དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday, 8 April 2011
ན་མོ་མ་ཧྰ་གུ་རུ་བུདྡྷ་ཛྙྰ་ན་མཉྫུ་ཤྲྰི་གྷོ་ཥ་ཡེ། ། བགྲང་ཡས་ཚོགས་ཟུང་ཆུ་གཏེར་ལས་འཁྲུངས་མཚམས་སྤྲིན་མདངས་འཛིན་མཚན་དཔེའི་ལོངས་སྤྱོད་བརྒྱན་པའི་སྐུ མཐའ་ཡས་གདུལ་བྱའི་རེ་བ་ཡོངས་བསྐོང་དམ་ཆོས་ཚངས་དབྱངས་དྲུག་ཅུའི་གྲུ་ཆར་འ

རྒྱལ་ཀུན་ཡབ་གཅིག་འཇམ་དཔལ་གཞོན་ནུའི་གསུང་དབྱངས་ཆོས་ཀྱིས་སྐྱེ་ཀུན་བདག་སོགས་རྗེས་བཟུང་ཞིག
ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་སྟོན་པ་བདེ་གཤེགས་སྐྱོབ་པའི་དཔལ།
ཚད་མའི་སྙིང་པོ་དེ་ཉིད་རྟོགས་པས་ཐེག་མཆོག་སེང་གེའི་སྒྲ་ཆེན་སྒྲགས།
ཚད་མའི་འདྲེན་མཆོག་བྲལ་སྨིན་ཀུན་རྫོགས་སྙིགས་མའི་དུས་ཀྱི་སྐྱབས་གཅིག་པུ།
དཀོན་མཆོག་ཀུན་འདུས་པདྨ་ཀ་རས་བདག་སོགས་འགྲོ་རྣམས་རྟག་སྐྱོངས་ཤིག །
 ཇོ་བའི་གསུང་།
བསམ་ཡས་ཤེས་བྱ་ཀུན་མཁྱེན་མཁྱེན་བརྩེ་ནུས་མཐུའི་རང་བཞིན་ལྷུན་གྲུབ་རྩལ་ཆེན་རྫོགས་པའི་ཐུགས།
བདེ་གཤེགས་རྟེན་གསུམ་ལེགས་བཤད་རྒྱ་མཚོའི་འཇིངས།
རྟོགས་འདོད་མེ་ཁྱེར་སྲིན་བུས་ཉིན་བྱེད་དམ།
བྱིས་བློས་འོལ་སྤྱིས་མཁའ་དབྱིངས་གཞལ་བར་ལྟར།
རྨོངས་པའི་རང་རྟགས་གསལ་མོད་དེ་ལྟ་ནའང། །
བཀའ་ལུང་གནང་བའི་ཅོད་པན་སྤྱི་བོར་རུ།
ལྷུང་ཚེ་བ་སྤུ་འདར་བའི་དད་ཤུགས་ཀྱིས། །
ཟོལ་མེད་དྲང་པོས་ལམ་ནས་རབ་འདུད་བཅས།
རང་བློས་གང་དཔོག་སྤྱི་བརྟོལ་བསྐྱེད་དེ་གསོལ། །
དེ་ཡང་ཚོགས་གཉིས་རྒྱ་མཚོ་ལྟ་བུའི་ལེགས་སྤྱད་ལ་དུས་རིང་མོར་ཉིད་ནས་གོམས་པའི་མཐུ་དཔུང་ཆེན་པོའི་མངའ་བདག་ལུགས་གཉིས་ཀྱི་དཔལ་འབྱོར་དབྱར་གྱི་ཆུ་བོ་བཞིན་དུ་མ་འབད་ངང་གིས་འདུ་བས་ནོར་འཛིན་འཁོར་ཡུག་ཀུན་ཏུ་དོན་གནས་ཀྱི་གྲགས་སྙན་གྱི་བ་དན་དཀར་པོ་རྣམ་པར་གཡོ་བས་ཕྱོགས་བཅུའི་མུ་ཁྱུད་དག་ཏུ་ཁྱབ་པར་གྱུར་ཅིང་། ཁྱད་པར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་མཁྱེན་བརྩེ་ནུས་པའི་སྤྱི་གཟུགས། གསུང་ཟབ་རྒྱས་བཀའ་བསྟན་གྱི་བཀའ་བབས། སྐུ་མཚན་དཔེ་གསལ་རྫོགས་ཀྱི་རང་བཞིན་དུ་ཤར་བ། རྒྱལ་བ་སེངྒེའི་ང་རོའི་རང་ལུགས་གཙང་མར་འཛིན་སྐྱོང་སྤེལ་བའི་དེད་དཔོན་དམ་པ་འགའ་ཡིས་ཡང་ཡང་བསྐུལ་ངོར་མ་ཟློག་ཙམ་དུ་བདེ་གཤེགས་མཆོད་བརྟེན་གྱི་ལོ་རྒྱུས་དང་འབྲེལ་བའི་བདེ་གཤེགས་སྐུ་གསུང་ཐུགས་རྟེན་འབུལ་ཚུལ་དང་། དགོས་པ་རྒྱུ་མཚན་བཅས་མདོར་བསྡུས་ཤིག་ཞུ་བ་ལ་སྤྲོ་བར་བརྟས་སོ།
འདིར་བརྗོད་པར་བྱ་བ་དངོས་ནི་བདེ་གཤེགས་པའི་སྐུ་གཟུགས་དང་ཐུགས་ཀྱི་རྟེན་མཆོག་དག་ལ་རིང་བསྲེལ་ལྔས་ཕྱུར་བུར་གཏམས་པའི་ཚུལ་རྒྱུ་མཚན་འབྱུང་དང་ལྡན་པའི་སྒོ་ནས་མདོར་བསྟན་པ་དང་། མཆོད་རྟེན་གྱི་བརྡ་དོན་རྒྱས་པར་བཤད་པ་དང་། རྗེས་ཕན་ཡོན་གྱི་སྒོ་ནས་འཇུག་བསྡུ་བ་དང་གསུམ་ལས། དང་པོ་ཆོས་སྐུའི་རྟེན་དེ་བཞིན་གཤེགས་པའི་མཛད་པ་བརྒྱད་ལ་སྒོ་བསྟུན་པའི་མཆོད་རྟེན་ཆ་བརྒྱད་ལ་སོགས་པ་སྟེ། དེ་ཡང་དང་པོ་བདག་ཅག་གི་སྟོན་པ་སྐུ་འཁྲུངས་པའི་དུས་སུ་པདྨ་སྤུངས་པའི་མཆོད་རྟེན་སེར་སྐྱའི་གནས་སུ་རྒྱལ་པོ་གཙང་འཁོར་བཅས་ཀྱི་བཞེངས་པ་དང་། གཉིས་པ་སངས་རྒྱས་པའི་དུས་སུ་བདུད་འདུལ་ལམ་བྱང་ཆུབ་མཆོད་རྟེན་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པས་བཞེངས་པ་དང་། གསུམ་པ་ཆོས་འཁོར་བསྐོར་བའི་ཚེ་བཀྲ་ཤེས་སྒོ་མང་ཝྰ་ར་ཎ་སིར་ལྔ་སྡེ་བཟང་པོ་སོགས་ཀྱིས་བཞེངས་པ་དང། བཞི་བ་མུ་སྟེགས་སྟོན་པ་སྡེ་དྲུག་བཏུལ་དུས་ཆོ་འཕྲུལ་མཆོད་རྟེན་ཛ་ཏའི་ཚལ་དུ་ལིཙྪ་བྰི་སོགས་ཀྱིས་བཞེངས། ལྔ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སུམ་ཅུ་རྩ་གསུམ་དུ་ཡུམ་སྒྱུ་འཕྲུལ་མ་ལ་ཆོས་བསྟན་ནས་སླར་མི་ཡུལ་གསལ་ལྡན་དུ་བབས་ཚེ་ལྷ་བབས་མཆོད་རྟེན་དེ་དག་རྣམས་ཀྱིས་བཞེངས། དྲུག་པ་དགེ་འདུན་དབྱེན་བསྡུམ་པའི་དུས་སུ་དབྱེན་འདུམ་མཆོད་རྟེན་འོད་མའི་ཚལ་དུ་མ་ག་དྷ་བས་བཞེངས། བདུན་པ་སྐུ་ཚེའི་འདུ་བྱེད་བྱིན་གྱིས་རླབས་ཚེ་རྣམ་རྒྱལ་མཆོད་རྟེན་དགེ་བསྙེན་ཙིནྡ་སོགས་ཀྱིས་བཞེངས་པ། བརྒྱད་པ་སྐུ་མྱ་ངན་ལས་འདས་པར་མྱང་འདས་མཆོད་རྟེན་རྩ་ཅན་དུ་གྱད་ཀྱིས་བཞེངས་པ་སྟེ་བརྒྱད་དང་། མདོ་སྡེ་བསྐལ་བཟང་ལས། དེ་བཞིན་གཤེགས་པའི་སྐུ་གདུང་ནི་རྒྱས་པར་འགྱུར་རོ་ཞེས་གསུངས་པ་ལྟར་དེ་བཞིན་གཤེགས་པའི་ཚེམས་ཆེ་བ་བཞི་པོ་ལས་ཚངས་པ་དང་། གྲོང་ཁྱེར་སྒྲ་སྒྲོགས་ཀྱི་འོག་གི་ཀླུ་དང་། ཀ་ལིང་ཀའི་རྒྱལ་པོ་དང་། ཚིག་འཛིན་ཡིད་འོང་གི་གྲོང་ཁྱེར་དང་། གཞན་ཡང་དྲི་ཟ་རྣམས་ཀྱིས་མཆོད་རྟེན་རེ་རེར་བཞེངས་པ་དང་། དེ་བཞིན་གཤེགས་པའི་རིང་བསྲེལ་ཡུལ་མ་གྷའི་བྲེ་བོ་ཆེ་བརྒྱད་དང་། རས་ཚིག་པ་དང་མ་ཚིག་པ་རྣམས་ཀྱི་མཆོད་རྟེན་བརྒྱད་ལ་སོགས་པ་བཞེངས་པ་དང་། ཆོས་རྒྱལ་མྱ་ངན་མེད་ཀྱི་གནོད་སྦྱིན་ཁོལ་པོ་བསྒྲུབས་ནས་འཛམ་གླིང་ས་གནས་བྱེ་བར་དེ་བཞིན་གཤེགས་པའི་རིང་བསྲེལ་སྙིང་པོ་ཅན་གྱི་མཆོད་རྟེན་བྱེ་བ་བཞེངས་པ་དང་། རྒྱ་བལ་གྱི་མཆོད་རྟེན་སྣ་ཚོགས་པ་དག་དམ་པའི་སྐྱེས་བུ་རྣམ་གྱིས་བཞེངས་པ་རྣམས་དང་། རྒྱལ་པོ་སྲོངབཙན་སྒོམ་པོས་དགེ་སློང་ཨ་ཀར་མ་ཏི་ཤི་ལར་སྤྲུལ་ནས་རྒྱ་གར་གྱི་མཆོད་རྟེན་པདྨ་སྤུངས་པ་ནས་དེ་བཞིན་གཤེགས་པའི་རིང་བསྲེལ་སྤྱན་དྲངས་པར་ད་ལྟ་ཡང་ཇོ་བོ་རང་བྱུང་ལྔ་ལྡན་གྱི་སྨིན་མཚམས་སུ་བཞུགས་པ་དང་། མཆོད་རྟེན་དེ་ལས་ཨོ་རྒྱན་སངས་རྒྱས་གཉིས་པས་རྫུ་འཕྲུལ་གྱིས་རིང་བསྲེལ་བྲེ་གང་སྤྱན་དྲངས་ཏེ་བསམ་ཡས་མཆོད་རྟེན་དཀར་པོ་ན་བཞུགས་པ་ལས་འཕེལ་བ་སྐལ་ལྡན་གྱི་གང་ཟག་གིས་ད་ལྟ་ཡང་རྙེད་དུ་ཡོད་པ་ལ་སོགས་ཀྱི་ལོ་རྒྱུས་དང་། སྨོན་ལམ་ཇི་ལྟར་བཏབ་པ་རྣམས་དངོས་སུ་འགྲུབ་པའི་རྟེན་རིང་བསྲེལ་དང་སྐུ་གསུང་ཐུགས་ཀྱི་རྟེན་མཆོག་གང་དུ་བཞུགས་ན་སངས་རྒྱས་ཀྱི་བསྟན་པ་དར་བ་དང་སྐྱེ་དགུ་རྣམས་བདེ་སྐྱིད་འགྱུར་བ་དང་། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པ་ལས། བསྟན་པའི་བཙས་གསུམ་ཞེས་སྐུ་རྟེན་དུ་རིན་པོ་ཆེ་བརྒྱ་རྩ་གཅིག་ལས་རང་བྱོན་པའི་སངས་རྒྱས་རྡོ་རྗེ་འཆང་གི་སྐུ་དང་། གསུང་རྟེན་དུ་བསྟན་པ་བུ་གཅིག་གི་རྒྱུད་དང་། ཐུགས་རྟེན་དུ་རིན་པོ་ཆེ་བརྒྱ་རྩ་གཅིག་གམ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཁྲུ་གང་བ་གནས་བབས་བཅུ་གཉིས་ལ་སོགས་པ་གང་ན་ངེས་གསང་བླ་ན་མེད་པའི་ཆོས་དར་བའི་ནམ་མཁའི་གནས་སུ་འབྱོན་

0 comments:

ཟིན་བྲིས་འཚོལ་ཡུལ