དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday, 30 April 2011
༄༅། །འཆད་རྩོད་རྩོམ་ལ་མཁས་པར་མཛོད། །
མང་ཐོས་མཁས་པའི་གོ་ས་འཛིན་པ་ཚོས། །
འཆད་པ་ཁོ་ནས་ཁ་བཤད་སྟོང་འུར་ལས། །
རང་རྒྱུད་ཉམས་ལེན་ཕྱོགས་མ་བརྩོན་ན། །
འཆི་ཚེ་ལྐུགས་པའི་བརྟུལ་ཞུགས་འཛིན་པ་ལགས། །

ལུང་རིགས་བརྟག་དཔྱད་དགྱེས་པའི་མཁས་པ་ཚོས། །
རྩོད་པ་ཁོ་ནས་གཞན་སྐྱོན་བརྟག་དཔྱད་ལས། །
རང་སྐྱོན་ལོག་རྟོག་རྩད་ནས་མ་གཅོད་ན། །
མ་རིག་ང་རྒྱལ་དབང་དུ་འཆི་ངེས་ལགས། །

མཁས་བཙུན་བཟང་པོ་ཡོན་ཏན་ལྡན་པ་ཚོས། །
བསྟན་པ་འཆད་རྩོད་ཁོ་ནས་སྤེལ་བ་དག། །
བསྡུས་གྲྭ་མཁས་ཀྱང་བརྩམས་ཆོས་མ་མཆིས་ན། །
ཤུལ་བཞག་བསྟན་བཅོས་མེད་པར་མཉམ་འཆི་ལགས། །
ཅི་དྲན་དུ་ཤྲྰིས་སོ། །

0 comments:

ཟིན་བྲིས་འཚོལ་ཡུལ