དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday, 30 April 2011
དངོས་འབྱོར་ཡིད་སྤྲུལ་མཆོད་པ།།
ཨོྃ་ག་ནྰ་ཙཀྲ་པུ་ཛ་ཧོ། །
ཀ་དག་སྟོང་པ་ཆེན་པོའི་ངང་། །
ཀ་དམ་གཙང་མའི་བྱང་སེམས་བསྐྱེད། །
ཀ་པ་ལ་ཡི་སྣོད་ཡོངས་སུ། །
ཀ་ཅ་འདོད་ཡོན་ལོངས་སྤྱོད་སྤྲུལ། །

ཀ་ར་བུ་རམ་སྦྲང་རྩི་དང་། །
ཁ་དོག་གཟུགས་སྒྲ་དྲི་རོ་རེག །
ག་ས་གང་དུ་ལེགས་དགུའི་ཚོགས། །
ང་ཡིས་དངོས་འབྱོར་ཡིད་སྤྲུལ་མཆོད། །

ཅ་བ་བཟང་པོའི་དཀར་དམར་ཟས། །
ཆ་རྐྱེན་ཀུན་འཛོམས་སྨན་སྣ་ཚོགས། །
ཇ་ཆང་བཟའ་བཏུང་ལོངས་སྤྱོད་ཀུན། །
ཉ་སྟོང་དུས་འདིར་མཆོད་སྤྲིན་བཤམས། །

ཏ་ཐྰ་ག་ཏ་སྲས་དང་བཅས། །
ཐ་དག་སྤྱན་འདྲེན་བཞུགས་སུ་གསོལ། །
ད་ལྟའི་ཀུན་བཟང་མཆོད་སྤྲིན་འདི། །
ན་མོ་རྒྱལ་མཆོད་འགྲོ་ལ་བསྔོ། །

པ་ར་མི་ཏའི་སྟོང་ཆེན་ངང་།
ཕ་མར་དམིགས་པའི་བྱང་ཆུབ་སེམས། །
བཛྲ་ཡ་ནའི་དག་མཉམ་ངང་། །
མ་སྨད་ཚོགས་གཉིས་རྒྱན་དུ་འབུལ། །

ཙྭ་རིར་སྐྱེས་པའི་སྨན་དྲི་དང་། །
ཚ་གྲང་སྐྱོབ་པའི་གོས་བཟང་རིགས། །
ཛ་ཡ་དགྱེས་པའི་མཆོད་པ་རྣམས། །
ཝ་ལེར་ཀུན་བཟང་སྤྲིན་དུ་འབུལ། །

ཞ་བར་ལེགས་པའི་དཀྱིལ་འཁོར་དང་།།
ཟ་མ་བཟང་པོའི་རོ་མཆོག་སོགས། །
འ་ཅག་དགྱེས་པའི་འདོད་ཡོན་ཚོགས། །
ཡ་ཀའི་ལྷ་དང་འགྲོ་ལ་བསྔོ། །

ར་བས་མཛེས་པའི་འཁོར་ཡུག་དབུས་། །
ལ་ལུང་གང་བའི་བཟའ་བཏུང་བཤམས། །
ཤ་ཁྲག་དགའ་བའི་བགེགས་ཚོགས་བརྔན། །
ས་བཅུད་འཕེལ་རྒྱས་དགེ་ལེགས་སྨོན། །

ཧ་ཅང་ལྷག་བསམ་རྣམ་དག་གིས། །
ཨ་ཧོ་ཀུན་བཟང་སྤྲིན་ཆེན་འབུལ། །
དགེ་བས་བསྟན་དར་སེམས་ཅན་བདེ། །
འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག །

དཔལ་དགྱེས་པས་སོ། །༢༠༠༩ ༡༡༣

0 comments:

ཟིན་བྲིས་འཚོལ་ཡུལ