དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Saturday, 28 May 2011
རྨི་ལམ་ཡུལ་གྱི་གྲོགས་པོ་ཞིག་ལ་ཕུལ་བ། བཙན་རྒྱལ། འདི་ནས་ས་ཐག་རིང་བ་ལ་ཁྱོད་ཀྱི་མཛེས་སྡུག་བཞད་པ་དང་།། བརྩེ་བའི་ཉི་ཟེར་རེ་རེ་ཡིས་ང་ལ་དྲོད་རླབས་རྒྱུད་བཞིན་ཡོད།། ཡ་ཆུང་སྡུག་གི་སྣེ་མོ་ལ་ཁྱོད་ཀྱིས་སྐྱོ་རོགས་བྱེད་པ་དང་།། སྙིང་གཏམ་ཉག་མ་རེ་རེ་ཡིས་ང་ལ་བགོད་གཏམ་བཤད་བཞིན་ཡོད།། འཁོར་བའི་ལས་ཀྱི་ཁྲིམས་ར་ལ་ཁྱོད་དང་འུ་གཉིས་འཛོམས་པ་དང་།། འཛའ་བརྩེ་གསེར་གྱི་ཨ་ལུང་དུ་འུ་གཉིས་ལག་གདང་སྒྲེལ་ནས་ཡོད།། ཕྱི་ཐག་ཆུ་བོས་བཞུར་རྒྱུན་ལ་འུ་གཉིས་དམ་ཚིག་ཡོད་པ་དང་།། མཐའ་མ་མཚོ་ཡི་སྐྱེས་གླིང་དུ་མེ་ཏོག་གཅིག་གི་སྨོན་མདུན་ཡོད།། དེ་རིང་འཕྲིན་གྱི་ཕོ་ཉ་ལ་ང་ཡིས་དྲན་དུངས་གླེང་བ་དང་།། སྐྱིད་སྡུག་ལས་ཀྱི་ཁ་དར་དེ་དེ་རིང་གྲོགས་མཆོག་ཁྱེད་ལ་འབུལ།། ང་ཡིས་བརྗོད་འདོད་ངོ་མ་དེ་འཕྲིན་གྱི་ལམ་ནས་ཁྱེད་ལ་གཏོང་།། བདག་གི་མི་ཚེའི་མཛེས་སྡུག་ནི་གཏམ་གྱི་སྣེ་ནས་ཁྱེད་ལ་འདྲེན།། ཁྱོད་ནི་འཁྱམ་པོ་ལྡོམ་པོ་མིན་མཚོ་མོ་ང་ཡི་གསེར་ཉ་ཡིན།། ཁྱོད་ནི་གྲོགས་མེད་ཁེར་རྐྱང་མིན་ནམ་རྒྱུན་ང་ཡི་རྩེ་རོགས་ཡིན།། ཁྱོད་ནི་རྒྱུས་མེད་གཞན་ལ་མེད་བདག་གི་སྙིང་གི་དབུས་ལ་ཡོད།། ཁྱོད་ནི་ང་ཡིས་ཉི་མ་ཡིན་ཁྱོད་ནི་ང་ཡིས་མེ་ཏོག་ཡིན།། དགའ་སྐྱོ་ལས་ཀྱི་ཨ་ལུང་དེ་གཞན་གྱི་ཡུལ་ནས་མི་འགྲིམ་སྟེ།། མཛེས་སྡུག་ལུས་ཀྱི་ལང་མཚོ་དེ་འབྲལ་མེད་ཁྱོད་ཀྱི་ཚེ་གྲོགས་བྱེད།། ཨེ་ཧོ་གྲོགས་མཆོག་དམ་པ་ལགས་ཁྱོད་ཀྱིས་ང་རང་ཨེ་མཐོང་སྟེ།། ང་ནི་ཁྱོད་ཀྱི་སྙིང་དབུས་ནས་ཁྱོད་ལ་འཛུམ་བཞིན་ལམ་མེར་ཡོད།། ལོ་ཟླ་ཞག་གི་འཁོར་སྐྱོད་དེ་མ་བཞུགས་མ་བསྡད་ཤོར་བ་དང་།། འུ་གཉིས་འདུན་པའི་དམ་བཅའ་དེ་ད་རུང་རྒྱང་གི་ཡུལ་ལ་ཡོད།། སྙིང་སྡུག་སྲོག་གི་ཉག་མ་ལགས་ཕྱིར་དྲན་ལན་གཅིག་གཟིགས་རོགས་དང་།། ཡ་ཆུང་སྐྱོ་བའི་ཆུ་ཁ་ནས་ཕྱིར་ཡོང་ཁྱེད་ཉིད་འཁྲེང་ནས་ཡོད།། |
Subscribe to:
Post Comments (Atom)
0 comments:
Post a Comment