དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Saturday, 30 April 2011
༄༅། །གསོལ་འདེབས་ཡེ་ཤེས་སྙིང་པོ། །
ན་མོ་གུ་རུ་པདྨ་ཀ་ར་ཡེ། །
རེ་དྭོགས་གཟུང་འཛིན་འཁྲུལ་རྟོག་དབྱིངས་སུ་ཞི། །
དམ་ཆོས་རིན་ཆེན་མཁྱེན་བརྩེས་འགྲོ་ལ་གནང་། །
ཀུན་རྟོག་ཐམས་ཅད་འདུལ་བའི་སྨིན་གྲོལ་ལམ། །
སྟོན་མཛད་ཀུན་མཁྱེན་བླ་མས་དགེ་ལེགས་སྩོལ། །
ཀུན་མཁྱེན་རིག་འཛིན་བརྒྱུད་པའི་གཤེགས་བཤུལ་ལམ། །
ཤན་འབྱེད་མན་ངག་བགྲོད་བཟང་རབ་བརྟེན་ནས། །
འཁོར་འདས་ས་མཚམས་བར་ལག་རང་བསྒྱེལ་བའི། །
གྲུབ་བརྙེས་རིག་འཛིན་བླ་མར་གསོལ་བ་འདེབས། །
ཕྱོགས་དུས་རྒྱལ་བའི་སྤྱི་གཟུགས་རྡོ་རྗེ་འཆང་། །
ཞིང་འདིར་སྤྲུལ་བའི་ཟློས་གར་འཇམ༵་དཔལ༵་དབྱངས། །
སྙིགས་ལྔའི་རྒུད་པ་བསལ་བའི་གཉེན་གཅིག་པུ། །
འདྲེན་མཆོག་དཔལ་ལྡན་བླ་གསོལ་བ་འདེབས། །
ཟབ་ཞི་སྤྲོས་བྲལ་འོད་གསལ་ཆོས་ཀྱི་སྐུ། །
འཇིགས༵་མེད༵་རྣམ་བཞིའི་རྡོ་རྗེ་གཉུག་མའི་ངང་། །
ཕུན༵་ཚོགས༵་སྡེ་བཞིའི་དགའ་བདེ་ཚེ་དཔལ་གཡང་། །
བསྟན་འགྲོར་ཕན་བདེའི་འབྱུང༵་གནས༵་གསོལ་བ་འདེབས། །
རྗེ་བཙུན་ངག༵་གི་དབང༵་ཕྱུག་སྤྲུལ་བའི་སྐུ། །
ཆོས་ཀྱི་རྒྱལ་མཚན་ས་གསུམ་བསྒྲེངས་པའི་མགོན། །
བློ༵་གྲོས༵་མཚུངས༵་མེད༵་སྤངས་རྟོགས་ཡེ་ཤེས་ཅན། །
ཆོས༵་རྗེ༵་ཡིད༵་བཞིན༵་ནོར༵་བུ༵་གསོལ་བ་འདེབས། །
བཅུ་ཕྲག་རིག་པའི་ཤེས་བྱའི་གནས་ལ་མཁས། །
སོར་བྱང་སྔགས་ཀྱི་སྡོམ་པ་དག་པས་བཙུན། །
རིམ་གཉིས་བླ་མེད་རྣལ་འབྱོར་བརྟན་པས་བཟང་། །
མཁས་བཙུན་གྲུབ་པའི་རྒྱལ་པོར་གསོལ་བ་འདེབས། །
བདག་ནི་འདི་ནས་ཚེ་རབས་ཐམས་ཅད་དུ། །
བླ་མ་དམ་པ་ཁྱེད་ཀྱིས་རྗེས་སུ་བཟུང་། །
བསླབ་གསུམ་ཡོན་ཏན་རྒྱ་མཚོའི་གཏེར་ལ་དབང། །
བསྟན་འགྲོའི་དོན་ཆེན་འབད་མེད་འགྲུབ་པར་ཤོག །ཅེས་པ་འདི་ནི་གསེར་ཐང་ལྔ་རིག་ནང་བསྟན་སློབ་གླིང་གི་དོན་གཉིས་ལྷུན་གྲུབ་གླིང་དུ་མགོན་པོ་གང་གི་སློབ་བུའི་ཡང་ཐ་བ་དཔལ་དགྱེས་རྡོ་རྗེས་སྙིང་ནས་གསོལ་བ་འདེབས་པ་ལགས་སོ། །སྤྱི་ལོ་༡༩༩༩ ༩ ༩་ཉིན་བྲིས་པ་ཤྲྰི་བི་ཛ་ཡནྟུ།། །།

Subscribe to:
Post Comments (Atom)
0 comments:
Post a Comment