དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Saturday, 30 April 2011
༄༅། །རྩ་གསུམ་བླ་མ་མཁྱེན་ནོ། །
ཨེ་མ་ཧོ། །
རྒྱལ་ཀུན་མཁྱེན་བརྩེ་ནུས་གསུམ། །
གཅིག་བསྡུས་ཡིད་བཞིན་ནོར་བུ། །
སྤྱི་གཙུག་རྒྱན་དུ་བཞུགས་ནས། །
མཆོག་ཐུན་དངོས་གྲུབ་སྩོལད་ཤོག །
ཨེ་མ་ཧོ། །
རྒྱལ་ཡུམ་མཁྱེན་རབ་དབང་ཕྱུག །
དབྱངས་ཅན་སྒྱུ་འཕྲུལ་ལྷ་མོ། །
མགྲིན་པའི་ཁབ་ཏུ་བཞུགས་ནས། །
ཟབ་རྒྱས་ཆོས་འཁོར་སྐོརད་ཤོག །
ཨེ་མ་ཧོ། །
རྒྱལ་སྲས་མཁྱེན་བརྩེ་རྡོ་རྗེ། །
འཇིགས་མེད་རྒྱལ་བུ་མྱུ་གུ། །
སྙིང་དབུས་དཀྱིལ་དུ་བཞུགས་ནས། །
བསྟན་འགྲོའི་དོན་ཆེན་སྒྲུབས་ཤོག །
ཨེ་མ་ཧོ། །
རྒྱལ་དང་རྒྱལ་སྲས་དམ་པ། །
ཚེ་རབས་གཏན་གྱི་སྐྱབས་གནས། །
ནམ་ཡང་འབྲལ་མེད་འགྲོགས་ནས། །
དཀོན་མཆོག་དམ་པས་སྐྱོབས་ཤིག །
༢༠༡༠ ༢ ༢༨ ལ་དཔལ་དགྱེས་པ་རྡོ་རྗེས་སོ།
ཨེ་མ་ཧོ། །
རྒྱལ་ཀུན་མཁྱེན་བརྩེ་ནུས་གསུམ། །
གཅིག་བསྡུས་ཡིད་བཞིན་ནོར་བུ། །
སྤྱི་གཙུག་རྒྱན་དུ་བཞུགས་ནས། །
མཆོག་ཐུན་དངོས་གྲུབ་སྩོལད་ཤོག །
ཨེ་མ་ཧོ། །
རྒྱལ་ཡུམ་མཁྱེན་རབ་དབང་ཕྱུག །
དབྱངས་ཅན་སྒྱུ་འཕྲུལ་ལྷ་མོ། །
མགྲིན་པའི་ཁབ་ཏུ་བཞུགས་ནས། །
ཟབ་རྒྱས་ཆོས་འཁོར་སྐོརད་ཤོག །
ཨེ་མ་ཧོ། །
རྒྱལ་སྲས་མཁྱེན་བརྩེ་རྡོ་རྗེ། །
འཇིགས་མེད་རྒྱལ་བུ་མྱུ་གུ། །
སྙིང་དབུས་དཀྱིལ་དུ་བཞུགས་ནས། །
བསྟན་འགྲོའི་དོན་ཆེན་སྒྲུབས་ཤོག །
ཨེ་མ་ཧོ། །
རྒྱལ་དང་རྒྱལ་སྲས་དམ་པ། །
ཚེ་རབས་གཏན་གྱི་སྐྱབས་གནས། །
ནམ་ཡང་འབྲལ་མེད་འགྲོགས་ནས། །
དཀོན་མཆོག་དམ་པས་སྐྱོབས་ཤིག །
༢༠༡༠ ༢ ༢༨ ལ་དཔལ་དགྱེས་པ་རྡོ་རྗེས་སོ།
Subscribe to:
Post Comments (Atom)
0 comments:
Post a Comment