དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday, 30 April 2011
༄༅། །ཕྱོགས་བཞིའི་ཚོར་བ། །
ལྷོ་སྤྲིན་ལོང་ལོང་གསེབ་ནས། །
མོག་མོག་གངས་རི་མཐོང་ཚེ། །
ཡིད་ངོས་དམ་པའི་ཞལ་རས། །
མ་བསྒོམ་སེམས་ལ་ཤར་སོང་། །

ནུབ་རིའི་གྲིབ་མ་ནག་པོ། །
ཚུར་ཚུར་རྩ་རུ་ཉེ་དུས། །
སྙིགས་ལྔའི་ལྟ་སྤྱོད་མུན་ནག །
དབང་མེད་ཡིད་ལ་འཁོར་བྱུང་། །

བྱང་ཐང་མུ་མེད་གནས་སུ། །
ཁ་བ་མར་མར་བབས་དུས། །
རང་ཡུལ་གངས་ཅན་ལས་དབང་། །
འབྱོར་རྒུད་སེམས་ལ་དྲན་བྱུང་། །

ཤར་ཕྱོགས་ནམ་མཁའ་དྭངས་མོས། །
མི་ཚེའི་རྨི་ལམ་སྣང་བ། །
ལས་དབང་བདེ་སྐྱིད་རི་མོ། །
ཡིད་ལ་ཝ་ལེར་འཁོར་བྱུང་། །

རང་ཡུལ་དགའ་ཞེན་ཆེ་ཡང་། །
ཁ་བའི་གསང་གསུམ་བར་ཆད། །
ནུབ་བྱང་ཚུར་མཐོང་བཙན་པོས། །
ལུགས་གཉིས་བཙོན་རར་བཙུད་འདུག །།

༢༠༠༩ ༡༢ ༣༡ལ་དཔལ་དགྱེས་པ་རྡོ་རྗེས་སོ།། །།

0 comments:

ཟིན་བྲིས་འཚོལ་ཡུལ