དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday, 2 May 2011
༄༅། །རྗེས་དྲན་དགའ་སྐྱོའི་རྣམ་རྟོག །
ཤར་ཕྱོགས་ལྷ་རིའི་རྩེ་ནས། །
དཀར་གསལ་དུང་ཟླ་ཤར་བྱུང་། །
འབུམ་པ་ཞལ་དཀར་ལྟ་བུའི། །
སྙིང་གྲོགས་སྙིང་ནས་དྲན་བྱུང་། །

བྱང་ཕྱོགས་ལྷག་ལྷའི་གྲོང་ནས། །
དམར་སེར་གློག་ཕྲེང་འཆར་དུས། །
འཇིག་རྟེན་འཁྲུལ་བའི་སྣང་བས། །
སེམས་ལ་ན་ཟུག་བསྐྱེད་སོང་། །

ནུབ་ཕྱོགས་རྒྱ་མཚོའི་ནང་ལ། །
ཟླ་གཟུགས་མ་ལུས་ཤར་འདུག །
ཆོས་སྲིད་བརྟག་དཔྱད་རི་མོ། །
ཡིད་ལ་ཡང་ཡང་འཁོར་བྱུང་། །

ལྷོ་ཕྱོགས་སྐྱེད་ཚལ་ཁྲོད་ནས། །
རྫ་ཆབ་སིལ་སྙན་ཐོས་བྱུང་། །
དམ་ཆོས་ཏིང་འཛིན་སྣང་བས་། །
སེམས་ལ་དགའ་བདེ་སྐྱེས་སོང་། །

སྟེང་ཕྱོགས་ནམ་མཁའི་དབྱིངས་ནས། །
སྐར་ཚོགས་གཟི་འོད་ལམ་ལམ། །
བླ་རུང་ཆོས་ཀྱི་གྲོང་ཁྱེར། །
ཡིད་ལ་ཡང་ཡང་འཁོར་བྱུང་། །

དབང་ཕྱོགས་ཀུན་གསལ་ནང་ནས། །
སྤྲིན་དཀར་སྣ་ཚོགས་མཐོང་བས་། །
དྲིན་ཆེན་ཡིད་བཞིན་ནོར་བུ། །
སྙིང་གི་དཀྱིལ་ནས་དྲན་བྱུང་། །

གྲང་རླུང་བསིལ་བསིལ་བྱུང་བས། །
ཕ་ཡུལ་གངས་ལྗོངས་དྲན་བྱུང་། །
མགོན་མེད་དྭ་ཕྲུག་བསམ་ནས། །
མིག་ཆུ་དབང་མེད་ཤོར་སོང་། །

ཞེས་པ་ངག་བཅད་ཀྱང་ཡིད་མ་ཆོད་པའི་ཤྲྰི་སྨྱོན་པས་བུདྡྷ་ཛྙྰ་ནའི་གླིང་ཁའི་མཛེས་ལྗོངས་ནས་སྲོད་འཁོར་སྐབས་སུ་ཅི་དྲན་དུ་བྲིས་པ་དགེའོ། །༢༠༠༩ ༦ ༦
ཆོས་དང་འགལ་བའི་ཉེས་པ་ཅི་མཆིས་ཆོས་སྤྱན་ལྡན་པའི་སྤྱན་སྔར་བཤགས། །
ཆོས་མཆེད་གྲོགས་པོར་ཆོས་རྩོད་མ་ཡིན་ཆོས་སྙིང་བརྩོན་པའི་བསྐུལ་འདེབས་ཡིན། །
ཆོས་དོན་མ་ཤེས་ཆོས་བཤད་མ་ཡིན་ཆོས་དོན་མཐུན་པའི་སྙིང་གཏམ་ཉིད། །
ཆོས་ཀྱི་སྙིང་པོ་ཆོས་བཞིན་སྤྱོད་པས་ཆོས་སྐུའི་རྒྱལ་སར་མྱུར་ཐོབ་ཤོག །

བུདྡྷ་ཛྙྰ་ནའི་རང་ལུགས་པ་ཤྲྰི་ཨ་ནནྟ་བཛྲས་གུས་ཕུལ། །

0 comments:

ཟིན་བྲིས་འཚོལ་ཡུལ