དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday, 28 May 2011
ཞོགས་དུང་ལ་ཕུལ་བའི་འཕྲིན་ཐུང་དྲི་ཆེན་ཙིཏྟ་ཞེས་བྱ་བ། །
ན་མོ་གུ་རུ་ཀརྨ་བཛྲ་ས་ཏྭ་ཧྰུྃ། །
གཅེས་པའི་ལུས་དང་ལོངས་སྤྱོད་ཡོངས་བཏང་སེམས་ཅན་དོན་སྒྲུབ་སྙིང་རྗེ་ཅན། །
ཤེས་བྱ་རིག་པའི་གནས་ཀུན་ཡོངས་མཁྱེན་གཟུངས་སྤོབས་བློ་གྲོས་ཤེས་རབ་ཅན། །
ཚང་ལ་མ་ནོར་ཐུབ་བསྟན་ཡོངས་རྫོགས་ཆོས་འཁོར་བསྐོར་བའི་བཀའ་དྲིན་ཅན། །
དཔྱད་གསུམ་དག་པའི་སྟོན་དང་བསྟན་པ་མི་ཕྱེད་དད་པས་ཕྱག་གིས་འདུད། ། 
 

ཚུལ་ལ་ཉོན་དང་རྒྱལ་གཅེས་དཔའ་བོ་སྙིང་བྲལ་ཅོལ་ཆུང་རྒྱང་འཕེན་པ། །
དེང་རབས་རིག་གསར་ཆགས་སྡང་རྨོངས་པའི་ནག་ཕྱོགས་དགའ་རབ་བསྟན་བཅོས་ལ། །
འཛིན་སྐྱོང་སྤེལ་བའི་དགྲ་འདྲེའི་འཕུང་སྦྱོར་བག་ཆགས་ངན་སྤེལ་བཀྲ་རྒྱལ་ལོ། །
ངན་སྤྱོད་སྣ་དགུ་འཛེམ་མེད་སྤྱད་པ་ཕོ་རྒོད་ཁྱོད་འདྲ་མི་གཙང་ལུད། །
 

རིག་གནས་གསར་བརྗེར་ངོ་སོ་བསྟོད་ཕྱིར་ཕ་མེས་ཤུལ་བཞག་སྲོལ་རྒྱུན་རིགས། །
སེམས་རིག་གོམས་སྤྱོད་ཡ་རབས་སྲོལ་བཟང་བག་ཆགས་ངན་པའི་གྲལ་དུ་རྩིས། །
ཆོས་དང་འཇིག་རྟེན་བྱ་བཞག་འགལ་བའི་འཕུང་དགུའི་སྣ་འདྲེན་བཙན་གཏམ་མཁན།
སྲིད་པའི་གངས་དཀར་ཆགས་ནས་བཟུང་སྟེ་མའོ་ཙེའི་རྗེས་འཇུག་ཁྱོད་འདྲ་དཀོན། །
 
ཨ་མདོ་རིག་པའི་ཞིང་ཁམས་དེ་ཡང་དུ་ཆང་འཚོ་བའི་གྲོང་དུ་བསྐྲུན། །
ཙོང་ཁའི་བསྟན་པའི་ཆུ་རྒྱུན་དེ་ཡང་འཆོལ་ཉོག་སྤྱོད་པའི་དུག་ཏུ་བསྒྱུར། །
མདོ་དབུས་ཁམས་པའི་མཐུན་སྒྲིལ་དེ་ཡང་རང་ཁ་གསོ་བའི་ཐབས་སུ་སྒྲུབ། །
ཆོས་དཔལ་རིག་པའི་གསར་གཏོད་མ་ཡིན་རང་ཡུལ་བརླག་བྱེད་རྡུལ་མདེལ་ལགས། །
 
རྒྱལ་བསྟན་རིན་ཆེན་བཤད་སྒྲུབ་ཉི་ཟླས་གནམ་ས་གོ་འབྱེད་མ་ནུས་ན། །
སྐལ་བ་དམན་པའི་སྙིགས་མའི་སེམས་ཅན་འབྱུང་བྱའི་ལམ་སྟོན་བྱེད་ནུས་སམ། །
ནད་མུག་མཚོན་གྱི་བསྐལ་ངན་དེ་ཡང་སྙིགས་ལྔའི་རྒུད་པའི་མཐུ་ཡིན་ཕྱིར། །
གཡོ་སྒྱུ་དུག་གསུམ་འཁོར་ལོ་བསྐོར་བའི་བྱ་སྤྱོད་ངན་པ་སྤོངས་ཞིག་ཨང་། །
 
ཞེས་པ་འང་དྲི་ཆེན་ཞིག་མཐོང་བའི་རྐྱེན་ལས་ཞོགས་དུང་གི་རྩོམ་དག་དྲན་པའི་མཐུ་ལས་གང་ཤར་དུ་ཝ་ཡེལ་ཁྲུས་ཁང་གི་ཕྱི་རོལ་ནས་ཤྲྰི་སྨྱོན་པས་བྲིས་དགེའོ། །
 

0 comments:

ཟིན་བྲིས་འཚོལ་ཡུལ