དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Saturday, 30 April 2011
༄༅། །མི་ཚེའི་སྙིང་པོ་དམ་པ། །
མི་ཚེའི་སྙིང་པོ་དམ་པ། །
ཤེས་བྱའི་གནས་ལ་སྦྱོངས་ནས། །
དགེ་སྒྲུབ་སྡིག་སྤངས་གནང་དང་། །
ལྷ་མིའི་ལུས་བཟང་ཐོབ་ཡོང་། །
ཐར་བའི་གོ་འཕང་དམ་པ། །
ངེས་འབྱུང་རྣམ་དག་བསྐྱེད་ནས། །
བསླབ་གསུམ་ཉམས་སུ་ལོངས་དང་། །
ཐར་ཕྱིན་གོ་འཕང་ཐོབ་ཡོང་། །
བྱང་ཆུབ་སེམས་མཆོག་དམ་པ། །
སྨོན་འཇུག་ལམ་ལ་བརྩོན་ནས། །
བདག་ལས་གཞན་གཅེས་མཛོད་དང་། །
བདེ་གཤེགས་རིན་ཆེན་རྟོགས་ཡོང་། །
གསང་ཆེན་གནས་ལུགས་དམ་པ། །
ཚོགས་གཉིས་ལམ་ལ་འབད་ནས། །
དད་པ་དག་སྣང་གྱིས་དང་། །
སྣང་སྲིད་རྣམ་དག་མཁྱེན་ཡོང་། །
ཞེས་པ་འདི་དག་ནི་སྙིང་ཕྲུག་ཚ་བུ་འོད་གསལ་མཐའ་ཡས་ཀྱིས་ཡང་ཡང་བསྐུལ་ངོར་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་གང་ཤར་ཕྱི་ལོ་༢༠༡༠ ༡ ༩ བྲིས་པ་དགེའོ།། །།
མི་ཚེའི་སྙིང་པོ་དམ་པ། །
ཤེས་བྱའི་གནས་ལ་སྦྱོངས་ནས། །
དགེ་སྒྲུབ་སྡིག་སྤངས་གནང་དང་། །
ལྷ་མིའི་ལུས་བཟང་ཐོབ་ཡོང་། །
ཐར་བའི་གོ་འཕང་དམ་པ། །
ངེས་འབྱུང་རྣམ་དག་བསྐྱེད་ནས། །
བསླབ་གསུམ་ཉམས་སུ་ལོངས་དང་། །
ཐར་ཕྱིན་གོ་འཕང་ཐོབ་ཡོང་། །
བྱང་ཆུབ་སེམས་མཆོག་དམ་པ། །
སྨོན་འཇུག་ལམ་ལ་བརྩོན་ནས། །
བདག་ལས་གཞན་གཅེས་མཛོད་དང་། །
བདེ་གཤེགས་རིན་ཆེན་རྟོགས་ཡོང་། །
གསང་ཆེན་གནས་ལུགས་དམ་པ། །
ཚོགས་གཉིས་ལམ་ལ་འབད་ནས། །
དད་པ་དག་སྣང་གྱིས་དང་། །
སྣང་སྲིད་རྣམ་དག་མཁྱེན་ཡོང་། །
ཞེས་པ་འདི་དག་ནི་སྙིང་ཕྲུག་ཚ་བུ་འོད་གསལ་མཐའ་ཡས་ཀྱིས་ཡང་ཡང་བསྐུལ་ངོར་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་གང་ཤར་ཕྱི་ལོ་༢༠༡༠ ༡ ༩ བྲིས་པ་དགེའོ།། །།
Subscribe to:
Post Comments (Atom)
0 comments:
Post a Comment