དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Monday, 2 May 2011
༄༅། །དཔལ་ལྡན་དུས་འཁོར་བརྒྱུད་འདེབས་དེ་ཉིད་རབ་གསལ། །
ན་མོ་གུ་རུ་ཤྲྰི་ཀ་ལ་ཙཀྲ་ཡེ། །
དཔལ་ལྡན་དུས་འཁོར་ཟླ་བཟང་ལྷ་དབང་ཞབས། །
གཟི་བརྗིད་ཟླ་བྱིན་ལྷ་དབང་སྣ་ཚོགས་གཟུགས། །
ལྷ་ཡི་དབང་ལྡན་རིགས་ལྡན་འཇམ་དཔལ་གྲགས། །
པདྨ་དཀར་པོ་རྣམས་ལ་གསོལ་བ་འདེབས། །
འཇམ་དཔལ་སྤྲུལ་པས་རྗེས་བཟུང་ཙི་ལུ་པ། །
པིཎ་ཌོ་པ་དང་དུས་ཞབས་རྣམ་པ་གཉིས། །
འཇམ་དཔལ་གྲགས་པ་ས་མནྟ་ཤྲྰི། །
ལོ་ཆེན་ཆོས་རབ་རྣམས་ལ་གསོལ་བ་འདེབས། །
ཡེ་ཤེས་སེངྒེ་འབུམ་སེང་སྒ་ལོ་ཆེ། །
ཤེས་རབ་སེངྒེ་རྡོ་རྗེ་རྒྱལ་མཚན་དཔལ། །
རྩོད་དུས་ཀུན་མཁྱེན་གཉིས་པ་རིན་ཆེན་གྲུབ། །
ཆོས་ཀྱི་དཔལ་བ་རྣམས་ལ་གསོལ་བ་འདེབས། །
རིན་ཆེན་དཔལ་དང་མཁས་གྲུབ་ཙནྡྲ་ཤྲྰི། །
ཚུལ་ཁྲིམས་རྒྱལ་མཚན་མཁྱེན་རབ་ཆོས་ཀྱི་རྗེ། །
རིན་ཆེན་རྒྱལ་པོ་དོན་གྲུབ་རྒྱལ་མཚན་དང་། །
བཀྲ་ཤིས་རྒྱལ་མཚན་རྣམས་ལ་གསོལ་བ་འདེབས། །
དཀོན་མཆོག་རྒྱལ་མཚན་བསོད་ནམས་མཆོག་གྲུབ་དཔལ། །
རིན་ཆེན་ཆོས་ལེགས་བསོད་ནམས་རྒྱ་མཚོའི་སྡེ། །
འཇམ་དཔལ་མཁྱེན་རབ་རིན་ཆེན་བསྟན་དར་དང་། །
བསྟན་འཛིན་ཕྲིན་ལས་རྣམས་ལ་གསོལ་བ་འདེབས། །
རྡོ་རྗེ་འཛིན་དབང་ཡེ་ཤེས་དཔལ་འབྱོར་དང་། །
བློ་གསལ་བསྟན་སྐྱོང་འཇམ་དབྱངས་མཁྱེན་བརྩེའི་ཞབས། །
པདྨ་དྲག་གླིང་བློ་གྲོས་མཐའ་ཡས་དང་། །
ཡོན་ཏན་རྒྱ་མཚོ་རྣམས་ལ་གསོལ་བ་འདེབས། །
ཐུབ་བསྟན་ཆོས་འཕེལ་འཇིགས་མེད་ཕུན་ཚོགས་དཔལ། །
འཇིགས་མེད་རྣམ་རྒྱལ་པདྨ་ཚེ་དབང་སོགས། །
ལམ་འདིའི་བཀའ་དྲིན་དངོས་སུ་འདོམས་མཁས་པའི། །
རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །
ཕྱི་རོལ་འཇིག་རྟེན་ཁམས་ཀྱི་མཚན་ཉིད་དང་། །
ནང་ལྟར་རྡོ་རྗེ་ལུས་ཀྱི་ངེས་གསང་རྟོགས། །
གཞན་དུ་སྨིན་གྲོལ་ཟབ་མོའི་ཐབས་མཁས་ལ། །
བརྟེན་ནས་དངོས་གྲུབ་རྣམ་གཉིས་མྱུར་ཐོབ་ཤོག །
མཐའ་ཡས་རྒྱུད་སྡེ་ཀུན་གྱི་རྡོ་རྗེའི་ཚིག །
ཡོངས་སུ་འབྱེད་ལ་མཚུངས་པ་གཞན་མེད་པའི། །
དཔལ་ལྡན་དུས་འཁོར་བཤད་སྒྲུབ་སྣང་བ་ཡིས། །
འཇིག་རྟེན་གསུམ་ན་རྟག་ཏུ་ཁྱབ་གྱུར་ཅིག །༢༠༠༨ ༨ ༨ པད་གླིང་དུས་འཁོར་གཏེར་མའི་བརྒྱུད་འདེབས་སུ་དཔལ་དགྱེས་པ་རྡོ་རྗེས་སྨོན་པ་ཤྲྰི་སརྦ་བི་ཛ་ཡནྟུ།། །།

Subscribe to:
Post Comments (Atom)
0 comments:
Post a Comment