་ནས་ཉམས་ལེན་བྱ་ རྒྱུ་ཙམ་ལས། སྤྱི་ཚོགས་ཁྲིམས་སྐྱོང་གི་ནུས་པ་རང་བཙན་པ་ཞིག་ཡོད་པ་མ་རེད། འདི་དག་ནི་དཀའ་ངལ་གནད་དོན་དངོས་གཞི་དག་རེད།
March 6th, 2014 at 6:15 AM དྲ་འབུ་ཐབས་ཆག་དངོས་ཡོད་གནས་ཚུལ་མི་ཤེས་པ་འདི་འདྲའི་བཤད་ཡམས་ཁ་ བརྡའི་སྟེང་བཀོད་པ་དྲི་མ་ཁ་རོགས་རང་རེད། རིག་པ་ཁྱི་སྐྱག་གི་གྲས་སུ་ཡོད་པའི་རྡོ་རྗེས་བཤད་པའི་སྐད་ཆར་བལྟས་དང།
༼ དེས་ན་གནད་དོན་གང་ན་ཡོད་ཟེར་ན། གཙོ་བོ་ཕྱོགས་གཉིས་ཀས་༧གོང་ས་མཆོག་གི་དགོངས་གཞི་ཡང་དག་པ་ཞིག་མ་ཤེས་པའམ། ཤེས་ཀྱང་མ་ཤེས་ཁུལ་བྱས་ནས་ཆུང་ངུ་ཞིག་ཆེན་པོ་བཟོས་པ་དེ་རེད། དཔེར་ན་བོད་གཞུང་༼ཟམ་གདོང་བླ་མ།༽གི་ཕྱོགས་ནས་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ དང་ཆོས་དང་ཟང་ཟིང་གི་འབྲེལ་བ་བཅད་དགོས་སོགས་ཀྱི་བཙན་བཀའ་བསྒྲགས་པ་དེ་དང་། ༽ ཟེར། ཁུངས་ལུང་སྤུ་ཙམ་མེད་ལ་འཕྱོན་མའི་འདོམ་ལྟར་བདག་མེད་ཁ་ནས་ཚིག་འདི་འདྲ་ཐོན་པ་ ནི་སངས་རྒྱས་བྱང་སེམས་སྤྱི་དང། མཁས་པ་རྣམས་ཁྲལ་བའི་རྒྱུ་རུ་ཟད་པས།
༡ དགོངས་གཞི་མ་རྟོགས་པའི་སྒྲུབ་བྱེད་དཔང་རྟགས་དང་བཅས་པ་བསྟར་ཆགས་སུ་འདྲེན་རོགས།
༢ ཆུང་ཆུང་ཆེན་པོ་བཟོ་མཁན་རྒྱ་ནག་གཞུང་རེད། རྒྱ་གཞུང་གི་བེད་སྤྱོད་འོག་ཕྱིན་པའི་དོལ་རྒྱལ་ཁ་ལ་ཁྱེར་མཁན་གྱི་བོད་མི་ཉུང་ ཤས་དེ་ཚོ་རེད། འབྲེལ་མོལ་སྐབས་རྒྱ་ཕྱོགས་ནས་༸གོང་ས་མཆོག་གིས་ཆོས་དད་རང་དབང་ལ་གཏོར་བཤིག་ གཏོང་གི་ཡོད་ཚུལ་གྱི་ཁ་དཀྲི་ཧམ་བཤད་བྱས་སྟབས། ཆོས་དང་ཟང་ཟིང་གི་འབྲེལ་བ་མི་འཇོག་པ་ཆོས་འདུལ་བའི་ཕྱག་ལེན་ཡང་དག་པའི་མང་ གཙོའི་འགྲོ་ལུགས་དང་མཐུན་པའི་ལམ་ནས་༸གོང་ས་མཆོག་གི་བཀའ་དགོངས་ཇི་བཞིན་ལག་ ལེན་བསྟར་བ་གདན་གསུམ་མཁན་ལས་གྲྭ་མང་ཡོངས་ལ་བཀའ་འདྲི་ཞུས་དང། སྐབས་དེ་དང་དེའི་ཡིག་ཆ་དངོས་གནས་ལ་ཞིབ་གཟིགས་གནང་ན་གསལ་བོ་མཁྱེན་ངེས་སྟབས། ཁྱི་གཏམ་ཁུངས་མེད་ཅོལ་ཆུང་གི་ཁ་ལ་བདག་པོ་རྒྱོབ་ཅིག
༣ ༼ ཤུགས་ལྡན་བསྟེན་མཁན་ཚོས་ཀྱང་། ཁོང་ཚོར་ཏཱ་ལའི་བླ་མས་ཆོས་དད་རང་དབང་སྤྲོད་ཀྱིན་མི་འདུག་ཟེར་ནས་སྐད་འབོད་ བྱེད་པ་དེ་གཉིས་ནོར་འཁྲུལ་ཡིན་པ་གཅིག་མཚུངས་རེད། ༽ཤུགས་ལྡན་བསྟེན་མཁན་ཚོས་ནོར་འཁྲུལ་ཡིན་པ་ཤེས་བཞིན་དུ་ཁྱད་གསོད་དང། གཞན་གྱི་དངུལ་དངོས་ཀྱི་བཀའ་བཀོད་འོག་ལས་ཀ་བྱེད་ཀྱི་ཡོད་སྟབས་དེ་གཉིས་མཚུངས་ བསྡུར་བྱེད་པའི་སྙིང་ཁམས་ཁྱི་སྐྱག་འདི་འདྲ་ཨ་ཙ་མ།
༤ ༼ དེས་ན་ད་ནས་བཟུང་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཤུགས་ལྡན་ བསྟེན་མཁན་གྱི་བོད་མི་རྣམས་བོད་མི་སྤྱི་མཚུངས་བཞིན་བདག་སྐྱོང་དང་གང་ལེགས་ བྱེད་དགོས། གང་ཟག་སྒེར་ངོས་ནས་ལྷ་འདྲེ་གང་ཞིག་ལ་སྐྱབས་སུ་སོང་ན་ཡང་བོད་མི་རིགས་ཤིག་ ཡིན་ཕྱིན་ཆད། གཞུང་གི་ངོས་ནས་ཁྱད་པར་སྤུ་ཙམ་མེད་པར་བྱམས་སྐྱོང་བྱེད་དགོས། དེ་གཞུང་གི་ལས་འགན་རེད། དེ་དམངས་གཙོའི་ཁྱད་ཆོས་རེད།༽ཟེར། དུས་ནམ་ཞིག་ཚུལ་ཅི་ལྟར་གཞུང་གི་ངོས་ནས་ཁྱད་པར་ཕྱེས་ཡོད་མེད་ཁུངས་སྐྱེལ་དང་ བཅས་པ་གསུངས་རོགས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐོབ་ཐང་འདྲ་མཉམ་མ་ཕྱིན་པའི་རིགས་ག་བ་ འདུག གསུངས་དང།
འདྲེ་ངན་དམ་སྲི་བསྟེན་མིན་སོ་སོའི་འདོད་པ་ཡིན་ནའང། དགེ་ལུགས་པ་དགེ་ལུགས་པའི་ཐུན་མོང་མ་ཡིན་པའི་འགྲོ་ལུགས་ཡོད་སྟབས་དགེ་འདུན་ སྤྱིས་མཐར་བསྐྲོད་བཏང་ཟིན་པའི་དམ་སྲི་ཞིག གཞན་གྱི་དགོས་མཁོ་སྒྲུབ་པའི་བེད་སྤྱོད་དུ་བསྟེན་དབུས་བོད་མིའི་སྒྲིག་འཛུགས་ ཀྱི་མ་ལག་ཆེ་ཕྲ་ཚང་མས་དེ་ལ་དགའ་བསུ་ཅི་ལྟར་ཞུ་གི་རེད་དམ།
ལར་ནས་ད་བར་དོལ་རྒྱལ་གྱི་རྙོག་གླེང་འདིའང་གསལ་བོར་ཞུས་ན་ཁམས་པ་རེ་ཟུང་ གི་བྱེད་རྐྱེན་ལས་བྱུང་བཞིན་སྟབས། མདོ་སྟོད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་མདོ་སྟོད་སྤྱི་འཐུས་ཚོའི་ འདིའི་ཐད་འགན་ཁུར་བླངས། དེ་བཞིན་སྲིད་སྐྱོང་ཡང་མདོ་སྟོད་ཡིན་པའི་ཆ་ནས་བོད་མིའི་ནང་འདི་འདྲའི་དཀའ་ ངལ་མུ་མཐུད་ལྷག་མ་དགོས་པའི་ཆེད་ཐུགས་ཁུར་དམིགས་བསལ་ཞིག་བཞེས་ན་མ་གཏོགས། ༸རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་ལ་ཁྱད་གསོད་བྱེད་པའི་ཉིན་མོ་ནི་བོད་སྤྱིའི་ གྱོང་དང། དེ་ཡང་གསལ་བོར་ཞུས་ན་༸གོང་ས་མཆོག་གི་དགོངས་གཞི་ལ་ཁྱད་གསོད་བྱེད་པའི་ཉིན་མོ་ དེ་ནི་ཆོལ་ཁ་གསུམ་ཟེར་བའི་རྩ་འཛུགས་འདི་འཐོར་བཤིག་འགྲོ་བའི་ཉིན་མོའང་ཡིན་ སྟབས། རང་རང་གི་ཆོལ་ཁའི་ཕྱོགས་ནས་ལྷགས་པའི་དཀའ་ངལ་འདི་ཚོར་རི་བོང་རྡོ་བརྫིས་དང་ མགོ་རུལ་རྣ་བའི་མ་ཚོར་བར་བསྡད་ན་བོད་མི་རིགས་བསྟན་སྲིད་ལ་ལྷག་བསམ་རྣམ་དག་ག་ ཚོད་ཡོད་མེད་རང་བཞིན་གྱིས་ཤེས་ཡོང་སྟབས། ཁུར་བསྐྱེད་ཅིག ཅོལ་ཆུང་རིག་རྡོར་ལྟ་བུའི་ད་ནས་བཟུང་ཁ་ལ་བདག་པོ་རྒྱོབ། ཁུངས་ལུང་མེད་པ་འདི་འདྲ་བྲིས་མ་ཡོང། ཁ་བརྡ་ཚང་གིས་ཀྱང་ཁུངས་ལུངས་ཡོད་མེད་དང་སྨྲ་བརྗོད་རང་དབང་གི་ཁྲིམས་ཀྱི་རྒྱ་ ལས་བརྒལ་ཡོད་མེད། རང་རེའི་སྤྱི་ཚོགས་ལ་བརྡབ་གསིག་འགྲོ་མིན་བཅས་ལ་དགོངས་ཏེ་འགོད་པར་ཞིབ་བཤེར་ གནང་རོགས།།
March 6th, 2014 at 6:45 AM མདོར་དེད་ནས་བཤད་ན། བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་རིན་ཐང་ལྟ་བའི་མིག་ཟུང་དང་། དེ་འབྲེལ་གྱི་བོད་བརྒྱུད་ནང་བསྟན་དགོན་སྡེ་ཁག་གི་ལམ་སྲོལ་ལྟ་བའི་ཁྱབ་ཁོངས་ ལས་བརྒལ་མ་ཐུབ་པའི་མི་སྒེར་དང་ཚོགས་སྡེ་ཞིག་གི་ངོས་ཐད་ནས་བཤད་ན། ལྷ་འདྲེ་གནད་དོན་འདི་ཁྱབ་ཁོངས་གཞན་ཞིག་གི་ངོས་ནས་བརྡར་ཤ་གཅོད་པ་དང་། རིན་ཚད་འཇལ་བ། ངོས་འཛིན་བྱེད་པ། ཐག་གཅོད་པ་བཅས་རྙེད་བྱ་ཐབས་བྲལ་བ་རེད། རྩ་བ་དེ་དད་པར་ཐུག་ཡོད་པ་རེད། དད་དེ་དུས་ཡུན་རིང་པོའི་བརྒྱུད་རིམ་ཁྲོད་ཀྱི་རྒྱུ་རྐྱེན་རྟེན་འབྲེལ་སྣ་ ཚོགས་པའི་དབང་གིས་བསྐྲུན་པའི་ལམ་དང་ལུགས་སྲོལ་གྱིས་བཟུང་ཡོད་པ་རེད། ལམ་དང་ལུགས་སྲོལ་དེ་དག་ནི་མི་ཚེ་རིན་ཐང་ལྟ་བར་གྱུར་ཡོད་པ་རེད། དེར་བརྟེན། ལྷ་འདྲེ་གང་ཡིན་པ་གཅིག་རང་དེ་ཉིད། ལྷ་རུ་སྒོམ་མཁན་དང་འདྲེ་རུ་མཐོང་མཁན་དད་ལྡན་ཚོགས་སྡེ་མ་འདྲ་བ་གཉིས་ལ་མཚོན་ ན། དད་པའི་ངོས་ཀྱི་རིན་ཐང་ལྟ་བའི་ཐད་ནས་གཉིས་ཆའི་ངོས་ལེན་ཐུབ་པའི་ཐག་གཅོད་ཀྱི་ ལམ་ཁ་ཞིག་ཧ་ལམ་ཁག་པ་རེད། མ་གཞི་དད་པ་ནི་འགྲོ་བ་མིའི་རིགས་སྤྱི་ལ་གཅིག་གྱུར་མངོན་སུམ་དུ་གནས་ལུགས་ རྒྱུ་མཚན་བགྲང་ནས་གསེད་བཀྲོལ་ཐུབ་རྒྱུ་ཞིག་མིན་པ་འདྲ། འགྲོ་བ་མིའི་རིགས་ཡོངས་ལ་རྒྱུ་མཚན་གནས་ལུགས་ཀྱི་ལམ་ནས་མངོན་སུམ་དུ་གནས་ ལུགས་རྒྱུ་མཚན་གྱིས་གསེད་བཀྲོལ་ཐུབ་པར་གྱུར་བའི་དུས་དེར། དེ་ནི་དད་པའི་ཁྱབ་ཁོངས་ནས་བརྒལ་ཚར་བ་རེད།
March 6th, 2014 at 6:48 AM ཕྱི་དགྲ་ལས་ཀྱང་ནང་དགྲ་སྡུག་པ་རེད། དེ་ཤེས་དགོས།
March 6th, 2014 at 8:16 AM ལོ་རྒྱུས་དང་གནས་ལུགས་ཏིལ་འབྲི་ཙམ་ཡང་མི་ཤེས་པའི་རྨོངས་རྟགས་སྟོན་པ་ ནི་བླུན་པོ་རང་མཐོང་ཅན་ཚོས་གཤིས་སུ་གྲུབ་ཡོད་པས་ངོ་མ་ཡ་ངར་དགོས་པ་དང་ཡིད་ མུག་དགོས་པ་ལས་གཟུར་གནས་སུ་ཞིག་གིས་དེ་ལ་གཟི་བརྗིད་དུ་བརྩིས། སྤྱི་ཏང་དྲྭ་འབུ་འདི་ཚོས་དེང་སྐབས་སྐད་ཆ་བཤད་སྟངས་གསར་པ་ཞིག་གམ་ཡང་ན་ཐབས་ ཤེས་གསར་པ་ཞིག་སྟེ། ཁ་ནས་༸གོང་ས་མཆོག་བཀའ་དྲིན་ཆེ་ཚུལ་དང་གལ་ཆེ་ཚུལ་གང་མང་མང་དངོས་སུ་བཤད་རྗེས། ཤུགས་སུ་དེ་ལས་ཟློག་སྟེ་སྒྲོ་སྐུར་དང་ཟུར་ཟའི་ཐབས་ལམ་བཙལ་གྱིན་ཡོད།
མདོར་བསྡུས་ནས་བཤད་ན་དོལ་འདྲེའི་ལོ་རྒྱུས་དང་གནས་སྟངས་ཇི་ཡིན་ད་དུང་མི་ ཤེས་མཁན་གྱི་བོད་རིགས་ནར་སོན་པ་དང་། ཤེས་པ་རང་བཞིན་དུ་གནས་མཁན་ཚོས་ནང་དུ་ཡོད་ཟེར་ན་དེ་ནི་དོལ་འདྲེས་བརྒྱུད་ རློམས་ཟིན་པའི་རྒྱུག་ཁྱི་དག་ལས་གཞན་བོད་མི་གཟུར་གནས་ཅན་དང་བསམ་ཤེས་ཅན་ཞིག་ གང་དུ་ཡོད་དམ། ད་དུང་ཆོས་ལུགས་དད་མོས་དང་། རང་དབང་ཐོབ་ཐང་སོགས་རྩོད་གཞིར་བཞག་མདོག་སྟོན་པ་ནི་དེ་གཉིང་ཀྱི་གོ་དོན་ཙམ་ ཡང་མི་ཤེས་པའི་རྨོངས་རྟགས་གསལ་སྟོན་བྱས་པ་ཙམ་ལས་གནས་ལུགས་ལྡན་པ་ཞིག་ག་ལ་ ཡིན།
བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱི་ངོས་ནས་འདས་ཟིན་པའི་དུས་རབས་ཀྱི་ནང་ དུ་དོལ་ཚོགས་རྒྱང་འབུད་བྱས་པས་གནས་ཚུལ་བྱུང་ཡོད་མེད་དེ་བཞིན་གནས་ལུགས་ དཔྱོད་བྱེད་ཀྱི་བློག་མིག་རྒྱ་ཁབ་ཀྱི་བུ་ག་ལས་དོག་སོང་བ་དང་། ཡང་ན་རང་སེམས་ཕྱོགས་རིས་གདོན་ནད་དྲགས་པོས་ཟིན་སོང་བ་མ་ཡིན་ན་རྣལ་དུ་ཕབ་ནས་ ཞིབ་འཇུག་རེ་བྱས་ན་གསལ་ངེས་རེད། ད་དུང་རྙོག་གླེང་འདི་ཆོས་ལུགས་བྱེ་བྲག་པ་གཅིག་གི་རྙོག་གླེང་ཡིན་མདོག་དང་། ཆབ་སྲིད་པ་ཚོས་འདིར་ལག་པ་འཆང་མི་འོས་ཚུལ། ད་ལྟའི་བོད་མིའི་གནས་སྟངས་ལ་ཁ་གཡར་ཏེ་ཕན་ཚུན་བསམ་ཤེས་དགོས་ལུགས་སོགས་ལོག་ ལམ་འཆད་མཁན་ཆེས་ཉུང་ཤེས་ཀྱིས་མིང་རྫིན་དང་མགོ་པར་རྫུན་མ་གསུམ་བཞི་རེའི་འོག་ ནས་དྲྭ་གནས་འདྲ་མིན་བརྒྱུད་སྟེ་ཕྱི་དཀྲུག་ནང་དཀྲུག་དང་། ཕུ་དཀྲུག་མདའ་དཀྲུག་བྱེད་ཐབས་ཀྱི་སྦྱོར་ངན་སྣ་ཚོགས་པ་རྩོམ་བཞིན་པ་ཡིན་པས་ གཟུར་གནས་བོད་རིགས་ཀུན་གྱི་ཡིབ་གཟབ་དགོས་པའི་དུས་སུ་སླེབས་འདུག །
མདོར་བསྡུས་ནས་བཤད་ན། དོལ་ཚོགས་ཀྱི་རྙོག་གླེང་འདི་ནི་བོད་མིའི་ཆབ་སྲིད་ཀྱི་ཐད་ནས་བཤད་ན་ངེས་པར་ གདོང་ལེན་དགོས་གལ་ཆེ་རིགས་ཀྱི་ནང་ནས་ཉེན་ཆེ་ཤོས་དང་དཀའ་པའིགནས་ཆེ་ཤོས་དེ་ ཡང་ཡིན་པས་དུས་ནམ་ཡང་མགོ་ཡངས་སྟབས་བདེའི་འོག་ནས་ལྷོད་གཡེངས་སུ་ཤོར་མི་རུང་། སྤྱི་ཏང་ནས་བཤད་ན་དོལ་འདྲེ་འདི་ནི་ལོ་ངོ་༤༠༠ཡས་མས་ཀྱི་རིང་དུ་བསྟན་སྲིད་ སྤྱིའི་ཁོར་ཡུག་ནང་དུ་རྙོག་གླེང་ཅན་དང་རྩོད་གཞི་ཅན་ཁོ་ནའི་འོག་ནས་ད་བར་དུ་ གནས་ཡོད་པས་བསྟན་བསྲུང་སྤྱིའི་འགྲོ་སྟངས་དང་གནས་བབ་གང་ཐད་ནས་མི་མཐུན་པའི་ འབྱུང་པོ་གདུག་པ་ཅན་ཞིག་ཡིན། འདིའི་སྐོར་བཤད་ན་ཡིག་ཚོགས་ཆེ་བ་དང་། ལྷག་པར་དུའང་༸དོན་གྱི་བདག་པོས་གསུངས་མ་ཟིན་པ་ཞིག་མེད་པས་བསྐྱར་ཟློས་འགྱུར་ བར་དོག་སྟེ་ངལ་བར་བསྟེན་མ་འདོད་དོ།།
March 6th, 2014 at 10:15 AM དོལ་རྒྱལ་གྱི་གནད་དོན་དེ་དགེ་ལུགས་ནང་ཁུལ་གྱི་དོན་དག་རེད། དེ་བོད་སྤྱིའི་ནང་ལ་ཚུལ་ཁུར་མ་ཡོང། བོད་གཞུང་འདི་ཆོས་ལུགས་ཆེ་པོ་བཞི་དང།
ཆོལ་ཁ་ཆེ་པོ་གསུམ་གྱི་གཞུང་ཡིན། རྙིང་མ་དང་བཀའ་རྒྱུང་བོན་པོ་ཅས་ལ་དོལ་རྒྱལ་བསྟན་ན་དགའ་ཡ་དང་མ་བསྟན་ན་དགའ་ཡ་གང་ཡང་ཡོད་ཀྱི་མ་རེད།
ཡིན་ཡང་དགེ་ལུགས་པའི་གནད་དོན་བོད་སྤྱི་པའི་ནང་ཚུལ་དྲུད་ཡོང་གི་འདུག་དེ་ཡག་པོ་མ་རེད། མ་གཞི་ཆོས་ལུགས་འདི་ཆོག་འདི་མི་ཆོག་ལབ་ན་ཡག་པོ་
མི་འདུག། དགེར་དོན་གཞུང་འབྲེལ་ཐོག་ཚུལ་སླེབ་ཡོང་བ་འདི། ཆོས་སྲིད་ཟུང་འབྲེལ་ཟེར་བ་འདི་རེད། ཆོས་ཆོས་བཞིག་སྒྲུབ་སྲིད་སྲིད་བཞིན་སྐྱོང་ན་ཡག་པོ་
འདུག། དེ་མིན་ཇ་འཆང་མཉམ་སྲེ་བྱས་ན་ཡག་པོ་མི་འདུག། རྒྱ་གར་ནང་ནས་དོལ་རྒྱལ་བས་མི་བསད་ཟེར་ནས་སྐད་གྲགས་འདུག། བོད་ནང་ནས་དགེ་
ལུགས་པས་དོལ་རྒྱལ་བསད་ཟེར་ནས་སྐད་གྲགས་འདུག། འདི་གཉིས་ལ་གྱི་བྱེད་ལས་ལ་ཡང་ལྕི་གང་ཡང་མི་འདུག། ད་ཆོས་ལུགས་མ་རྩོད་བོད་དོན་རྩོད་རོགས།
ཕྱི་དགྲ་ལ་ཐུགས་ན་སྙིང་རྗེ་ཡི་བདག་པོ། ནང་ཕུ་ནུ་ལ་ཐུག་ན་ཤན་པ་གྲི་ཐོག་མ་བྱེད་རོགས།