དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Saturday, 30 April 2011
༄༅། །དད་པ་དག་སྣང་ཡོད་ན།
དད་པ་དག་སྣང་ཡོད་ན། །
སྐྱ་སེར་གོས་ཀྱི་རྣམ་གྲངས། །
ངེས་འབྱུང་བསམ་པ་སྐྱེད་དང། །
གྲོང་དགོན་ཁྱད་པར་མི་འདུག། །
དད་པ་དག་སྣང་ཡོད་ན། །
རྒན་མོ་ཁྱི་སོས་སངས་རྒྱས། །
ལྷག་བསམ་རྣམ་དག་གྱིས་དང་། །
དགེ་སྡིག་ཁྱད་པར་མི་འདུག །
དད་པ་དག་སྣང་ཡོད་ན། །
རང་ལུས་རྒྱལ་བ་ཞི་ཁྲོ། །
སེམས་པ་རང་བབས་ཞོགས་དང། །
འཁོར་འདས་ཁྱད་པར་མི་འདུག །
དད་པ་དག་སྣང་ཡོད་ན། །
བསྟན་དང་བསྟན་འཛིན་དམ་པ། །
སྣོད་བཅུད་རྣམ་དག་ལྟོས་དང། །
ཤི་གསོན་ཁྱད་པར་མི་འདུག །
ཅེས་རབ་གནས་ལྕགས་སྟག་ལོའི་ལོ་སར་ཚེས་གཅིག་གམ་ཕྱི་ལོ་༢༠༡༠ ༢ ༡༤་རང་སྣང་གང་ཤར་དུ་ཨ་རིའི་དཔལ་ཆོས་ཀྱི་གྲགས་པའི་ཆོས་ཚོགས་ནས་རིག་འཛིན་བླ་མ་དཔལ་དགྱེས་པ་རྡོ་རྗེས་མྱུར་བྲིས་བགྱིས་པ་དགེའོ། ། ཤྲྰི་སརྦ་ལོ་ཀ་བི་ཛ་ཡནྟུ།། །།
དད་པ་དག་སྣང་ཡོད་ན། །
སྐྱ་སེར་གོས་ཀྱི་རྣམ་གྲངས། །
ངེས་འབྱུང་བསམ་པ་སྐྱེད་དང། །
གྲོང་དགོན་ཁྱད་པར་མི་འདུག། །
དད་པ་དག་སྣང་ཡོད་ན། །
རྒན་མོ་ཁྱི་སོས་སངས་རྒྱས། །
ལྷག་བསམ་རྣམ་དག་གྱིས་དང་། །
དགེ་སྡིག་ཁྱད་པར་མི་འདུག །
དད་པ་དག་སྣང་ཡོད་ན། །
རང་ལུས་རྒྱལ་བ་ཞི་ཁྲོ། །
སེམས་པ་རང་བབས་ཞོགས་དང། །
འཁོར་འདས་ཁྱད་པར་མི་འདུག །
དད་པ་དག་སྣང་ཡོད་ན། །
བསྟན་དང་བསྟན་འཛིན་དམ་པ། །
སྣོད་བཅུད་རྣམ་དག་ལྟོས་དང། །
ཤི་གསོན་ཁྱད་པར་མི་འདུག །
ཅེས་རབ་གནས་ལྕགས་སྟག་ལོའི་ལོ་སར་ཚེས་གཅིག་གམ་ཕྱི་ལོ་༢༠༡༠ ༢ ༡༤་རང་སྣང་གང་ཤར་དུ་ཨ་རིའི་དཔལ་ཆོས་ཀྱི་གྲགས་པའི་ཆོས་ཚོགས་ནས་རིག་འཛིན་བླ་མ་དཔལ་དགྱེས་པ་རྡོ་རྗེས་མྱུར་བྲིས་བགྱིས་པ་དགེའོ། ། ཤྲྰི་སརྦ་ལོ་ཀ་བི་ཛ་ཡནྟུ།། །།
Subscribe to:
Post Comments (Atom)
0 comments:
Post a Comment