དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday, 9 May 2011
༄༅། །སེང་རྡོར་ངེད་གཉིས་ཞིམ་ཁུ་མཉམ་དུ་རོལ། །

  
 
ཨེ་མ་ཧོ་སེངྷ་ར་ཛ་ཡ། །
ཤར་ནུབ་རྒྱ་མཚོས་བར་ཐག་ཆོད་ན་ཡང་། །
ཤ་ཁྲག་རུས་པའི་འབྲེལ་བ་ཟབ་པའི་རྐྱེན། །
སྲོལ་རྒྱུན་ཕ་མས་བཞག་པའི་ཉེ་དུ་ཁྱེད། །
ལས་དབང་བསམ་ཞིག་བྱས་ན་དགའ་སྐྱོའི་གནས། །
རྒྱང་རིང་ས་མཐར་ཉུལ་བའི་བན་རྒོད་དང། །
ཡུན་རིང་འདུག་ཆོས་བསམ་པའི་ཕོ་རྒོད་གཉིས། །
རེ་འབྲས་དཀར་པོ་ཁ་བའི་ཞིང་ཁམས་སུ། །
མཉམ་འཛོམ་ཡོང་བར་དཔྱིད་ཀའི་སོ་ནམས་འདྲ། །
ལྷོ་སྤྲིན་ཕྱུག་མོ་བྱང་གི་ཕྱོགས་སུ་ཕེབས། །
སྦྲང་ཆར་ཟིལ་མའི་ཆར་ཆུ་དུས་སུ་བབས། །
ལོ་ཕྱུག་ལེགས་པའི་རྟེན་འབྲེལ་ལེགས་འགྲིག་ན། །
དགུ་ཆང་གསོ་སྨན་ཅི་ནུས་བཏུང་ན་འགྲིགས། །
ད་དུང་ངེད་གཉིས་ན་ཚོད་མ་སྨིན་པས། །
བྱིས་པ་དགའ་བའི་ཞིམ་ཁུ་མཉམ་འཐུང་བྱ། །
སྐྱི་སྡུག་ཅི་འཆར་རྣམ་རྟོག་རི་མོ་འབྲི། །
ངོ་ཚ་མེད་པར་དྲྭ་ཁང་འགྲིམ་ན་བསམ། །
མ་ཤི་ཚེ་ཐག་རིང་ན་ཐུག་རྒྱུ་ཡོད། །
མ་བུ་ཁ་བྲལ་ལྟ་བུ་རང་ཡུལ་འདི། །
མ་རྩ་རིང་ལུགས་བསྟན་པས་མ་སླད་པར། །
མ་བུ་མཉམ་འཛོམ་ཡོང་བའི་སྨོན་ལམ་ཡོད། །

ཅེས་ཤྲྰི་སྨྱོན་པས་པར་འདི་མཐོང་བའི་རྐྱེན་ལས་ངེད་གཉིས་ཀྱི་ལས་དབང་དྲན་དེ་མྱུར་བྲིས་བགྱིས་པ་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ