དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday, 30 April 2011
༄༅། །བློ་བདེ་གཞོན་ནུ་བུམ་སྐུ། །
ཨེ་མ་ཧོ། །
ངོ་ཤེས་རིག་པའི་རྡོ་རྗེ། །
དབྱེར་མེད་རྩ་བའི་བླ་མར། །
རང་སེམས་མི་ཕྱེད་འདུད་པས། །
ཨེ་མ་རང་བློ་བདེ་སོང་། །

སེམས་ཉིད་རང་བྱུང་རིག་པ། །
མཚན་འཛིན་རང་སར་གྲོལ་བས། །
དུག་ལྔ་མིང་ཡང་མི་འདུག །
འཛིན་མེད་ལྟ་བ་ཤར་སོང་། །

མ་བཅོས་རང་བྱུང་རིག་པ། །
བྱིང་རྒོད་རང་སར་གྲོལ་བས། །
མཉམ་རྗེས་ཐ་དད་མི་འདུག །
ཡེངས་མེད་བསྒོམ་པ་བརྙེས་སོང་། །

གང་ཤར་རང་བྱུང་རིག་པ། །
བློ་དོན་མཚན་རྟོག་གྲོལ་བས། །
རྩོལ་སྒྲུབ་ངལ་བ་མི་འདུག །
བྱར་མེད་སྤྱོད་པ་རོལ་སོང་། །

གནས་ལུགས་རང་བྱུང་རིག་པ། །
རེ་དོགས་རང་སར་གྲོལ་བས། །
འདི་ཕྱི་ཁྱད་པར་མི་འདུག །
སྐྱེ་མེད་རིག་འཛིན་གྲུབ་སོང་། །

༢༠༡༠ ༢ ༢༨
གར་ཤར་དུ་དཔལ་དགྱེས་པ་རྡོ་རྗེས་བྲིས་པ་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ