དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday, 2 May 2011
༄༅། །བརྒྱུད་འདེབས་རིག་པའི་དོན་རྟོགས། །
ཨོཾ་ཨྰཿཧྰུཾ་ཧྲྰིཿ
ཆོས་སྐུ་ཞིང་ན་ཀུན་བཟང་ཡབ་ཡུམ་དང་། །
ལོངས་སྐུའི་ཞིང་དུ་རྡོར་སེམས་ལྷ་ཚོགས་དང་། །
སྤྲུལ་སྐུའི་མཆོག་གྱུར་དགའ་རབ་རྡོ་རྗེ་ལ། །
གསོལ་བ་འདེབས་སོ་རིག་པའི་དོན་རྟོགས་ཤོག །

འཇམ་དཔལ་བཤེས་གཉེན་ཤྲྰི་སེངྷ་དང་། །
ཛྙྰ་ན་སུ་ཏྲ་པཎ་ཆེན་བི་མ་ལ། །
པདྨ་འབྱུང་གནས་ཡེ་ཤེས་མཚོ་རྒྱལ་ལ། །
གསོལ་བ་འདེབས་སོ་རིག་པའི་དོན་རྟོགས་ཤོག །

སངས་རྒྱས་ཡེ་ཤེས་ལྷ་སྲས་དགྲ་ལྷའི་རྒྱལ། །
པདྨ་དྲག་གླིང་ཡིད་བཞིན་ནོར་བུ་ལ། །
གསོལ་བ་འདེབས་སོ་རིག་པའི་དོན་རྟོགས་ནས། །
མཐའ་ཡས་འགྲོ་ཀུན་འདྲེན་པའི་དཔལ་ཐོབ་ཤོག །

ཅེས་པའང་རབ་རྒྱན་མེ་ཁྱི་ཟླ་༤ཚེས༡༠་ཉིན་རིག་འཛིན་པདྨ་དྲག་སྔགས་གླིང་པའི་སྤྲུལ་མིང་འཛིན་པ་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེའི་རིག་ཀློང་ལས་ཤར་བ་བཞིན་བྷོ་དྷའི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་དྲུང་ནས་སྨོན་པར་ཡི་གེར་བགྱིས་པར་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ