དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Monday, 2 May 2011
༄༅།། གཟུངས་སྔགས་ཀྱི་ཕན་ཡོན།།
ན་མོ་གུ་རུ་མཉྫུ་ཤྲྰི་ཡེ།
ཨོྃ་ཨྰཿཧྰུྃ་ཧྲྰིཿ་བྱིན་རླབས་ཀྱིས། །
སྒོ་གསུམ་ཉོན་ཤེས་བག་ཆགས་དག །
དབང་བཞི་ཡེ་ཤེས་ཐོབ་པ་དང་། །
སྐུ་གསུང་ཐུགས་ཡོན་ཕྲིན་ལས་འབྱུང་། །
ཡི་དམ་ཏིང་འཛིན་བསྐྱེད་རིམ་ཨོྃ། །
གཟུངས་སྔགས་བཟླས་བརྗོད་བསྙེན་བསྒྲུབ་ཨྰཿ། །
དགོངས་པ་མི་འགྱུར་ཆོས་ཉིད་ཧྰུྃ། །
འཕྲོ་འདུ་ཕྲིན་ལས་སྙིང་པོ་ཧྲྰིཿ། །
དཔེར་ན་སྤྱན་རིས་གཟིགས་དབང་གི །
བསྒོམ་ཐབས་སྲོག་སྡོམ་གཟེར་བཞི་ཉིད། །
གནད་གསང་སྙིང་པོ་སྔགས་ལས་གསལ། །
ཨོྃ་ནི་གསང་གསུམ་གསལ་འདེབས་ཡིན། །
མ༵་ཎི་རིན་ཆེན་ཏིང་འཛིན་སྐུ། །
པ༵དྨེ་སྐྱོན་བྲལ་བཟླས་པ་གསུང་། །
ཧྰུྃ་དབྱིངས་ཆོས་ཉིད་དགོངས་པར་ཐུགས། །
ཧྲྰི་འཕྲོས་དོན་གཉིས་ཕྲིན་ལས་སྒྲུབ། །
དེ་བཞིན་རྗེ་བཙུན་འཇམ་དཔལ་དབྱངས། །
གསང་གསུམ་བསྐྱེད་རྫོགས་ཐབས་ཤེས་ཨོ༵ྃ། །
སྐྱེ་མེད་སྙིང་པོ་ཡི་གེ་ཨ༵། །
སྒྲིབ་བྲལ་དྲི་མེད་མཚོན་བྱེད་ར༵། །
དོན་དམ་མཉམ་བཞག་སྣང་བ་པ༵། །
འཆི་འཕོ་ཀུན་བྲལ་རང་བཞིན་ཙ༵། །
དགམཉམ་དབྱེར་མེད་ཟུང་འཇུག་ན། །
མཁྱེན་རབ་ཡེ་ཤེས་མཐར་ཐུག་དྷྰི༵། །
ཨོྃ་དོན་སྐུ་གསུམ་རྟོགས་པའི་ཆ། །
བ༵ཛྲ༵་ཤེས་རབ་བསྒོམ་པའི་ལམ། །
ས༵་ཏྭ༵་སྙིང་རྗེ་སྤྱོད་པའི་ཚད། །
ཧྰུ༵ྃ་ཉིད་ཡེ་ཤེས་ལྔ་ལྡན་མཚོན། །
གཟུངས་སྔགས་བཟླས་བརྗོད་འབྲས་བུ་ཡིས། །
གནས་སྐབས་ཐུན་མོང་གྲུབ་པ་ཐོབ། །
མཐར་ཐུག་མཆོག་གི་དངོས་གྲུབ་ཐོབ། །
ཆོས་འཁོར་བསྐོར་བས་སྨིན་གྲོལ་ནུས། །
བསྐྱེད་རྫོགས་བཟླས་བརྗོད་དབང་བཞི་དང་། །
དག་རྫོགས་སྨིན་པའི་བསྒོམ་རིམ་ཀུན། །
རང་སེམས་ལྷ་དང་དབྱེར་མེད་ངང་། །
བལྟ་ཞིང་ཨོྃ་ཨྰཿཧྰུྃ་ཧྲྰིཿབརྗོད། །
ཞི་རྒྱས་དབང་དྲག་མཆོག་ཐུན་ལས། །
སྒྲུབ་པའི་བར་ཆད་ཀུན་གསལ་ཆེད། །
ཕྲིན་བཅོལ་མཆོད་བསྐང་མངའ་གསོལ་ངང་། །
བཀའ་བགོ་ཨོྃ་ཨྰཿཧྰུྃ་ཧྲྰིཿབྷྱོ། །
ཐབས་མཆོག་བདེ་གསལ་མི་རྟོག་པའི། །
བདེ་སྟོང་ཡེ་ཤེས་གོང་སྤེལ་ཕྱིར། །
དགའ་བཞིའི་ཉམས་རྟོགས་བསྐྱེད་པའི་གྲོགས། །
གསལ་བཏབ་ཨོྃ་ཨྰཿཧྰུྃ་ཧྲྰིཿ་མྰུྃ། །
མ་རིག་རྣམ་རྟོག་རྒྱས་པའི་སྐབས། །
སྲུང་འཁོར་རྡོ་རྗེ་རིན་ཆེན་དང་། །
པདྨ་རྒྱ་གྲམ་འཁོར་ལོའི་གུར། །
བསྒོམ་ཞིང་ཨོྃ་ཨྰཿཧྰུྃ་ཧྲྰིཿབྷྲུྃ། །
མཆོད་ཕྱག་སྐབས་སུ་སྐྱབས་སེམས་དང་། །
དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་སྤྲིན། །
མགྲོན་བཞི་མཆོད་འབུལ་དགྱེས་འཚིམས་ངང་། །
དམིགས་ཞིང་ཨོྃ་ཨྰཿཧྰུྃ་ཧྲྰིཿ་ཧོ། །
ཟབ་ཞི་སྤྲོས་བྲལ་འོད་གསལ་བའི། །
འདུས་མ་བྱས་པའི་རང་གཤིས་ལ། །
དཔྱད་འཇོག་བསྒོམ་པ་སྤེལ་མ་ངང་། །
གནས་ཤིང་ཨོྃ་ཨྰཿཧྰུྃ་ཧྲྰིཿ་ཨ། །
དུག་ལྔའི་རྟོག་པའི་གཞན་དབང་གྱུར། །
བྱིང་རྒོད་རྨོངས་པའི་ཚོགས་རྒྱས་སྐབས། །
གཟུང་འཛིན་རྣམ་རྟོག་གཏོར་བར་དམིགས། །
ཨོྃ་ཨྰཿཧྰུྃ་ཧྲྰིཿཕཊ་ཅེས་བརྗོད། །
མཆོག་གསུམ་དྲན་པའི་གདུང་དབྱངས་དང་། །
རྩ་གསུམ་ཐུགས་དམ་གནད་བསྐུལ་བར་། །
གསང་གསུམ་བྱིན་ཆེན་འབེབས་པའི་ཐབས། །
དད་ཅིང་ཨོྃ་ཨྰཿཧྰུྃ་ཧྲྰིཿ་ཧྰུྃ། །
དགའ་སྟོན་རྒྱ་ཆེན་ཚེས་པའམ། །
བཀྲ་ཤིས་བདེ་ལེགས་ཉིན་མོ་རུ། །
སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་དུ། །
བསམ་ཞིང་ཨོྃ་ཨྰཿཧྰུྃ་ཧྲྰིཿ་ཨོྃ། །ཞེས་པའང་རབ་རྒྱན་མེ་ཁྱི་ཟླ་བཞི་བའི་ཚེས་བཅོ་ལྔར་དགེ་བའི་ཉིན་ཚན་རིག་གི་སློབ་དཔོན་ཆེན་མོ་(Rybarova)མཁའ་འགྲོ་ཆོས་སྒྲོན་དང་ཐེ་ཝན་དམ་ཆོས་སྒྲོན་མ་སོགས་ཀྱིས་ཡང་ཡང་བསྐུལ་ངོ་མ་ལྡོག་ཙམ་དུ་ཨ་མུ་རི་ཀའི་གླིང་ཕྲན་ཨ་རོ་ཛི་ཎའི་ཡུལ་དབུས་ས་དཔྱད་ལེགས་དགུ་ཚང་བའི་གནས་མཆོག་ཆོས་ལྷ་རི་ཁྲོད་ནས་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེའི་ཡིད་མཚོ་ལས་བྱུང་བ་ཤྲྰི་སརྦ་བི་ཛ་ཡནྟུ།། །།
ན་མོ་གུ་རུ་མཉྫུ་ཤྲྰི་ཡེ།
ཨོྃ་ཨྰཿཧྰུྃ་ཧྲྰིཿ་བྱིན་རླབས་ཀྱིས། །
སྒོ་གསུམ་ཉོན་ཤེས་བག་ཆགས་དག །
དབང་བཞི་ཡེ་ཤེས་ཐོབ་པ་དང་། །
སྐུ་གསུང་ཐུགས་ཡོན་ཕྲིན་ལས་འབྱུང་། །
ཡི་དམ་ཏིང་འཛིན་བསྐྱེད་རིམ་ཨོྃ། །
གཟུངས་སྔགས་བཟླས་བརྗོད་བསྙེན་བསྒྲུབ་ཨྰཿ། །
དགོངས་པ་མི་འགྱུར་ཆོས་ཉིད་ཧྰུྃ། །
འཕྲོ་འདུ་ཕྲིན་ལས་སྙིང་པོ་ཧྲྰིཿ། །
དཔེར་ན་སྤྱན་རིས་གཟིགས་དབང་གི །
བསྒོམ་ཐབས་སྲོག་སྡོམ་གཟེར་བཞི་ཉིད། །
གནད་གསང་སྙིང་པོ་སྔགས་ལས་གསལ། །
ཨོྃ་ནི་གསང་གསུམ་གསལ་འདེབས་ཡིན། །
མ༵་ཎི་རིན་ཆེན་ཏིང་འཛིན་སྐུ། །
པ༵དྨེ་སྐྱོན་བྲལ་བཟླས་པ་གསུང་། །
ཧྰུྃ་དབྱིངས་ཆོས་ཉིད་དགོངས་པར་ཐུགས། །
ཧྲྰི་འཕྲོས་དོན་གཉིས་ཕྲིན་ལས་སྒྲུབ། །
དེ་བཞིན་རྗེ་བཙུན་འཇམ་དཔལ་དབྱངས། །
གསང་གསུམ་བསྐྱེད་རྫོགས་ཐབས་ཤེས་ཨོ༵ྃ། །
སྐྱེ་མེད་སྙིང་པོ་ཡི་གེ་ཨ༵། །
སྒྲིབ་བྲལ་དྲི་མེད་མཚོན་བྱེད་ར༵། །
དོན་དམ་མཉམ་བཞག་སྣང་བ་པ༵། །
འཆི་འཕོ་ཀུན་བྲལ་རང་བཞིན་ཙ༵། །
དགམཉམ་དབྱེར་མེད་ཟུང་འཇུག་ན། །
མཁྱེན་རབ་ཡེ་ཤེས་མཐར་ཐུག་དྷྰི༵། །
ཨོྃ་དོན་སྐུ་གསུམ་རྟོགས་པའི་ཆ། །
བ༵ཛྲ༵་ཤེས་རབ་བསྒོམ་པའི་ལམ། །
ས༵་ཏྭ༵་སྙིང་རྗེ་སྤྱོད་པའི་ཚད། །
ཧྰུ༵ྃ་ཉིད་ཡེ་ཤེས་ལྔ་ལྡན་མཚོན། །
གཟུངས་སྔགས་བཟླས་བརྗོད་འབྲས་བུ་ཡིས། །
གནས་སྐབས་ཐུན་མོང་གྲུབ་པ་ཐོབ། །
མཐར་ཐུག་མཆོག་གི་དངོས་གྲུབ་ཐོབ། །
ཆོས་འཁོར་བསྐོར་བས་སྨིན་གྲོལ་ནུས། །
བསྐྱེད་རྫོགས་བཟླས་བརྗོད་དབང་བཞི་དང་། །
དག་རྫོགས་སྨིན་པའི་བསྒོམ་རིམ་ཀུན། །
རང་སེམས་ལྷ་དང་དབྱེར་མེད་ངང་། །
བལྟ་ཞིང་ཨོྃ་ཨྰཿཧྰུྃ་ཧྲྰིཿབརྗོད། །
ཞི་རྒྱས་དབང་དྲག་མཆོག་ཐུན་ལས། །
སྒྲུབ་པའི་བར་ཆད་ཀུན་གསལ་ཆེད། །
ཕྲིན་བཅོལ་མཆོད་བསྐང་མངའ་གསོལ་ངང་། །
བཀའ་བགོ་ཨོྃ་ཨྰཿཧྰུྃ་ཧྲྰིཿབྷྱོ། །
ཐབས་མཆོག་བདེ་གསལ་མི་རྟོག་པའི། །
བདེ་སྟོང་ཡེ་ཤེས་གོང་སྤེལ་ཕྱིར། །
དགའ་བཞིའི་ཉམས་རྟོགས་བསྐྱེད་པའི་གྲོགས། །
གསལ་བཏབ་ཨོྃ་ཨྰཿཧྰུྃ་ཧྲྰིཿ་མྰུྃ། །
མ་རིག་རྣམ་རྟོག་རྒྱས་པའི་སྐབས། །
སྲུང་འཁོར་རྡོ་རྗེ་རིན་ཆེན་དང་། །
པདྨ་རྒྱ་གྲམ་འཁོར་ལོའི་གུར། །
བསྒོམ་ཞིང་ཨོྃ་ཨྰཿཧྰུྃ་ཧྲྰིཿབྷྲུྃ། །
མཆོད་ཕྱག་སྐབས་སུ་སྐྱབས་སེམས་དང་། །
དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་སྤྲིན། །
མགྲོན་བཞི་མཆོད་འབུལ་དགྱེས་འཚིམས་ངང་། །
དམིགས་ཞིང་ཨོྃ་ཨྰཿཧྰུྃ་ཧྲྰིཿ་ཧོ། །
ཟབ་ཞི་སྤྲོས་བྲལ་འོད་གསལ་བའི། །
འདུས་མ་བྱས་པའི་རང་གཤིས་ལ། །
དཔྱད་འཇོག་བསྒོམ་པ་སྤེལ་མ་ངང་། །
གནས་ཤིང་ཨོྃ་ཨྰཿཧྰུྃ་ཧྲྰིཿ་ཨ། །
དུག་ལྔའི་རྟོག་པའི་གཞན་དབང་གྱུར། །
བྱིང་རྒོད་རྨོངས་པའི་ཚོགས་རྒྱས་སྐབས། །
གཟུང་འཛིན་རྣམ་རྟོག་གཏོར་བར་དམིགས། །
ཨོྃ་ཨྰཿཧྰུྃ་ཧྲྰིཿཕཊ་ཅེས་བརྗོད། །
མཆོག་གསུམ་དྲན་པའི་གདུང་དབྱངས་དང་། །
རྩ་གསུམ་ཐུགས་དམ་གནད་བསྐུལ་བར་། །
གསང་གསུམ་བྱིན་ཆེན་འབེབས་པའི་ཐབས། །
དད་ཅིང་ཨོྃ་ཨྰཿཧྰུྃ་ཧྲྰིཿ་ཧྰུྃ། །
དགའ་སྟོན་རྒྱ་ཆེན་ཚེས་པའམ། །
བཀྲ་ཤིས་བདེ་ལེགས་ཉིན་མོ་རུ། །
སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་དུ། །
བསམ་ཞིང་ཨོྃ་ཨྰཿཧྰུྃ་ཧྲྰིཿ་ཨོྃ། །ཞེས་པའང་རབ་རྒྱན་མེ་ཁྱི་ཟླ་བཞི་བའི་ཚེས་བཅོ་ལྔར་དགེ་བའི་ཉིན་ཚན་རིག་གི་སློབ་དཔོན་ཆེན་མོ་(Rybarova)མཁའ་འགྲོ་ཆོས་སྒྲོན་དང་ཐེ་ཝན་དམ་ཆོས་སྒྲོན་མ་སོགས་ཀྱིས་ཡང་ཡང་བསྐུལ་ངོ་མ་ལྡོག་ཙམ་དུ་ཨ་མུ་རི་ཀའི་གླིང་ཕྲན་ཨ་རོ་ཛི་ཎའི་ཡུལ་དབུས་ས་དཔྱད་ལེགས་དགུ་ཚང་བའི་གནས་མཆོག་ཆོས་ལྷ་རི་ཁྲོད་ནས་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེའི་ཡིད་མཚོ་ལས་བྱུང་བ་ཤྲྰི་སརྦ་བི་ཛ་ཡནྟུ།། །།
Subscribe to:
Post Comments (Atom)
0 comments:
Post a Comment