དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Tuesday, 10 May 2011
འཇར་པན་ལ་ས་མཚོས་གནོད་པའི་གདུང་དབྱངས་རྒན་མོའི་ངུ་ངག །
ན་མོ་གུ་རུ་པདྨ་ཀ་ར་ཡེ། །
སངས་རྒྱས་ཀུན་འདུས་པདྨ་ཐོད་ཕྲེང་རྩལ། །བདག་གི་བརྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབས། །འབྱུང་བ་དགྲ་ལང་ས་ཆུ་མེ་རླུང་དག །རང་སར་ཞི་ནས་བདེ་དགའ་ཐོབ་པར་ཤོག །འཛམ་གླིང་ལས་ཀྱི་ས་བའི་འཇིག་རྟེན་འདིར། །སྙིགས་དུས་བསམ་སྦྱོར་ལོག་པའི་ལས་ངན་གྱིས། །ཕྱི་ནང་འབྱུང་བ་འཁྲུག་པའི་གནོད་པ་དང་། །བསྟན་དགྲ་དམ་ཉམས་རྩ་ནས་འཇོམས་གྱུར་ཅིག །འདུས་བྱས་ཆོས་ཀུན་མི་རྟག་སྒྱུ་མའི་འཕྲུལ། །ཟག་བཅས་མཐའ་དག་སྡུག་བསྔལ་འཁྲུལ་བའི་ལས། །ཆོས་ཀུན་སྟོང་ཞིང་བདག་མེད་ཞི་བའི་དོན། །འགྲོ་ཁམས་བཅོས་མའི་རང་བཞིན་རྟོགས་གྱུར་ཅིག །རང་གིས་རྨི་ལམ་རྨིས་ཀྱང་ཡིད་མ་ཆེས། །གྲོགས་ཀྱིས་གཟིམ་ལམ་འཁྲུགས་ཀྱང་བློ་མ་གཏད། རིགས་མཐུན་སྐྱེ་བོ་ཤི་རྨས་བྱུང་བ་དག ། མངོན་སུམ་མཐོང་བས་ཡིད་ཀྱིས་མཆི་མ་དཀུ། །ཕྱི་ཡི་མཚོ་རླབས་ས་ཡོམ་ཆེན་པོའི་འོག །ནང་གི་དངོས་ཆས་ཁང་གཞིར་འཇིག་པའི་ཚུལ། །མི་འདོད་སྲིད་པའི་སྡུག་བསྔལ་བཟོད་དཀའ་བར། །ཞི་ནས་འདི་ཕྱི་བདེ་བའི་དཔལ་ཐོབ་ཤོག །རང་བྱུང་འགུལ་སྐྱོད་གཡོ་བའི་འཇིགས་སྐྲག་འོག །སྨྲེ་ངག་ངུ་འབོད་ཚེ་སྲོག་ཤོར་བ་དག །མཐོང་ཚེ་མི་བཟོད་སྙིང་རྗེ་དྲག་པོ་ཡིས། །མཆོག་གསུམ་རྒྱལ་བ་སྲས་བཅས་ར་མདར་སྦྲོན། །ཤར་ནུབ་རྒྱ་མཚོ་ཆེན་པོའི་ཆོ་འཕྲུལ་འདི། །འདྲེ་སྲིན་བདུད་པོས་དཔུང་ལས་མཐུ་སྟོབས་ཆེ། །མེ་རི་མཚོ་རླབས་དྲག་འཕྱུར་འབྱུང་དགྲ་འདིས། །འཇར་པན་མཛེས་ལྗོངས་གཤིན་ཐང་སྐྱ་མོར་བསྒྱུར།།བརྒྱ་ཕྲག་ལོ་ཡི་སྔོན་དུ་མ་ བྱུང་བའི། །དུས་རབས་ཉི་ཤུའི་ལོ་རྒྱུས་གཤིན་པོའི་ཁྲོད། །བལྟ་མི་བཟོད་པའི་འབྱུང་དགྲས་གནོད་པ་འདི། །འཛམ་བུ་གླིང་དུ་འབྱུང་བར་མ་གྱུར་ཅིག །ལོ་སྔོན་རྒྱ་ནག་ཡུལ་དུ་ས་ཆུ་འཁྲུགས། །ན་ནིང་བོད་ཡུལ་ས་ཡོམ་རི་ཉིལ་གནོད། །ད་ལོ་འཇར་པན་བརྒྱད་དགུའི་འབྱུང་དགྲ་དག །བསམ་ཚེ་འཆི་ཆོས་རྣལ་མའི་བརྡ་ཐོ་ལགས། །ཁ་སང་སྐྱིད་པའི་བགོད་སྒྲ་ལྷང་ལྷང་དག །དེ་རིང་སྡུག་གི་ངུ་ངག་ཐོས་པ་རྣམས། ཡང་ཡང་བསམ་ཚེ་འཆི་མེད་གཉུག་མའི་གཤིས། །ཕ་ཤུལ་བུ་ཡིས་འཛིན་པའི་ཞིང་དུ་རྒྱུ། །སྙིང་བརྩེའི་རིགས་མཐུན་འགྲོ་བ་མི་རྣམས་ལ། །སྙིང་གཏམ་ཚིག་གསུམ་བདག་གིས་བཤད་པར་ཞུ། །སྙིང་པོའི་ལྷ་ཆོས་སྙིང་ནས་མཛད་པ་དང་། །སྙིང་རྗེས་སེམས་བསྐྱེད་བསྔོ་སྨོན་ཀུན་གྱིས་མཛོད། །བསམ་དཀར་ལྷག་བསམ་བཟང་པོ་ཀུན་གྱིས་བྱ། །རྣམ་དཀར་ཕན་བདེའི་དགེ་ལེགས་ཀུན་གྱིས་བརྩོན། །གངས་དཀར་བསྟན་པའི་སྲོག་ཤིང་མདོ་སྔགས་ཆོས། །འཇིག་རྟེན་ཁམས་སུ་དར་ཞིང་རྒྱས་པར་ཤོག །ཞི་བདེའི་རྒྱ་མཚོ་གཡོ་འགུལ་མ་མང་ན། །ཞི་བདེའོ་འཚོ་བ་ནུབ་པར་མི་འགྱུར་བས། །ཞི་བདེར་འདོད་པའི་མཛའ་མཐུན་གྲོགས་པོ་ཚོ། །ཞི་རྒྱས་དབང་མཆོག་ལས་ཀུན་ལྷུན་གྲུབ་ཤོག །
ཅེས་པའང་མཐོང་བ་དེ་མ་ཐག་ཏུ་ཤྲྰི་སྨྱོན་པས་སྙིང་ནས་སྨོན་པའི་མྱ་ངན་ཞུ་བར་དགེའོ། །

Subscribe to:
Post Comments (Atom)
0 comments:
Post a Comment