དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday, 30 April 2011
༄༅། །ཁ་ཁོག་མི་མཚུངས་པའི་སེར་གཟུགས། །
ཁ་བཤད་དགེ་བཅུ་སྨན་མཛོད་ཐ་ར་ར། །
ཁོག་ནད་མི་དགེ་དུག་ཆུ་ཐོ་རོ་རོ། །
ཁ་ཁོག་མི་མཚུངས་གཡོ་སྒྱུའི་དགེ་སྦྱོར་གཟུགས། །
སངས་རྒྱས་བསྟན་བཤིག་འདི་འདྲ་ཀྱེ་མ་ཧོ། །

ཁ་བཤད་བྱང་སེམས་ཕན་ཡོན་ཟླ་བ་ཚེས། །
ཁོག་གནད་ཆགས་སྡང་འཁོར་འཛིན་སྒྲ་གཅན་འཆར། །
ཁ་ཁོག་མི་མཚུངས་གཡོ་སྒྱུའི་དགེ་སྦྱོར་གཟུགས། །
སངས་རྒྱས་བསྟན་བཤིག་འདི་འདྲ་ཀྱེ་མ་ཧོ། །

ཁ་བཤད་རང་གྲོལ་གསང་ཆེན་ཉི་མ་ཤར། །
ཁོག་ནད་མ་རིག་ཉོན་མོངས་མུན་ནག་ཅན། །
ཁ་ཁོག་མི་མཚུངས་གཡོ་སྒྱུའི་དགེ་སྦྱོར་གཟུགས། །
སངས་རྒྱས་བསྟན་བཤིག་འདི་འདྲ་ཀྱེ་མ་ཧོ། །

༢༠༠༩ ༩ ༢༩་ལ་ཅི་དྲན་དུ་དཔལ་དགྱེས་པ་རྡོ་རྗེས་ཕུལ། །

0 comments:

ཟིན་བྲིས་འཚོལ་ཡུལ