དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday, 30 April 2011
༄༅། །རིག་པའི་བརྡ་གླུ། །
རྩི་ཐོག་སྣ་ཚོགས་ཁྲོད་ན། །
ཞིམ་མངར་སྦྲང་རྩི་སྙིང་པོ། །
ཟ་འདོད་རྔམ་པ་ཁྲ་མོ། །
རྐང་དྲུག་རྟག་འཛིན་དྲན་བྱུང་། །

སྨུག་སྤྲིན་ལོང་ལོང་གསེབ་ནས། །
སྟོན་འཇུག་བ་མོ་མཐོང་ཚེ། །
ཡུན་རིང་སྡོད་པའི་དུས་ཚོད། །
ནམ་ཡང་མེད་པར་དྲན་བྱུང། །

མཛེས་པའི་དབྱར་ཐང་གཙང་མ། །
མི་འདོད་སད་བས་བཅོམ་པས། །
ཡིད་འོང་ལྡུམ་རའི་སྣང་བར། །
སྐྱོ་སུན་མཆི་མ་ཤོར་སོང་། །

རང་ཡུལ་སྤང་ཐང་གྲུ་བཞི། །
དུས་བཞིའི་འགྱུར་བ་བསམ་ཚེ། །
མི་རྟག་དམ་པའི་ལྷ་ཆོས། །
གདམས་ཟབ་སྙིང་པོ་དྲན་བྱུང་། །

གཡུ་སྦྲང་སེམས་པ་མ་སྐྱོ། །
མེ་ཏོག་པདྨའི་ནང་ལ། །
ནམ་འཆི་ངེས་པ་མེད་པས། །
འཆི་ཆོས་བླ་མ་སོམས་ཤིག། །

༢༠༠༩ ༩ ༩་ལ་དཔལ་དགྱེས་པ་རྡོ་རྗེས་སོ།། །།

0 comments:

ཟིན་བྲིས་འཚོལ་ཡུལ