དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 30 April 2011
༄༅། །མ་བརྗེད་ཀྱི་རེ་བསྐུལ། །
མ་གཅིག་སྤུན་ཟླ་ལོ་ལོ། །
མ་རིག་ལྟ་སྤྱོད་ཁོ་ནས། །
མ་དག་དགའ་སྤྲོ་མ་ཆེ། །
མ་མེས་དྲིན་ལེན་མ་བརྗེད། །

མ་ལུས་འགྲོ་བ་ཀུན་པོ། །
མ་དག་འཁྲུལ་བ་བསལ་ནས། །
མ་གྱུར་སེམས་ཅན་ཐམས་ཅད། །
མ་རིག་སེལ་ཐབས་མ་བརྗེད། །

དལ་འབྱོར་མི་ལུས་རིན་ཆེན། །
རྙེད་པ་ལན་གཅིག་ཁོ་ན། །
ཕ་མས་བྱམས་སྐྱོང་དྲིན་ལས། །
ཐོབ་པ་ནམ་ཡང་མ་བརྗེད། །

ཡ་རབ་དད་བརྩོན་དམ་པས། །
བྱམས་བརྩེ་དྲང་བདེན་ངང་ནས། །
བཅུ་ཕྲག་རིག་པའི་གནས་ལ། །
ནམ་ཡང་འབད་པར་མ་བརྗེད། །

མཁྱེན་རབ་ཉི་མ་མ་བརྗེད། །
བརྩེ་ཆེན་ཟླ་བ་མ་བརྗེད། །
རྒྱུ་འབྲས་ཀརྨ་མ་བརྗེད། །
རང་སྐྱོན་སེལ་ཐབས་མ་བརྗེད། །

༢༠༡༠ ༢ ༢༩ ལ་དཔལ་དགྱེས་པ་རྡོ་རྗེས་སོ། །

0 comments:

ཟིན་བྲིས་འཚོལ་ཡུལ