དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Saturday, 30 April 2011
༄༅། །གནས་སྨོན་བཀྲ་ཤིས་བདེ་ལེགས། །
༈ རྡོ་རྗེ་གདན་ནས། །
ཕྱོགས་དུས་རྩ་གསུམ་སྲས་བཅས་རྒྱལ་ཀུན་དགོངས། །
བདག་གིས་དུས་གསུམ་བསགས་ཡོད་དགེ་ཚོགས་རྣམས། །
གཅིག་བསྡུས་འཁོར་གསུམ་དམིགས་མེད་རྒྱས་བཏབ་ནས། །
བསྟན་འགྲོར་ཕན་བདེ་མྱུར་དུ་འབྱུང་ཕྱིར་བསྔོ། །
ཞེས་པའང་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་ནས་ཤྲྰི་དགྱེས་པ་རྡོ་རྗེས་༢༠༠༡ ༡ ༡སྨོན་པའོ། །
༈ མཚོ་པདྨ་ནས། །
ཐུབ་བསྟན་དྲི་མེད་ཀུན་མཁྱེན་ཡབ་སྲས་ཀྱི། །
ཌྰ་ཀི་བྱེ་བའི་གསང་མཛོད་བདུད་རྩིའི་མཛོད། །
སྙིགས་ལྔའི་ཚ་གདུང་གཞིལ་བའི་སྨན་ཆེན་པོ། །
མ་ལུས་འགྲོ་ཀུན་རྒྱུད་ལ་སྟེར་ནུས་ཤོག །
ཅེས་པའང་མཚོ་པདྨ་ནས་ཤྲྰི་དགྱེས་པ་རྡོ་རྗེས་༢༠༠༡ ༡ ༣ སྨོན་པའོ། །
༈ དཔལ་ན་ལན་ཌ་ནས། །
སྐྱེ་ཀུན་རྩ་གསུམ་ལྷ་དང་མི་འབྲལ་ཞིང་། །
ངེས་འབྱུང་རྣལ་མའི་ཚུལ་ཁྲིམས་རབ་ཏུ་བརྟན། །
རྣམ་དག་བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་ཕྱུག། །
དག་མཉམ་བདེན་པའི་དེ་ཉིད་མྱུར་རྟོགས་ཤོག། །
ཞེས་པའང་གནས་མཆོག་དཔལ་ན་ལན་ཌ་ནས་ཤྲྰི་དགྱེས་པ་རྡོ་རྗེས་༢༠༠༡ ༡ ༤ སྨོན་པའོ། །
༈ བྷོ་དྷ་ནས། །
བདག་སོགས་འདི་ན་བྱང་ཆུབ་མ་ཐོབ་ཀྱི་བར་དུ། །
རྒྱལ་བསྟན་གཞི་མ་ཚུལ་ཁྲིམས་མིག་འབྲས་བཞིན་བསྲུང་ཞིང་། །
བསྟན་པའི་སྙིང་པོ་སྤང་ཀློག་དམ་ཆོས་ལ་བརྩོན་ནས། །
བསྟན་འགྲོ་ཕན་བདེ་སྒྲུབ་པའི་དེད་དཔོན་རུ་སྨོན་ནོ། །
ཞེས་པའང་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་དྲུང་ནས་
ཤྲྰི་དགྱེས་པ་རྡོ་རྗེས་༢༠༠༡ ༥ ༡་ཉིན་སྨོན་པའོ། །
༈ འཕགས་པ་ཤིང་ཀུན་ནས། །
ལུས་ལ་བརྒྱུད་གསུམ་བླ་མས་བྱིན་རློབས་ཐེབས། །
ངག་ལ་སྡེ་སྣོད་རྒྱ་མཚོའི་ཆོས་སྒྲ་སྒྲོགས། །
སེམས་རྒྱུད་བསླབ་གསུམ་དཔལ་གྱི་ལེགས་གཏམས་ནས། །
ས་གསུམ་འགྲོ་བའི་བླ་མ་བདག་གྱུར་ཅིག །
ཞེས་པའང་གནས་མཆོག་འཕགས་པ་ཤིང་ཀུན་ནས་ཤྲྰི་དགྱེས་པ་རྡོ་རྗེས་༢༠༠༡ ༡ ༡༩ ལ་སྨོན་པའོ། །

Subscribe to:
Post Comments (Atom)
0 comments:
Post a Comment