དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Saturday, 30 April 2011
༄༅། །བྱང་ཆུབ་སེམས་མཆོག་གི་གདམས་པ། །
མཁའ་ཁྱབ་མ་ལུས་སེམས་ཅན་ཐམས་ཅད་ལ། །
མར་ཤེས་དྲིན་དྲན་དྲིན་ལན་གཟོ་འདོད་དང་། །
ཡིད་འོང་བྱམས་བརྩེ་ལྷག་བསམ་རྣམ་དག་གིས། །
རང་འབྲས་བླ་མེད་བྱང་ཆུབ་འགོད་ལ་སྤྲོ། །
བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་འདི། །
འདི་ཕྱིའི་ཕན་བདེ་རང་གཞན་དོན་དུ་བསྔགས། །
བཟང་ལན་ངན་གྱིས་འཇལ་བའི་འགྲོ་བ་དེ། །
སྨྲ་ཤེས་དོན་གོ་མེད་པའི་སེམས་ཅན་ལགས། །
ཁྱད་པར་སྙིགས་ལྔའི་དུས་ཀྱི་སྐྱེ་བོ་ལ། །
དྲང་བདེན་བྱམས་བརྩེས་དམ་པའི་ཆོས་སྟོན་པ། །
སངས་རྒྱས་བྱང་སེམས་སྤྲུལ་བ་དངོས་ཡིན་པས། །
ཞི་བདེའི་དེད་དཔོན་བཏགས་ཀྱང་འདི་ཀ་ལགས། །
དད་གུས་གཞན་ལ་ཕན་སེམས་བཟང་པོ་འདི་། །
དམ་པའི་ཆོས་དང་འཇིག་རྟེན་རྩ་བ་ཡིན། །
འདི་མེད་ཐར་བ་འདོད་པ་ཉིན་སྐར་བཞིན། །
དགེ་སྡིག་གཟུགས་བརྙན་ཁྱད་པར་འདི་ཀ་ལགས། །
ཕན་སེམས་མཛོད་དང་གནོད་སེམས་རིམ་གྱིས་འགྲིབ། །
ཏིང་འཛིན་སྒོམས་དང་སྒྲིབ་གཉིས་ཤུགས་ལ་འདགས །
སྙིང་བརྩེ་བསྐྱེད་དང་དགེ་བ་ངང་གིས་འཕེལ། །
དགེ་སྒྲུབ་སྡིག་སྤངས་བཤད་ཀྱང་འདི་ཀ་ལགས། །
གཉེན་གྱིས་དགྲ་དང་དགྲ་ཡིས་ཕ་མ་བྱས། །
དགྲ་གཉེན་ངེས་པ་མེད་པས་ཕན་སེམས་མཛོད། །
ཉོན་མོངས་གཉེན་པོ་སྡིག་པ་བྱང་བའི་ཐབས། །
རིན་ཆེན་དམ་པ་བཤད་ཀྱང་འདི་ཀ་ལགས། །
རང་རྒྱུད་གནོད་སེམས་མ་འཆང་ཕན་སེམས་ཆོངས། །
ཐོས་བསམ་བསྒོམ་པ་དམ་པས་སེམས་རྒྱུད་འཐུལ། །
འཇིག་རྟེན་དོན་མེད་སྤོངས་ལ་ཕན་སེམས་ཅན། །
ཆོས་པ་རྣམ་དག་བཤད་ཀྱང་འདི་ཀ་ལགས། །
སྙིང་བརྩེའི་གཞན་དོན་དགོངས་པའི་ཐབས་མཆོག་གཅིག །
མཐར་ཐུག་རྫོགས་བྱང་དམིགས་པའི་ཤེས་རབ་གཉིས། །
ཐབས་ཤེས་ཟུང་འཇུག་ལྡན་པའི་བསམ་བཟང་གསུམ། །
འཁོར་འདས་ལམ་བཟང་བཤད་ཀྱང་འདི་ཀ་ལགས། །
འདིར་སྨྲ་དགེ་བས་བདག་གཞན་འགྲོ་བ་ཀུན། །
ཀུན་རྫོབ་དོན་དམ་བྱང་ཆུབ་སེམས་དང་ལྡན། །
ལྡན་གྲོལ་ལེགས་པའི་ས་ལམ་མྱུར་ཏུ་བགྲོད། །
བགྲོད་གཅིག་ལམ་བཟང་མངོན་དུ་འགྱུར་བར་ཤོག །
༢༠༡༠ ༣ ༡༠ དཔལ་དགྱེས་པ་རྡོ་རྗེས་བྲིས་པ་ཤྲྰི་སརྦ་བི་ཛ་ཡནྟུ།།།།
མཁའ་ཁྱབ་མ་ལུས་སེམས་ཅན་ཐམས་ཅད་ལ། །
མར་ཤེས་དྲིན་དྲན་དྲིན་ལན་གཟོ་འདོད་དང་། །
ཡིད་འོང་བྱམས་བརྩེ་ལྷག་བསམ་རྣམ་དག་གིས། །
རང་འབྲས་བླ་མེད་བྱང་ཆུབ་འགོད་ལ་སྤྲོ། །
བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་འདི། །
འདི་ཕྱིའི་ཕན་བདེ་རང་གཞན་དོན་དུ་བསྔགས། །
བཟང་ལན་ངན་གྱིས་འཇལ་བའི་འགྲོ་བ་དེ། །
སྨྲ་ཤེས་དོན་གོ་མེད་པའི་སེམས་ཅན་ལགས། །
ཁྱད་པར་སྙིགས་ལྔའི་དུས་ཀྱི་སྐྱེ་བོ་ལ། །
དྲང་བདེན་བྱམས་བརྩེས་དམ་པའི་ཆོས་སྟོན་པ། །
སངས་རྒྱས་བྱང་སེམས་སྤྲུལ་བ་དངོས་ཡིན་པས། །
ཞི་བདེའི་དེད་དཔོན་བཏགས་ཀྱང་འདི་ཀ་ལགས། །
དད་གུས་གཞན་ལ་ཕན་སེམས་བཟང་པོ་འདི་། །
དམ་པའི་ཆོས་དང་འཇིག་རྟེན་རྩ་བ་ཡིན། །
འདི་མེད་ཐར་བ་འདོད་པ་ཉིན་སྐར་བཞིན། །
དགེ་སྡིག་གཟུགས་བརྙན་ཁྱད་པར་འདི་ཀ་ལགས། །
ཕན་སེམས་མཛོད་དང་གནོད་སེམས་རིམ་གྱིས་འགྲིབ། །
ཏིང་འཛིན་སྒོམས་དང་སྒྲིབ་གཉིས་ཤུགས་ལ་འདགས །
སྙིང་བརྩེ་བསྐྱེད་དང་དགེ་བ་ངང་གིས་འཕེལ། །
དགེ་སྒྲུབ་སྡིག་སྤངས་བཤད་ཀྱང་འདི་ཀ་ལགས། །
གཉེན་གྱིས་དགྲ་དང་དགྲ་ཡིས་ཕ་མ་བྱས། །
དགྲ་གཉེན་ངེས་པ་མེད་པས་ཕན་སེམས་མཛོད། །
ཉོན་མོངས་གཉེན་པོ་སྡིག་པ་བྱང་བའི་ཐབས། །
རིན་ཆེན་དམ་པ་བཤད་ཀྱང་འདི་ཀ་ལགས། །
རང་རྒྱུད་གནོད་སེམས་མ་འཆང་ཕན་སེམས་ཆོངས། །
ཐོས་བསམ་བསྒོམ་པ་དམ་པས་སེམས་རྒྱུད་འཐུལ། །
འཇིག་རྟེན་དོན་མེད་སྤོངས་ལ་ཕན་སེམས་ཅན། །
ཆོས་པ་རྣམ་དག་བཤད་ཀྱང་འདི་ཀ་ལགས། །
སྙིང་བརྩེའི་གཞན་དོན་དགོངས་པའི་ཐབས་མཆོག་གཅིག །
མཐར་ཐུག་རྫོགས་བྱང་དམིགས་པའི་ཤེས་རབ་གཉིས། །
ཐབས་ཤེས་ཟུང་འཇུག་ལྡན་པའི་བསམ་བཟང་གསུམ། །
འཁོར་འདས་ལམ་བཟང་བཤད་ཀྱང་འདི་ཀ་ལགས། །
འདིར་སྨྲ་དགེ་བས་བདག་གཞན་འགྲོ་བ་ཀུན། །
ཀུན་རྫོབ་དོན་དམ་བྱང་ཆུབ་སེམས་དང་ལྡན། །
ལྡན་གྲོལ་ལེགས་པའི་ས་ལམ་མྱུར་ཏུ་བགྲོད། །
བགྲོད་གཅིག་ལམ་བཟང་མངོན་དུ་འགྱུར་བར་ཤོག །
༢༠༡༠ ༣ ༡༠ དཔལ་དགྱེས་པ་རྡོ་རྗེས་བྲིས་པ་ཤྲྰི་སརྦ་བི་ཛ་ཡནྟུ།།།།
Subscribe to:
Post Comments (Atom)
0 comments:
Post a Comment