དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Saturday, 30 April 2011
༄༅། །དལ་འབྱོར་གྱི་མི་ལུས། །
ཀྱེ་ཧོ་ཡེ། །
སྒྱུ་ལུས་མི་རྟག་གི་ཕུང་པོ། །
ལན་གཅིག་སྐལ་བཟང་འདི་ཐོབ་དུས། །
དད་གུས་དམ་ཆོས་ལ་ཕྱོགས་ནས། །
ཐབས་ཤེས་འབད་པ་འདི་སྙིང་གཏམ། །
དགེ་སྡིག་ཆོས་ཀུན་གྱི་རྩ་བ། །
ཀུན་སློང་རྣམ་དག་དེ་གཙོ་བས། །
གཞན་ཕན་དོན་གཉེར་གྱི་བསླབ་པ། །
ནམ་ཡང་ཉམས་མེད་ཅིག་སྙིང་གཏམ། །
འཁོར་བར་ཞེན་ལོག་གི་ངེས་འབྱུང་། །
བྱང་ཆུབ་སེམས་མཆོག་གི་སྙིང་པོ། །
རང་སེམས་དགེ་བ་འདི་ཡིན་པས། །
བསླབ་གསུམ་ལྡན་པ་ཞིག་སྙིང་གཏམ། །
ལུས་སྦྱོང་གཙང་སྦྲ་དང་འཕྲུལ་འཁོར། །
ངག་སྦྱོང་བཟླས་བརྗོད་དང་བུམ་ཅན། །
སེམས་སྦྱོང་ཞི་ལྷག་ལ་འབད་ནས། །
སྒོ་གསུམ་རྣམ་དག་ཅིག་སྙིང་གཏམ། །
༡༩༩༩ ༩ ༩་ལ་དཔལ་དགྱེས་པ་རྡོ་རྗེས་གུས་ཕུལ། །
ཀྱེ་ཧོ་ཡེ། །
སྒྱུ་ལུས་མི་རྟག་གི་ཕུང་པོ། །
ལན་གཅིག་སྐལ་བཟང་འདི་ཐོབ་དུས། །
དད་གུས་དམ་ཆོས་ལ་ཕྱོགས་ནས། །
ཐབས་ཤེས་འབད་པ་འདི་སྙིང་གཏམ། །
དགེ་སྡིག་ཆོས་ཀུན་གྱི་རྩ་བ། །
ཀུན་སློང་རྣམ་དག་དེ་གཙོ་བས། །
གཞན་ཕན་དོན་གཉེར་གྱི་བསླབ་པ། །
ནམ་ཡང་ཉམས་མེད་ཅིག་སྙིང་གཏམ། །
འཁོར་བར་ཞེན་ལོག་གི་ངེས་འབྱུང་། །
བྱང་ཆུབ་སེམས་མཆོག་གི་སྙིང་པོ། །
རང་སེམས་དགེ་བ་འདི་ཡིན་པས། །
བསླབ་གསུམ་ལྡན་པ་ཞིག་སྙིང་གཏམ། །
ལུས་སྦྱོང་གཙང་སྦྲ་དང་འཕྲུལ་འཁོར། །
ངག་སྦྱོང་བཟླས་བརྗོད་དང་བུམ་ཅན། །
སེམས་སྦྱོང་ཞི་ལྷག་ལ་འབད་ནས། །
སྒོ་གསུམ་རྣམ་དག་ཅིག་སྙིང་གཏམ། །
༡༩༩༩ ༩ ༩་ལ་དཔལ་དགྱེས་པ་རྡོ་རྗེས་གུས་ཕུལ། །
Subscribe to:
Post Comments (Atom)
0 comments:
Post a Comment