དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 30 April 2011
༧རྗེ་བཙུན་བླ་མ་དམ་པ་ལ་བྱ་དཀའ་བའི་ལམ་ནས་བསྔགས་པ་དད་གསུམ་པདྨ་དཀར་པོའི་ཕོན་པོ་ཞེས་བྱ་བ། །
ཨོཾ་སྭ་སྟི།
ཤེས་བྱ་རབ་འབྱམས་ཆོས་ཚུལ་ཐུགས་ལ་དབང་། །ཕུན༵་ཚོགས༵་བཤད་སྒྲུབ་ཉི་ཟླའི་སྣང་བ་བཀྲ། ། ལྔ་རིག་མཁས་གྲུབ་ཡོངས་ཀྱི་དབུ་ལ་མཛེས། །སྣ་ཚོགས་གདུལ་བྱའི་འདབ་བརྒྱ་ཀུན་ཤིས་བཞད། ། སྡེ་སྣོད་གསུམ་དང་རིག་གཞུང་ངག༵་དབང༵་བསྒྱུར། །དྲི་མེད་བསླབ་གསུམ་དཔལ་གྱིས་རབ་ཏུ་བརྗིད། ། འཕགས་ནོར་བདུན་གྱིས་རྒྱན་པའི་བླ་རེས་མཛེས། །ཆོས་རྗེའི་་གྲགས་པ་རྣམ་རྒྱལ་རྔ་གསེང་ལྡིར། ། ཕུལ་བྱུང་མཁས་བརྒྱའི་རྩོམ་སྙེམས་ཟིལ་གྱིས་གནན། །མཁས་བཙུན་གྲུབ་པ་གསུམ་གྱི་དཔལ་དང་ལྡན། ། གཟུར་གནས་ཆོས་རྩོད་རིགས་གསར་འཕྲུལ་ཐབས་ཆེས།།རྒོལ་ངན་དྲེགས་པ་འབུམ་གྱི་དམ་ བཅའ་གཏོར།།ལེགས་བཤད་འཆད་པས་ཐོས་འཛིན་ཀུན་དགའ་སྟེར།།ཟབ་རྒྱས་དབྱངས་སུ་འཆང་ བའི་ཡོན་ཏན་འབར། །རྩོད་མེད་རྒྱལ་བའི་ལུང་གིས་རབ་ཏུ་བསྔགས། །མཁྱེན་མཆོག་བློ༵་གྲོས༵་མཚུངས༵་མེད༵་ཡོན་ཏན་ལྡན། །འཇིགས༵་མེད༵་འཕྲིན་ལས་གཟི་བྱིན་སྒོ་བརྒྱ་ཤིས༵། །ལེགས་གསང་ཟབ་མོའི་ཚོགས་གཉིས་ངང་གིས་རྫོགས། །བསྙེན་སྒྲུབ་མཛད་བཟང་གདུགས་དཀར་མཁའ་ལ་བཀྲ༵།།བདེ༵་སྟོང་གདམས་པ་དཔལ་བེའུའི་ རྗེས་སུ་དཔག །ཁྱད་པར་སྔ་འགྱུར་བསྟན་པའི་རྒྱལ་མཚན་སྒྲེང་། །རྨད་བྱུང་ཐེག་རྩེའི་བསྟན་པ་བགྲང་ཡས་འགྱེད། །གདུལ་བྱར་རྟག་པར་དམ་ཆོས་རྒྱལ་རྔ་བརྡུང་། །མཁྱེན་གཉིས་ཕུལ་བྱུང་གསེར་ཉའི་ཕན་བདེའི་དཔྱིད། །རྒྱལ་བསྟན་གཞི་མ་ཟླ་མེད་གསོ་བའི་གཉེན། །དགེ་ལེགས་འབྱུང་གནས་དགའ་བདེའི་པད་མོ་བཞད། །མཚུངས༵་མེད༵་དཔལ་ལྡན་བླ་མའི་མཛད་ཕྲིན་གང་། །གདུལ་བྱའི་དཔལ་ལ་འབྱུང་འདི་ངོ་མཚར་གནས། །ཞི་བདེའི་ཚེ་དཔལ་བསིལ་ལྡན་དཔྱིད་དུ་ཤར། །ཐུབ་བསྟན་འབྱུང༵་གནས༵་ཆོས་ཀྱི་གྲོང་ཁྱེར་འདིས། །སྐལ་ལྡན་བདེ་སྐྱིད་ངེས་གསང་དཔལ་ལ་རོལ། །བུམ་བཟང་རིན་ཆེན་ལེགས་བཤད་དཔྱིད་ཀྱིས་གཏམས། །སྡེ་བཞིའི་གྲགས་དཀར་དུང་སྒྲའི་དབྱངས་མཆོག་འཇེབས།།དང་པོ་རྫོགས་ལྡན་ཤར་བའི་ དགའ་སྟོན་སྤེལ། །འཁོར་ལོའི་མགོན་པོས་འབྲེལ་ཐོག་ཞིང་དུ་འདྲེན། །ཆེ་བའི་དཔལ་ལ་སྤྱོད་འདི་སྲིད་འདི་སྲིད་ན་རྒྱལ། །

ཅེས་པའང་རབ་རྒྱན་ས་ཡོས་མགོ་ཟླའི་དཀར་ཕྱོགས་རྒྱལ་བ་གཉིས་པའི་དགའ་སྟོན་ལེགས་སྐྱེས་སུ་སྐྱེན་པོ་དགོན་གྱི་གྲྭ་དཔལ་དགྱེས་པས་བྲིས་པ་དགེའོ།།བཀླག་ཚུལ་དབུས་བཞི་དང་ཟུར་བཞི་དཀྱིལ་དུ་བཀྲ་ཤིས་བདེ་ལེགས།། ༡༩༩༩ལོའི་ཟླ་༡༢ པའི་ཚེས་༡༦་ལ་ཕུལ། །

0 comments:

ཟིན་བྲིས་འཚོལ་ཡུལ