དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 2 May 2011
༄༅། །བོད་སྤྲུལ་ཟེར་བ་ཞིག་ལ་ཕུལ། །
ཀ་ར་དང་པོ་ཀརྨ་པ་ཞེས། །
ཁ་བའི་བླ་མ་དུས་གསུམ་མཁྱེན་ནས། །
ག་བུར་དབང་པོ་ཡོན་ཏན་ཅན་རྣམས། །
ང་ཚོའི་སྤྲུལ་སྐུ་འཁྲུལ་མེད་ལགས་ཀྱང་།

ཅ་ཅོའི་རྩོད་པ་རི་ལུང་བཀང་ཞིང་། །
ཆ་མེད་མི་ལ་མགོ་སྐོར་གཏོང་མཁན། །
ཇ་དངུལ་ནོར་ལ་སྙིང་པོ་འཛིན་པའི། །
ཉ་ཉོག་སྤྲུལ་པ་བརྟག་དཔྱད་བྱ་དགོས། །

ཏ་ཐྰ་ག་ཏའི་སྤྲུལ་པ་ཡིན་ན། །
ཐ་སྙད་རྒྱུ་འབྲས་སྣང་མེད་བཞག་ནས། །
ད་ལྟའི་བསྟན་དཀྲུག་ཕུང་ཕྲུག་འདི་ཚོ། །
ན་རཀ་དམྱལ་བའི་གཏིང་རྡོ་མིན་ནམ། །

པ་ཕ་ཨ་མའི་ཡ་རབས་གཤིས་བཟང་། །
ཕ་མེས་བཞག་པའི་བཅུ་ཕྲག་རིག་པ། །
བ་ཚྭ་སྙོགས་ལྟར་ནང་འཁྲུག་གཞི་མ། །
མ་ལུས་འགྲོ་བའི་སྐྱབས་མགོན་སྲིད་དམ། །

ཙ་ར་མ་གཅོད་ཀུན་བདེའི་རྗེས་འདྲོངས། །
ཚ་རླུང་མ་མྱོང་སི་ཏུའི་གཅེས་ཕྲུག །
ཛ་ཡའི་བསྟན་པའི་སྲོག་ཤིང་མ་མཐོང་། །
ཝ་མོ་སེང་ལྤགས་གྱོན་སྤྲུལ་མིན་ནམ། །

ཞྭ་ནག་དོན་དུ་བླ་ནག་འཁྲུག་པ། །
ཟ་འདོད་རྒྱུ་རྫས་དཀོར་ནོར་ཐོབ་ཤོར། །
འ་ཅག་མཐོང་བ་མངོན་སུམ་སྙོམས་མེད། །
ཡ་རབ་ཟེར་ན་རང་སྐྱོན་མིན་ནམ། །

ར་བའི་འབྲས་ལྗོངས་བཤད་སྒྲུབ་སྟོང་པ། །
ལ་རྒྱ་དག་མ་དཀོར་གཉེར་རྩོད་པ། །
ཤ་ཚ་མེད་པའི་ནང་མཆེད་སྤུན་གསོད། །
ས་སྐྱོང་བླ་མས་ངོས་ཟིན་ཡིན་ནམ། །

ཧ་ཅང་ཐལ་བའི་ཐོ་ཅོའི་སྤྱོད་པ། །
ཨ་མཚར་རྩེད་མོ་བག་མེད་འུད་གོག །
ཧ་ཅང་ནོར་ཡང་རང་སྐྱོན་མི་སེམས། །
ཨ་ལགས་དག་མའི་སྤྲུལ་སྐུ་ལགས་སམ། །

༢༠༠༩ ༡ ༡ ཤྲྰིས།། །།

0 comments:

ཟིན་བྲིས་འཚོལ་ཡུལ