དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday, 2 May 2011
རྒྱ་སྤྲུལ་ཟེར་བ་ཞིག་ལ་ཕུལ་བ། །
ཀ་ཡེ་གཟིགས་དང་ཀྲུང་གོའི་པཎ་ཆེན། །
ཁ་ནས་བཤད་པ་དགའ་ཞེན་བཞི་ལྡན། །
ག་ལེར་དཔྱོད་དང་བླ་ཆས་ལེགས་མོད། །
ང་ཡིས་འདི་ལ་བླ་མ་མི་ཟེར། །

ཅ་ཅོའི་སྨྲ་བ་ཏང་གི་བཀའ་དྲིན། །
ཆ་ལུགས་གཙང་སྤྱོད་གུང་ཁྲན་དམག་མི། །
ཇ་དངུལ་འཁོར་ཡུག་ཡར་རྒྱས་གོ་འཕེལ། །
ཉ་གང་ཟླ་བཞིན་དཔལ་འབྱོར་ཆེ་རབས། །

ཏ་ཐྰ་ག་ཏར་དད་འདུན་དགོས་རབས། །
ཐ་དག་མེས་རྒྱལ་བཀའ་རླབས་ཆེན་ཡིན་རབས། །
ད་གཟོད་ང་ཚོ་སྐྱིད་པོ་ཡིན་རབས། །
ན་གཞོན་བོད་མིས་འདི་འདྲ་དགོས་ཟེར། །

པ་ཕ་ཨ་མ་སྡུག་པོ་ཡིན་རབས། །
ཕ་མེས་རིག་གཞུང་ཡག་པོ་ཡིན་རབས། །
བ་གླང་ཚིག་ལྟར་ནང་འགལ་བརྗོད་ན། །
མ་བརྟག་ཚིག་ལ་ཡིད་ཆེས་མེད་ཁི། །

ཙ་ལག་རྩ་ཆེན་རྩ་མེད་གཏོར་ནས། །
ཚ་ཞིང་བུ་བརྒྱུད་སྐྱིད་པོ་ཡོད་དམ། །
ཛ་དྲག་སྤྱོད་པས་བར་མེད་མནར་བར། །
ཝ་ལེར་སྣང་ཡང་དགའ་ཞེན་ཆེ་འམ། །

ཞ་ལོང་དབང་པོ་སྐྱོན་ཅན་མིན་པས། །
ཟ་འཕྲོའི་འཐུང་ལྷག་ཁ་བའི་སྣོད་བཅུད། །
འ་ཅག་དབང་མེད་གཞན་གྱིས་སྤྱོད་ན། །
ཡ་རབས་བློ་ལྡན་དགྱེས་ཐབས་མི་འདུག །

ར་ལུག་གཡག་གི་བསམ་པ་མིན་ན། །
ལ་རྒྱའི་་གཏམ་དེ་འདི་འདྲ་མ་ལགས། །
ཤ་ཚ་སྙིང་རྗེ་བོད་ལ་མེད་པའི། །
ས་ལྐོག་མི་ཐུབ་རྫུན་གཏམ་དག་མ། །

ཧ་ཅང་ཡིད་སེམས་དགའ་རབས་བཤད་འདུག །
ཨ་རོ་ཚིག་དེ་བདེན་པ་ཡིན་ནམ། །
ཧ་ཅང་ཁྲེལ་མེད་སྡིག་ལུགས་བླ་རྫུན། །
ཨ་ཁུ་ང་ཡི་སྐྱབས་གནས་མིན་ལགས། །

༢༠༠༩ ༣ ༡༥ ཉིན་ཤྲྰིས་སོ། །

0 comments:

ཟིན་བྲིས་འཚོལ་ཡུལ