དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday, 2 May 2011
༄༅། །རིག་འཛིན་དགོངས་བརྒྱུད་སྙིང་པོ་ཆིག་དྲིལ་ལས་ཐུགས་ཐིག་ཡང་ཟབ་ཕུར་བའི་བརྒྱུད་འདེབས་དངོས་གྲུབ་མྱུར་འཇུག་ཅེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ས་ཏྭ་ཡ། །
རིགས་ཀུན་ཁྱབ་བདག་ཀུན་བཟང་རྡོ་རྗེ་ཆོས། །
མཚོ་སྐྱེས་རྡོ་རྗེ་འབངས་གྲོགས་མཆོག་དང་། །
ཁྱད་པར་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ། །
གསོལ་བ་འདེབས་སོ་དམ་ཆོས་བར་ཆད་སོལ། །
ཡེ་ཤེས་མཚོ་རྒྱལ་དང་ཤྰཀྱ་དེ་ཝ་དང་། །
དུམ་རྒྱ་ཞིང་ཁྲོམ་ཧྰུྃ་ནག་མེ་འབར་དང་། །
པདྨ་དྲག་གླིང་ཡིད་བཞིན་ནོར་བུ་ལ། །
གསོལ་བ་འདེབས་སོ་དམ་ཆོས་བར་ཆད་སོལ། །
སྣང་སྲིད་དབང་བསྒྱུར་ཁྲོ་རྒྱལ་ཀུ་མྰ་ར། །
ཁྲོ་བཅུ་ཡབ་ཡུམ་ཟ་གསོད་སྒོ་མ་བཞི། །
ཕུར་སྲུང་བཅུ་དྲུག་དབང་ཕྱུག་ཉེར་བརྒྱད་ལ། །
གསོལ་བ་འདེབས་སོ་དམ་ཆོས་བར་ཆད་སོལ། །
ཕྱི་དཀྱིལ་མཚན་མ་རྫས་ཀྱི་ཕུར་ཤར། །
ནང་དཀྱིལ་རྩ་རླུང་ལྷ་ཡི་རྣམ་པར་དག །
གསང་དཀྱིལ་བྱང་སེམས་ཐིག་ལེའི་རྩལ་རྫོགས་ནས། །
ཡང་གསང་དོན་རྟོགས་འགྲོ་ཀུན་སྨིན་གྲོལ་ཤོག །
ཅེས་པའང་རབ་རྒྱན་ས་བྱིའི་ཟླ་༨་ཚེས་༢༥་འམ་སྤྱི་ལོ་༢༠༠༩ ༡༠༢༣དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་བཟང་ཉིན་མདོ་མཁྱེན་བརྩེའི་ཡང་སྤྲུལ་༧འཇམ་དཔལ་ཆོས་ཀྱི་རྒྱལ་མཚན་དང་ཨ་ཁུ་འཇམ་དཔལ་བཟང་པོ། ཨ་ནེ་ཡེ་ཤེས་ཆོས་སྒྲོན་དང་གསེར་མདོག་གི་ལྕང་ལོ་ཤིན་ཏུ་མཛེས་པའི་ཕྱི་གླིང་པ་སོགས་མཆེད་གྲོགས་དུ་མས་ཡང་ཡང་བསྐུལ་བའི་ངོར་སྟོབས་འབྱོར་གྱི་རྒྱལ་ཁབ་དབྱིན་ལན་གྱི་ཤར་ཕྱོགས། བྷོ་དྷི་ཙིཏྟའི་རི་རྩེ། སྣ་ཚོགས་ལྗོན་ཤིང་གི་གཡུ་ལོས་རབ་ཏུ་གཏམས་པའི་དགའ་ཚལ། བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་ཡང་ཟབ་རྡོ་རྗེ་ཕུར་བུའི་བརྒྱུད་གསུམ་བླ་མ་རྣམས་ལ་གསོལ་བ་འདེབས་པ་ཤྲྰི་སརྦ་བི་ཛ་ཡནྟུ། །

0 comments:

ཟིན་བྲིས་འཚོལ་ཡུལ