དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday, 8 April 2011
ན་མོ་གུ་རུ་ཤྲྰི་ཀྰ་ལ་ཙཀྲ་ཡེ། །
ཁྱབ་བདག་གདོད་མའི་མགོན་པོ་ཀུན་ཏུ་བཟང་།
ཡེ་ཤེས་སྒྱུ་འཕྲུལ་རོལ་གར་ཞི་ཁྲོའི་ལྷ།
བསམ་ཡས་འགྲོ་དོན་མཛད་པ་སྐུ་གསུམ་དཔལ།
དབྱེར་མེད་སངས་རྒྱས་ཡེ་ཤེས་རྒྱལ་གྱུར་ཅིག ། 
མཁྱེན་རབ་དབང་ཕྱུག་རིག་འཛིན་རྣམ་བཞིར་བགྲོད།
བརྩེ་ཆེན་ཐུགས་རྗེས་རྣམ་བཞིའི་འཁོར་ཚོགས་འདྲེན།
ཟབ་རྒྱས་ཆོས་འཁོར་བདེན་བཞིའི་ལམ་སྟོན་མཁན།
དངོས་བརྒྱུད་དཀོན་མཆོག་རྣམ་བཞིས་རྟག་སྐྱོངས་ཤིག །
ཀུན་བཟང་ཆོས་སྐུའི་བླ་མ་རང་ཞལ་མཇལ།
ལྷུན་གྲུབ་ལོངས་སྤྱོད་འཁོར་ལོའི་བརྡ་གླུ་འགུགས།
སྣ་ཚོགས་དག་པའི་སྣང་བ་རྟག་འཆར་བས།
མཁའ་ཁྱབ་འགྲོ་ཀུན་སྨིན་གྲོལ་འགོད་ནུས་སྨོན། ། དེ་ཡང་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་བཀའ་དྲིན་མཉམ་མེད་རྒྱལ་བ་རྫོགས་པའི་སངས་རྒྱས་ཤྰཀྱ་སེང་གེ་མཆོག་གིས་གདུལ་བྱའི་ཁམས་དབང་བསམ་པའི་བྱེ་བྲག་བཞིན་དམ་པའི་ཆོས་ཀྱི་རྣམ་གྲངས་བརྒྱད་ཁྲི་བཞི་སྟོང་སོགས་མདོ་སྔགས་རྒྱ་མཚོ་ལྟ་བའི་ཆོས་ཀྱི་བགོ་སྐལ་བླ་ན་མེད་པའི་བདུད་རྩི་བསྩལ་ནས་སྐལ་བཟང་རྣམས་ཀྱི་རང་རང་གི་དད་མོས་གུས་པ་བཞིན ་དུ་རང་འབྲས་ཐར་བ་གསུམ་གྱི་གོ་འཕང་བཀོད་པ་བསམ་ཡུལ་ལས་འདས་པ་རྣམས་བྱུང་དང་འབྱུང་བཞིན་པ་དེ་དག་ལོ་རྒྱུས་མངོན་སུམ་འདི་དག་རེད། དམ་པའི་ཆོས་ནི་ཕྱི་དངོས་པོ་ཡར་རྒྱས་ཚོང་ལས་དཔལ་འབྱོར་གྱི་དངོས་པོ་ལྟ་བུ་ཞིག་མ་ཡིན་པར་རང་རང་སོ་སོའི་ནང་སེམས་རྒྱུད་ཀྱི་དྲན་ཤེས་བག་ཡོད་དག་གིས་རང་རྒྱུད་བརྟག་དཔྱད་བྱས་ནས་ཇེ་ལེགས་དང་ཇེ་བཟང་དུ་ཡང་ནས་ཡང་དུ་གོང་འཕེལ་གཏོང་སྟེ་བློ་ལྡོག་རྣམ་བཞི་སོགས་ཐུན་མོང་ཐུན་མིན་གྱི་ཕྱི་ནང་གི་སྔོན་འགྲོ་སོགས་ལ་འབད་པ་དྲག་པོ་བྱས་ནས་ཐེ་ཚོམ་མེད་པར་ཐབས་སྙ ིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་ཉིད་རྣམ་གྲངས་མ་ཡིན་པའི་ལམ་བཟང་དམ་པའི་ཆོས་རྣམ་དག་ཅིག་ཚུལ་བཞིན་དུ་སྒྲུབ་དགོས་པ་དེ་ཤིན་ཏུ་གལ་ཆེ་པོ་ཡིན་ནོ། དེས་ན་རང་གཞན་སེམས་ཅན་ཚང་མ་བདེ་འདོད་དང་སྡུག་བསྔལ་མི་འདོད་པ་ཀུན་པོ་འདྲ་འདྲ་ཡིན་པ་དང་། བདེ་བ་འདོད་པ་དེ་ལ་ཡང་ནང་སེམས་ཀྱི་བདེ་བ་དམ་པ་ཞི་གནས་ལྷག་མཐོང་གི་སེམས་སམ་ཡང་དག་པ་ཐར་བ་ཐམས་ཅད་མཁྱེན་པའི་གོ་འཕང་དམ་པ་འཁོར་འདས་བར་ལག་གྱེས་ཁའི་རི་རྩེ་ཕྱིན་པ་ལྟ་བུ་ལྟ་བ་རྣམ་དག་དང་བསམ་པ་ངེས་འབྱུང་གིས་ཀུན་སློང་བཅས་རང་གནས་ཡེ་བབས་སོར་བཞག་གི་ངང་ལ་དྲན་པ་དང་ཤེས་བཞིན་བག་ཡོད་ཀྱིས་རྒྱང་སོ་བྱས་ཏེ་རང་རིག་ཀུན་བྱེད་སྒྱུ་མ་མཁན་པོའི་ནང་རིག་པ་ར ྩད་གདར་ཆོད་ནས་ཕྱི་རོལ་དུ་འཇིག་རྟེན་གྱི་ཡུལ་སྣང་ཆོས་བརྒྱད་ལ་ཞེན་པའི་དྲི་མས་མ་གོས་པར་ནང་སེམས་སྟེང་ནས་རང་བྱུང་གི་རིག་པ་ཁོ་ཐག་ཆོད་པ་ནི་དེ་ཡང་གསང་རྫོགས་པ་ཆེན་པོའི་ཟབ་ཆོས་འདི་ཁོ་ན་ཡིན་ནོ།
དེ་ལྟར་དཔལ་དུས་ཀྱི་འཁོར་ལོའི་དཀའ་གནད་ཀུན་ཟབ་གསང་རྫོགས་པ་ཆེན་པོ་ལྟར་གསང་སྤེལ་བ་འོག་ནས་འཆད་འགྱུར་གྱི་དུས་བབས་ཀྱི་པད་གླིང་གཏེར་མ་ཟབ་ཆོས་གཞུང་ལུགས་འདི་དག་ལས་འབྱུང་བ་བཞིན་ནོ། དེང་དུས་འཛམ་གླིང་གོ་ལ་ཧྲིལ་བོ་འདི་སྟེང་དུ་ཕྱི་དཔལ་འབྱོར་འཛུགས་བསྐྲུན་ནི་གོང་འཕེལ་དུ་མ་ཞིག་ཡོད་པར་མཆིས་ཀྱང་ནང་སེམས་ཀྱི་ཞི་བདེ་ལ་བག་ཕེབས་ཀྱི་བསམ་བློ་ནི་ཉིན་མོའི་སྐར་མ་ལྟར་གྱུར་བའི་སྐབས་འདིར་མེད་ཐབས་མེད་པའི་མི་ཚེའི་དགོས་དོན་གྱི་སྙིང་པོ་གོང་འཕེལ་ལ་དམིགས་ཏེ་((ཀུན་རིག་དུས་འཁོར།))ཞེས་པ་དཔལ་དུས་ཀྱི་འཁོར་ལོའི་བཀའ་བསྟན་དང་གཏེར་མ་ཕྱོ གས་བསྒྲིགས་ཀྱི་དེབ་གཟུགས་དབྱིན་བོད་ཤན་སྦྱར་གྱིས་སྤེལ་ན་དགེ་མཚན་ཆེ་བ་དང་ཁྱད་པར་རིག་འཛིན་དགོངས་བརྒྱུད་སྙིང་པོ་ཆིག་སྒྲིལ་ལས། དཔལ་དུས་ཀྱི་འཁོར་ལོའི་བླ་བརྒྱུད་གསོལ་འདེབས་དང་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་ཡོད་པ་ལས་འདིར་གསོལ་འདེབས་སྒྲུབ་ཐབས་དང་ང་རང་གིས་བཤད་པའི་དུས་འཁོར་བསྡུས་འགྲེལ་སྤྱི་དོན་དང་།༧ཆོས་རྗེ་ཡིད་བཞིན་ནོར་བུ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོའི་དུས་འཁོར་རིག་གཏེར་དང་། ཀུན་མཁྱེན་མི་ཕམ་རྒྱ་མཚོའི་དོན་འགྲེལ་དག་ཕྱོགས་བསྒྲིགས་བྱས་ན་གཉིས་མེད་རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་
བཀའ་གཏེར་ཡང་གསང་རྫོགས་པ་ཆེན་པོ་ལྟར་ཉམས་སུ་ལེན་འདོད་ཡོད་པ་དག་ལ་ཕན་ངེས་སུ་མཐོང་བ་སྟེ།
ལྟ་བ་མཐར་ཐུག་ཡང་གསང་རྫོགས་པ་ཆེན་པོ་ལྟར་གཏན་ལ་འབེབས་པས་རང་སྣང་རིག་པའི་ཡེ་ཤེས་རྗེན་གཅེར་དུ་བསྟན་པ་དང་།སྒོམ་པ་སྐྱོན་བྲལ་སྦྱོར་བ་ཡན་ལག་དྲུག་གི་ རྣལ་འབྱོར་ལ་རྒྱུན་སྐྱོང་ཚུལ་བཤད་པས་སྒོ་གསུམ་སྒྲིབ་པའི་ཆ་ཀུན་བསལ་བ།།སྤྱོད་པ་སོར་བྱང་སྔགས་སྡོམ་གྱི་གནད་འགགས་ཚང་བས་མ་ནོར་དམ་པའི་ཆོས་ཀྱི་ཉམས་ལེན་གྱི་འོག་འདོན་ལུགས།འབྲས་བུ་དང་སྐུ་དང་ཡེ་ཤེས་ལམ་རྟགས་འཆར་བས་སྐལ་བཟང་སྐྱེས་བུའི་རང་འབྲས་ཐོབ་པ་སོགས་མན་ངག་གནད་གསང་གི་སྒོ་ནས་བསྟན་པ་འདི་དག་དབྱིན་ཡིག་ཏུ་བསྒྱུར་བ་ལ་སྔགས་འཆང་ལོ་ཙྰ་བ་དཔལ་ལྡ ན་ཕུན་ཚོགས་ཀྱིས་རོགས་དན་ལ་ཡི་རང་དང་ཡང་གསང་བླ་ན་མེད་པའི་ལམ་བཟང་འདི་ལ་བསྟེན་ནས་མ་ལུས་པའི་སྐྱེ་རྒུ་འགྲོ་བ་སེམས་ཅན་ཐམས་ཅད་ཀུན་བཟང་གདོད་མའི་མགོན་པོའི་རང་བཞིན་མངོན་སུམ་དུ་རྟོགས་ནས་སྐྱེ་བ་ཚེ་གཅིག་ལུས་གཅིག་འདི་ཉིད་ལ་མངོན་པ་རྫོགས་པར་སངས་རྒྱས་པའི་རྒྱུ་རུ་གྱུར་ཅིག
གཞི་དབྱིངས་སེམས་རིག་ཤན་འབྱེད་ལྷག་གེར་མཐོང་།
ལམ་བཟང་རྣལ་འབྱོར་སྦྱོར་དྲུག་མཐར་ཕྱིན་ནས།
འབྲས་བུ་གསུམ་བྲལ་བཞི་ཆའི་དེ་ཉིད་རྟོགས།
སངས་རྒྱས་ཡེ་ཤེས་འགྲོ་བའི་དཔལ་དུ་སྨོན། །
སྣང་སྟོང་ཀློང་ཆེན་ཡངས་པའི་ལྟ་བ་རིག །
ཨེ་ཝྃ་བདེ་ཆེན་གསལ་བའི་སྒོམ་པ་འཛིན།
རིག་འཛིན་སངས་རྒྱས་ཡེ་ཤེས་རིང་ལུགས་མཆོག
སྲིད་མཐའི་བར་མི་ནུབ་འཕེལ་གྱུར་ཅིག
ཅེས་རབ་གནས་ལྕགས་སྟག་ཆོ་འཕྲུལ་ཟླ་བའི་ཡར་ངོའི་ཚེས་བཅུ་ལ་ཨེ་ཝྃ་ལྷག་ལྷ་རི་ཁྲོད་ནས་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་གུས་ཕུལ། ། ཕྱི་ལོ་༢༠༡༠ ༢ ༢༤ཚེས་ལའོ།། །།

0 comments:

ཟིན་བྲིས་འཚོལ་ཡུལ