དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday, 30 April 2011
༄༅། །ཐོས་བསམ་བསྒོམ་པའི་བསླབ་བྱ། །
དང་པོ་ལྷག་བསམ་དག་པས་སེམས་བསྐྱེད་དེ། །
གསུང་རབ་ཚིག་དོན་རིག་པའི་གནས་ལ་སྦྱོངས། །
ཐོས་དང་བསམ་པས་སྒྲོ་འདོགས་ལེགས་ཆོད་ནས། །
སྒོ་གསུམ་དབེན་པའི་དོན་ལ་འཇུག་པར་མཛོད། །

བར་དུ་གཞན་ཕན་དོན་གཉེར་ཁུར་དུ་ཁྱེར། །
ཕྱིན་དྲུག་ཐེག་ཆེན་ལམ་ལ་རྟག་བརྩོན་པས། །
ས་བཅུ་ལམ་ལྔ་བགྲོད་པར་ཆོས་ཉིད་ལགས། །
སྒོ་གསུམ་བྱང་ཆུབ་དོན་ལ་གནས་པར་མཛོད། །

སྲོག་སྡོམ་གཟེར་བཞིའི་བསྐྱེད་རྫོགས་རྣམ་དག་གིས། །
ཐབས་གྲོལ་མན་ངག་ཟབ་མོ་ཉམས་ལེན་མཆོག །
སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་ངང་། །
སྒོ་གསུམ་གསང་ཆེན་གནད་ལ་འབད་པར་མཛོད། །

༢༠༡༠ ༢ ༩ ཉིན་དཔལ་དགྱེས་པ་རྡོ་རྗེས་བྲིས་པ་དགེའོ།། །།

0 comments:

ཟིན་བྲིས་འཚོལ་ཡུལ