དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday, 30 April 2011
༄༅། །ལྟ་མགུར་གང་ཤར་མ། །
སྙིང་དབུས་འདབ་བརྒྱད་ཨ་བ་དྷཱུ་ཏཱི་ཡི་དཀྱིལ་ནས། །
གཞི་དབྱིངས་འགྱུར་མེད་རིག་པའི་རྡོ་རྗེ་ཡི་ཟློས་གར། །
ལྷག་པའི་ལྷ་མཆོག་ཀུན་འདུས་ཡིད་བཞིན་གྱི་ནོར་བུ། །
དྲིན་ཆེན་བླ་མ་དམ་པར་སྒོ་གསུམ་གྱིས་འདུད་དོ། །

གཞི་ལམ་འཁོར་འདས་ཆོས་རྣམས་མ་ལུས་ཀྱི་རྩ་བ། །
རང་སེམས་གནས་ལུགས་སྤྲོས་བྲལ་གོ་མྱོང་དང་རྟོགས་པ། །
ངོ་བོ་རང་བཞིན་ཐུགས་རྗེ་ཀུན་ཁྱབ་ཏུ་མཐོང་ན། །
ལྟ་སྒོམ་སྤྱོད་འབྲས་སྙིང་པོ་འདི་ཀ་རང་ལགས་སོ། །

སྐྱེ་མེད་གནས་ལུགས་རྟོགས་པའི་པན་ཆེན་གྱི་བླ་མ། །
བསླུ་མེད་རྟེན་འབྲེལ་གནས་ལ་བག་ཡོད་དུ་མཛད་པ། །
མཚུངས་མེད་ཡིད་བཞིན་ནོར་བུའི་ལྟ་སྤྱོད་དང་ལྡན་ན། །
མཐའ་མེད་འགྲོ་བ་འདྲེན་པའི་དེད་དཔོན་དུ་སྣང་ངོ། །

ཀུན་མཁྱེན་ཡབ་སྲས་བརྒྱུད་པའི་ཡེ་ཤེས་ཀྱི་བླ་མ། །
བཀའ་གཏེར་ཟབ་དགུའི་སྙིང་ཐིག་རྫོགས་ཆེན་གྱི་ལྟ་བ། །
སྣང་གྲགས་རིག་པའི་རྣལ་འབྱོར་དད་གུས་ཀྱིས་འབོད་དང། །
སྐུ་གསུམ་རྒྱལ་བའི་ཞིང་ཁམས་འདི་ཀ་རང་ལགས་སོ། །

མཁན་པོ་དྲི་མེད་ཟླ་བས་བསྐུལ་ངོར་དཔལ་དགྱེས་པ་རྡོ་རྗེས༢༠༠༩ ༡༢ ༣༠ལ་གང་ཤར་བྲིས་པ་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ