དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 30 April 2011
༄༅། །བླ་མ་དྲན་སྨོན། །
ཀྱེ་ཀྱེ་བླ་མ་རིན་ཆེན། །
འཇིགས་མེད་ཕྱོགས་ལས་རྣམ་རྒྱལ། །
མི་མངོན་དབྱིངས་ནས་དགོངས་ཏེ། །
ཉམས་ཐག་འདྲེན་པར་མཛོད་ཅིག །

ཕ་མེད་དྭ་ཕྲུག་ཁེར་འཁྱམས། །
ཅི་བྱེད་གཏད་སོ་མེད་ཚེ། །
དྲིན་ཆེན་བླ་མའི་ཞལ་རས། །
ཡང་ཡང་ཡིད་ལ་འཁོར་བྱུང་། །

མུ་མེད་འཁོར་བའི་སྡུག་བསྔལ། །
འགྲོ་བའི་ལས་སྣང་བསམ་ཚེ། །
སྐྱབས་གནས་དམ་པའི་ཡོན་ཏན། །
མ་བསྒོམ་སྙིང་ནས་དྲན་བྱུང་། །

ཉམས་མེད་དམ་ཚིག་རྡོ་རྗེ། །
དྲན་ཤེས་ཐབས་མཆོག་རིག་པ། །
རང་བཞིན་སེམས་ལ་གནས་ཚེ། །
དགའ་སྤྲོ་བརྗོད་ལས་འདས་སོང་། །

འགྲོ་བ་སེམས་ཅན་མ་ལུས། །
སྐལ་བཟང་ལམ་སྣ་ཟིན་ནས། །
འདི་ཕྱི་བདེ་བའི་དམ་ཆོས། །
རྣམ་དག་སྤྱོད་པར་སྨོན་ནོ། །

༢༠༡༠ ༡ ༡ ལ་དཔལ་དགྱེས་པ་རྡོ་རྗེས་སོ།

0 comments:

ཟིན་བྲིས་འཚོལ་ཡུལ